རྨ་འགྲམ་བརྒྱུད་པའི་གཞས།

  རྨ་ཀླུང་དལ་བ་རང་མོ་སྒེག་པའི་གར་སྟབས་ཀྱིས་བཞུད་འགྲོ་བའི་གཡས་གཡོན་ན་ལྷ་ཀླུ་མཐུ་བོ་ཆེ་དག་ཀྱང་རང་གཟུགས་ངོམ་པར་དོགས་མ་བདེ་པར་རང་གི་ནུས་ཚོད་ཀྱིས་འབྲི་ཤུག་དང་གསོམ་སྡོང་། ལྕང་མ། གླང་མ། སྟག་པ་སོགས་བགྲང་ངལ་བའི་སྐྱེ་དངོས་སྣ་ཚོགས་ཀྱི་རྩལ་ལ་འཕོས་ནས་ཁོ་མོའི་མཛེས་པའི་དཔལ་ལ་ལོངས་སུ་སྤྱོད་པར་གདའ། ལྷ་དང་ཀླུ་མོས་ངའོ་སྙམ་ཁེངས་སེམས་ཀྱིས་མིག་ལ་སྡུག་པའི་མེ་ཏོག་ཏུ་སྤྲུལ་ནས་ཧ་ཅང་མཐོ་བའི་རི་རྩེར་འཛེགས་འདུག ཡིན་ནའང་བྱེའུ་ཆུང་འཇོལ་མོ། ལྷ་བྱ་ཁུ་བྱུག སྐྱ་ཀ་ཁྲ་མོ་སོགས་ཀྱིས་མཐོངས་ཡངས་པའི་རྩྭ་ཐང་དང་བརྗིད་ཆགས་པའི་རྫ་རི། ཉམས་དགའ་བའི་སྐྱེད་མོའི་ཚལ་དག་བསྐྱུར་ཏེ་འདིར་འཛོམས་ནས་ཁྱོད་རང་རྒྱལ་ལོ་ཞེས་རྨ་ཀླུང་སྒེག་མོར་ནམ་ཡང་སྟོད་གླུ་ལེན།
  ང་ཡང་ད་ཐེངས་དགུན་ཁའི་ཁོམ་གསེང་ལ་ཁོ་མོར་སྟོད་པའི་ལག་སྐྱེས་ཤིག་འབུལ་བར་ཕྱིན་པ་ཡིན། དེ་དུས་ཁོ་མོ་གུར་དཀར་སྟོང་ཤོང་མའི་ནང་དུ་སེམས་ཁོང་དུ་ཆུད་དེ་རང་ཉིད་ལ་ལྡབ་ལྡིབ་ཀྱིས་སྡུག་གཏམ་བྱེད་བཞིན་པ་ཕྱི་བལྟས་ཙམ་གྱིས་ཤེས་སོང་། ལམ་ཁར་རོགས་པ་དག་གིས་ལབ་རྒྱུར་ད་སྐབས་རྨ་འགྲམ་གྱི་ཁྱིམ་ཚང་འདི་ཚོས་མགོ་རུམ་ལ་ཆུད་ཀྱིན་མེད། རྨ་ཆུའི་སྒོར་མོ་སྦྱིན་པས། དམའ་ཤོས་ནི་ཁྲི་ཉི་ཤུ་སུམ་ཅུ། མང་པོ་ཅན་དག་ལ་ཁྲི་བརྒྱད་ཅུ་དགུ་བཅུ་དེ་ལས་ཀྱང་མང་བ་ཁྲི་བརྒྱ་ཉིས་བརྒྱ་རེད། ད་ནི་ཁྱིམ་ཚང་རེད་ལ་རླངས་འཁོར་རེ་འདུག་ཟེར། དེ་ནས་ངས་ཀྱང་སྒྲ་སྤྱི་ཙམ་སྔོན་སོང་བའི་རྨ་ཆུའི་སྒོར་མོ་ཟེར་བ་དེ་ལ་སེམས་བསམ་པས་གསེང་ལ་འཛུལ་བའི་གཅུས་གཟེར་ཞིག་བརྒྱབ།
  ཀྱེ་ཀྱེ་རང་སྡེའི་སྐབས་བབས་གནས་སྟངས་ཀྱི་འཕེལ་འགྲིབ་ལ་འབྲེལ་བ་དམ་དུ་ཟབ་པར་མ་ཟད་མ་འོངས་ཆག་འཇིག་ལའང་གཟུར་མེད་འོས་སུ་ཆེ་བའི་གཞི་རིམ་པ་ལགས། སྤྱིར་ན་དཔེ་དང་ངོ་བོ་རྒྱུ་གང་གི་ཐད་ནས་བསམ་ཡང་མི་ཚེ་ཟེར་བ་འདི་ཆར་ཤུལ་གྱི་འཇའ་ཚོན་བཞིན་གློར་གྱིས་ཡལ་ན། མཛའ་བཤེས་དང་མི་སྒེར་གང་ནས་ཀྱང་ཕངས་པ་སུ་ལ་མེད། ཡིན་ནའང་རང་ཉིད་ཀྱི་བག་མེད་སྤྱོད་པས་རང་གི་ཚེ་སྲོག་གི་མར་མེ་ལ་ཕུ་བཏབ་སྟེ་རིགས་གཅིག་ནང་མི་ལའང་རུ་སྣ་འདྲེན་པའི་འབོད་བརྡ་བྱས་ན་དཔའ་བ་ལ་ཡེ་ནས་མ་སྙམ། ཡང་ང་དང་ཁྱོད་ཀྱི་རིགས་འདི་འཚོ་སྡོད་སྙེག་མཁན་ཡིན་པ་ཁས་འཆེ་བྱ་མི་འོས་ཤིག་མིན་མོད། འོན་ཏེ་རྐུབ་སྟེགས་ཆུང་ཆུང་དེ་ནས་ལོ་དང་ཟླ་བས་ཕུད་ཅིང་འདིའི་ཆེད་དུའོ་སྙམ་པ་ཞིག་ཀྱང་དབེན་མོད། གཡས་གཟུར་གཡོན་གཡོལ་གྱིས་ཐབས་རེ་བཙལ་ན་ཧ་ཅང་འཇོན་པ་ལ་སུས་སྙམ་ཨང་།
  ཀྱེ་མི་ཚེའི་དཀའ་སྡུག་སྤྲོ་གསུམ་ལ་མྱོང་བ་ཐོབ་པའི་རྒན་རབས་པ་ལགས། འབངས་དཀྱུས་མ་ལས་རང་དུ་འཕགས་ཤིང་སྤྱི་ཚོགས་ཡར་རྒྱས་ལ་འགན་ཁུར་ཞིང་སྣེ་ཁྲིད་པའི་འགོ་ཁྲིད་ལས་སྣེ་བ་ལགས། མི་རིགས་རྐང་འཛིན་དུ་གྱུར་བའི་ཤེས་ལྡན་པ་རྣམ་པ། འཚོ་བ་སྤྱིར་བཏང་བའི་གནས་མལ་ཡང་དོག་དོག་དུ་ཡོད་པའི་རྨ་འགྲམ་གྱི་འབྲོག་ཁྱིམ་ཐར་ཐོར། འདས་སོང་སྔོན་མ་ཚོའི་ཤུགས་རྐྱེན་ཡིན་ནམ་ཡང་ན་ད་ལྟའི་ཆབ་སྲིད་པའི་གསང་ལམ་ཡིན། གང་ལྟར་ལས་སྣེ་འདེམ་སྐོ་ཙམ་ལའང་ཁ་ཡག་ཁོག་གྱོང་གིས་རང་གི་གཡས་གཡོན་ཁོ་ནར་མ་ལྟ། ལོ་ཆུང་ཚོའི་མིག་ལམ་ན་ཁྱོད་ཚོ་ཧ་ཅང་ཆེ་བས་ཁྱོད་ཚོའི་ཅི་བྱའི་རྣམ་པ་དེ་ང་ཚོའི་ན་གཞོན་ཚོའི་སེམས་ལ་རི་མོ་ཡིན། བོད་ཀྱི་དགེ་རྒན་ཆེན་མོ་ཕག་མོ་ཚེ་བརྟན་ལགས་ཀྱིས་རང་གི་བུ་ལ་གདམས་པ་ལས་"བོད་ཡིག་བཏོན་ནས་མདུན་ལམ་མེད་ཀྱང་རུང་། རྗེས་མ་རྒྱལ་ཁབ་ཀྱི་བྱ་བ་ཞིག་ལག་ཏུ་མ་རག་ཀྱང་ཆོག བོད་མི་རིགས་ལ་ཟ་རྒྱུ་ཡོད་ན་ང་དང་ངའི་བུ་ལ་ཡང་ཟ་རྒྱུ་འཐུང་རྒྱུ་ཡོད་རྒྱུ་རེད་འདོད་ལ། མེད་ན་ཚང་མར་མེད་སོང་ནི་རེད། ང་ལ་དེང་ཕྱིན་བསམ་འཆར་དང་བློ་འགྱོད་ཏོག་ཙམ་ཡང་མེད། གཙོ་བོ་ངའི་བུ་བོད་པ་གཙང་མ་ཞིག་ཏུ་གྱུར་ཚེ་ཁོ་བོ་དེ་ག་རང་ནས་བློ་ཁ་རྫོགས་པ་ཡིན་" ཞེས་པ་ནི་གཞི་རིམ་དུ་ས་བཅད་ནས་གནམ་ལ་འཕངས་ཀྱང་འགན་ཅི་ཡང་མེད་མདོག་དང་ཧ་ཅང་གྲུང་བོ་ཡིན་ཚུལ་གྱིས་དགུན་ཉལ་བྱེད་པའི་ལས་སྣེ་བ་དང་རྒྱུགས་ཆེན་དང་འཛིན་བྱང་ལ་སློབ་སྦྱོང་བྱེད་པའི་ཤེས་ལྡན་པའི་འབེན་ལ་མདའ་གཟུ་བོ་འཕངས་པ་མིན་ནམ། འཚོ་བ་ལྷོད་པོ་ཞིག་ལ་མཚོན་ན་དངུལ་སྒོར་ཁྲི་ཕྲག་འགའ་དགོས་མཁོ་ཆུང་བ་ཞིག་གཏན་ནས་མིན་མོད། མཇུག་འབྲས་ཅི་བྱུང་གི་མནོ་བསམ་དང་གྲོས་འཚོག བློ་འདྲི། ཐ་ན་ས་རྟགས་གསལ་བོ་ཙམ་ཡང་མེད་པ་ནི་རང་རེ་ལ་ཤ་ཚ་མཁན་མེད་པ་ཨེ་ཡིན། ཤེས་རིག་གིས་དབེན་སར་རྩྭ་ས་སྒེར་བགོ་དང་དངུལ་སྒོར་ཁྱིམ་ལ་བཞག་ན་དབྱེན་དཀྲུག་གི་ཐུར་མ་ཡིན་པ་མ་ཤེས་སམ། སྨད་སྡོད་པ་སྟོད་ལ་ཡོང་ནས་དེ་ནས་ཡང་དམའ་སར། ནམ་ཞིག་མཐོ་སར་ཡང་ར་བཞིན་ཡོང་ངེས། ད་ནི་ཁོ་བོ་ལ་རྒྱོབས་ཞེས་ལག་ཆ་བྱིན་ཡོད།

                                                      ༢༠༡༥ ༤ ༡༠ ལ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་འགྲམ་བརྒྱུད་པའི་གཞས།

2015-08-05 མདོ་བ་གཡུ་ལོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།