རྨོ་མོའི་ལོ་ཟླ།

མགོན་པོ་རྒྱལ།༼ རྔ་བ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-06-29

        སློབ་ཆུང་དང་དམའ་འབྲིང་གཉིས་རིམ་བཞིན་མཐར་ཕྱིན་ནས་ཕ་ཡུལ་དུ་ལོག་སྟེ་གཟའ་མི་ཚོ་དང་ལྷན་འཛོམས་བྱུང་།སྐབས་དེར་ཨ་ཕ་ས་གཞན་ཞིག་ཏུ་ཞོར་ལས་ལ་སོང་འདུག་ལ།རྨོ་མོའང་སྔོན་ཆད་དང་བསྡུར་ཐབས་མེད་པ་ཞིག་ཏུ་ཆགས་ཏེ།སྣང་ཚོད་དུ་མོ་ལྡབ་འགྱུར་གྱིས་རྒས་འདུག་པ་ལྟ་བུར་སྣང་།

དེའང་ལོ་བཞི་བཅུ་ལྷག་གི་ཡར་སྔོན་ཞིག་ལ།ངེད་ཚང་ནི་ནང་ན་མི་མེད་པ་དང་ཕྱི་ན་རྒྱུ་མེད་པ་ཞིག་ཡིན་འདུག  སྐབས་དེར་ཚེ་ལྷ་སྐྱིད་ཟེར་བའི་ཁྱོ་ག་མེད་པའི་བུད་མེད་ཞིག་དང་མོར་བུ་གསུམ་ཡོད།ཁོང་ཚོ་ནི་སྡེ་བ་ལས་ཆེས་ཐབས་སྡུག་ཤོས་དང་ཐ་ན་ས་ཕྱོགས་འདི་ནས་ཆེས་སྙིང་རྗེ་ཤོས་ཀྱི་ཁྱིམ་ཚང་གཅིག་པུ་དེ་ཡིན།ནམ་རྒྱུན་རྨོ་མོ་གཅིག་པུར་བརྟེན་བྲ་ཚག་ཐ་ཤལ་གྱི་བྱིས་པ་གསུམ་སྐྱོང་བ་ནི་ཧ་ལས་པ་དཀའ་བའི་ཁར།བར་སྐབས་ཤིག་ལ་ཁྱིམ་ཚང་གི་འཁོས་ཀྱིས་ཀྱང་ཐེགས་དཀའ་བར་གྱུར་ཏེ།རྨོ་མོ་དུས་རྒྱུན་ནང་སྔ་ལངས་དང་དགོང་འཕྱི་ཉལ་ངང་གཅེས་སུ་འོས་པའི་བུ་ཕྲུག་ཚོ་དང་རང་ཉིད་ཀྱི་ཆེད་ཤར་ལྷོ་ནུབ་བྱང་མེད་པར་གཡོག་ཏུ་བརྒྱུག་མྱོང་ལ།སྡེ་བ་གོང་འོག་བར་གསུམ་ཆོད་ཚད་ལ་ཟས་འཚོལ་དུའང་གྲངས་མེད་འདུར་དགོས་བྱུང་།སྐབས་རེར་རྨོ་མོར་རང་ཉིད་ཀྱི་དགའ་སྐྱོ་ཕྱི་རུ་འཕོ་སའི་སྙིང་ཉེ་ཞིག་མེད་པས་ཡིན་ནམ།དཀའ་སྡུག་གི་མི་ཚེའི་བྱ་བ་གྲོས་སུ་འདེབས་པའི་ཁྱོ་ག་ཞིག་ཀྱང་མ་ཡོད་སྟབས།ངོ་ཚ་མེད་པའི་སྡེ་བའི་ནང་གི་གསར་བུ་མགོ་སྟོང་རེས་རྨོ་མོའི་ལུས་སེམས་གཉིས་ཆར་རྨ་ཁ་མང་དུ་ཕབ་ཡོད་ཤ་སྟག་རེད་ལ།དྲང་མོར་བཤད་ན།སྙིང་རྗེ་བའི་བྱིས་པ་དེ་གསུམ་པོའི་ཨ་ཕ་ངོ་མ་བོ་རྨོ་མོ་མ་གཏོགས་གཞན་སུས་ཀྱང་ཞིབ་མོ་ཤེས་མེད་ལ།ཐ་ན་སྙིང་རྗེ་བའི་བྱིས་པ་གསུམ་པོས་ཀྱང་རང་རང་གི་ཕ་དེ་སུ་ཡིན་པ་ད་ལྟའང་ད་དུང་གསལ་བོ་ཤེས་ཀྱིན་མེད།

འདི་ལྟར་དཀའ་སྡུག་དང་མནར་གཅོད་གོ་རིམ་ཁྲོད་ནས་རྨོ་མོས་མུ་མཐུད་དུ་མི་ཡུལ་གྱི་སྡུག་བསྔལ་བཟོད་གླགས་བྲལ་བ་དེ་བསྲན་མ་གཏུབ་པ་དང་དང་།ཡང་ན་མུ་མཐུད་དུ་འདི་ལྟར་སོང་ན་སྙིང་ཉེ་བའི་བུ་ཕྲུག་ཚོའི་མཚར་ལོངས་ལ་གནོད་པའི་ཐེ་ཚོམ་ལ་མོ་རང་སྔ་མོ་ནས་ཚུད་སྟབས།ཉིན་ཞིག་ཕ་ཡུལ་དང་ཅུང་བར་ཐག་ཉེ་བའི་སར་ལོ་ངོ་དྲུག་བརྒྱ་ལྷག་གི་ཡར་སྔོན་ཞིག་ཏུ་རྗེ་ཚ་ཁོ་ངག་དབང་གྲགས་པས་ཕྱག་བཏབ་མཛད་པའི་རྔ་ཡུལ་གཡག་མགོ་དགོན་ཞེས་དགེ་ལུགས་པའི་དགོན་པ་ཆུང་ཆུང་ཞིག་ཡོད་པ་དེར་ཕྱིན།དགོན་པ་དེར་ཐོན་པ་ན།དགོན་པས་རྨོ་མོའི་སེམས་དོན་དང་སྡུག་བསྔལ་ཡོད་ཚད་རྟོགས་ཡོད་པ་ལྟར་ལྷིང་འཇགས་གེར་གནས་འདུག  ཅུང་ཙམ་འགོར་རྗེས་དགེ་བསྐོས་ཡོང་སྟེར་ “ཁྱོད་ཚོར་བྱ་བ་ག་རེ་ཡོད་" ཟེར་ཚར་མ་ཐག་ཁ་འདོན་ཞིག་ལ་རེམ།དག་དག་སྐབས་དེར་སྔོན་ཆད་དགེ་བསྐོས་མ་ཟད་བན་ཕྲུག་ཅིག་ལའང་རང་དགར་སྐད་ཆ་བཤད་མི་ཕོད་པའི་རྨོ་མོས།“བསླུ་མེད་དཀོན་མཆོག་གསུམ་དང་དྲིན་ཆེན་རྩ་བའི་བླ་མས་ཐུགས་རྗེས་ཅིག་གཟིགས་རོགས།ང་མི་མོ་ཁེར་འདུག་མ་འདིའི་མགོར་མ་ཡོང་བའི་བྱ་བ་གཅིག་ཀྱང་མེད།དེ་དག་ཐམས་ཅད་ང་རང་གི་སྐྱེ་བ་སྔོན་མར་བསགས་པའི་ལས་འབྲས་ཀྱི་ལ་ཡོགས་སྨིན་པ་རེད།ཡིན་ཡང་་་་་་་་་ཡིན་ཡང་།”ཟེར་བཞིན་རྨོ་མོས་སྐད་ཆ་བཤད་མཚམས་ཆད་དེ།བརྩེ་འདང་གི་ཟེགས་མ་འཁྱུག་པའི་འདྲེན་བྱེད་ཟུང་ལས་མིག་ཆུ་ཤུམ་ཤུམ་བཞུར་བཞིན་ད་དུང་ལག་པ་སྙིང་རྗེ་བའི་བྱིས་པ་གསུམ་པོར་ཀེར་འདུག  རྨོ་མོས་རང་ཉིད་དང་གཅེས་སུ་འོས་པའི་བུ་ཕྲུག་གསུམ་པོའི་ལས་དབང་དང་གནས་བབ་སྐད་ཆས་བརྗོད་ཐབས་བྲལ་ཏེ་མིག་ཆུ་དང་འདྲེས་ནས་ཡོད་ཚད་དགེ་བསྐོས་ལ་མཐོང་དུ་འཇུག་འདུག་མོད།དེ་ནི་སྲིད་པ་ཞིག་ཞིག་མིན་པས་རྨོ་མོས་ཡང་བསྐྱར་བུ་ཕྲུག་ཚོའི་མགོར་བྱིལ་བྱིལ་འགའ་བྱེད་བཞིན།“དགེ་བསྐོས་རིན་པ་ཆེ།ང་ལ་རེ་བ་ཞིག་ཡོད”ཞེས་པུས་མོ་སར་བཙུགས་ཏེ་ངུས་བྱུང་།དགེ་བསྐོས་ཧ་ལས་པ་ཡིན་ནམ་འཇིག་རྟེན་ཁྱིམ་པ་དང་འབྲེལ་འདྲིས་ཞན་པས་ཡིན།ལྷག་ཏུ་ཁོའི་སྔུན་ནས་བུད་མེད་ཅིག་གིས་འདི་འདྲའི་ནན་ཏན་ངང་ཞུ་བ་དང་སྡུག་བསྔལ་བཤད་པའང་ཐོག་མར་ཡིན་པས།དགེ་བསྐོས་ཅི་བྱ་གཏོལ་བྲལ་ངང་རྨོ་མོ་ངུ་མཚམས་འཇོག་རག་བར་དུ་སྒུག་པ་ལས་ཐབས་གཞན་མ་བྱུང་།རྨོ་མོ་མུ་མཐུད་དུ་ངུས་བ་ལས་བྱ་བ་ཐག་གཅོད་མི་ཡོང་བ་མ་ཟད།མོའི་འཁྲིས་ཀྱི་བྱིས་པ་གསུམ་པོའང་རྨོ་མོའི་སེམས་རྟོགས་ཡོད་པ་བཞིན་གདོང་ལས་གཉེར་མ་བསྡུས་ཏེ་ངུ་བཞིན་འདུག་པས།རྨོ་མོ་མུ་མཐུད་དུ་ངུ་རག་མ་ཆོད་པར“དགེ་བསྐོས་ལགས།དེ་རིང་ངའི་བྱིས་པ་འདི་གསུམ་པོ་ཅིས་ཀྱང་གྲྭ་བ་བྱེད་དགོས་པས།ཁྱོད་ཚོས་སྙིང་རྗེ་ཆེན་པོས་ཁོང་གསུམ་པོ་བསྡུ་ལེན་བྱེད་རོགས”ཞེས་ཞུ་བ་བྱས་པར།དགེེ་བསྐོས་ཡ་མཚན་དང་བཅས“དེ་སླ་ཡི།ཁྱོད་དེ་འདྲ་ངུ་དོན་ཅི་ཡིན།བྱིས་པ་འདི་ཚོ་བལྟས་ཚོད་དུ་རྣམ་རིག་གྲུང་ཞིང་སྤྱོད་ལམ་ལེགས་པའི་ཁར་གྲྭ་བ་བྱེད་ཐུབ་སོང་ན་དེ་དོན་དག་ཡག་པོ་ཞིག་རེད།ཁྱོད་ངུས་ན་གང་ནས་འགྲིག   ད་དགའ་ན་རེད་ཡ”ཞེས་མི་འགྱངས་ཆོས་སྒོར་ཞུགས་མཁན་གྱི་བྱིས་པ་གསུམ་ལ་བལྟས།དེ་དུས་རྨོ་མོའི་སེམས་སུ་དགེ་བསྐོས་ལ་ཅི་ཁག  ཁོས་རྟོགས་སྲིད་དེ།རང་གིས་བརྒྱུད་མྱོང་བའི་དཀའ་སྡུག་གི་ལམ་བུ་དང་།ལྷག་ཏུ་མིག་སྔུན་གྱི་བྱིས་པ་གསུམ་པོའི་ལས་དབང་དེ་བས་ཀྱང་རྟོགས་མི་སྲིད་པ་ཚོར་ཏེ་བཙན་གྱིས་གདོང་ལས་འཛུམ་མདངས་ཞིག་སྟོན་བཞིན“ད་ང་དགའ་ན་འགྲིག་གི”ཧ་ཅང་བབ་ཆགས་ཀྱི་སྐད་ཆ་ཞིག་ལས་མོའི་ངག་སྒོ་གང་ཞིག་གིས་བཅད་པ་ལྟར་ཅི་ཡང་ཤོད་མ་སོང་།ཉིན་དེ་ནས་བཟུང་རྨོ་མའི་སྙིང་ལྟར་གཅེས་ཤིང་མིག་ལྟར་བརྩེ་བའི་བུ་ཕྲུག་ཚོའང་གྲྭ་བ་བྱེད་ཐུབ་པ་ནས།རྨོ་མོའི་རྣམ་ཤེས་ཀྱང་ཉིན་མཚན་དུས་དྲུག་ཏུ་ཁོང་ཚོ་དང་མཉམ་འགྲོ་མཉམ་འདུག་བྱེད་དགོས་བྱུང་ལ།སྐབས་དེ་ནས་བཟུང་རྨོ་མོར་ཡུལ་ཞེས་ངེས་གཏན་གྱི་འཁོར་ས་ཞིག་དང་ཁྱིམ་ཞེས་གཏན་འཁེལ་གྱི་ཆགས་ས་ཞིག་ཀྱང་མེད་པར།གང་ནས་བྱིས་པ་ཚོ་དང་བར་ཐག་ཉེ་ན་དེ་ནི་རྨོ་མོའི་ཡུལ་ཡིན་ལ།གང་ཞིག་ནས་བྱིས་པ་ཚོ་མཐོང་ཐུབ་ན་དེ་ནི་རྨོ་མོའི་ཁྱིམ་ངོ་མར་གྱུར།

འདི་ལྟར་བྱིས་པ་ཚོ་གྲྭ་བ་བྱས་པའི་ཉིན་དང་པོ་ནས་བཟུང་།རྨོ་མོ་རྫ་ཁའི་རི་དྭགས་ཞིག་དང་འདྲ་བར་དགོན་པའི་སྐོར་མཐའ་ནས་སྤྲང་བོའི་འཚོ་བར་ཞུགས་ཀྱང་སེམས་སུ་རང་ཉིད་ནི་ཆེས་སྐྱིད་པོ་ཞིག་རེད་སྙམ་བཞིན།སྐབས་རེར་དགོན་པའི་སྐོར་ལམ་ནས་བོང་བུ་ཚོ་དང་མཉམ་དུ་གཏོར་མ་ཟོས་ལ།ལན་རེར་ལས་ཡག་པས་གྲྭ་བ་ཚོས་འཐུང་འཕྲོར་ལྷག་པའི་ཚོགས་ཐུག་ཀྱང་ཉུང་ཙམ་རེ་ལག་སོན་བྱུང་།དེ་ལྟར་དུས་ཚོད་ནི་མདའ་མོ་སྟོངས་ལས་ཤོར་བ་བཞིན་ཉིན་ནས་ཞག་དང་ཞག་ནས་ཟླ།ཟླ་ནས་ལོ་དེད་དེ་མི་ལོ་ཉི་ཤུ་ལྷག་རྨོ་མོའི་སེམས་དང་ལག་པའི་མཐིལ་ནས་འདས་ཏེ།མོས་ཡུན་རིང་མིག་གིས་འཚོས་འཚོས་དང་སེམས་ཀྱིས་དྲན་དྲན་ལ་ཡོད་པའི་བྱིས་པ་གསུམ་པོའང།བྱེའུ་ཚང་ལས་གཤོག་རྩལ་དང་སྦྲ་ནག་ལས་གཉོམ་ལག་ཞེས་པ་ལྟར་ཁོ་ཚོའང་གཞི་ནས་ལག་ཆགས་འདུག  མ་གཞི་རྨོ་མོར་མཚོན་ན་ལས་དབང་ནི་དུས་གཏན་མོ་དང་ཕྱོགས་གང་ཐད་ནས་འགལ་འདུའི་གང་བས།སྙིང་རྗེ་བའི་རྨོ་མོའི་མགོར་ཡང་བསྐྱར་བཀྲ་མི་ཤེས་པའི་དོན་དག་རེ་ཚེར་མ་ལུས་ལ་ཟུག་པ་བཞིན་མོའི་སེམས་དང་བསམ་པར་གཟུག་པའི་སྟ་གོན་བྱེད་བཞིན་པ་མོས་ཤེས་ཡོད་པ་ཕར་ཞོག   སེམས་ལའང་ཤར་མ་མྱོང་།

དབྱར་ཟླ་དྲུག་པའི་ཕ་ཡུལ་ནི་གནམ་ལ་བསྐོར་བའི་ཅོག་ཙེ་ཞིག་དང་འདྲ་ལ།སྔོ་བསངས་ནམ་མཁའ་ནི་དེའི་སྟེང་དུ་ཁ་སྦུབས་སུ་བཞག་ཡོད་པའི་སླ་ང་ཞིག་དང་ཨ་ན་མ་ན་རེད།ད་དུང་ལུང་མཐིལ་ན་ཁ་བཏགས་རླུང་གིས་བསྐྱོད་པ་ལྟར་དལ་གྱིས་བཞུར་བཞིན་པའི་ཆུ་ནི་རྨོ་མོའི་སེམས་ལ་ཧ་ཅང་ཡི་གར་འོངས་བའི་ཉིན་ཞིག  རྨོ་མོ་སྔོ་ལྗང་གོས་གདན་ཐང་ལ་བཀབ་འདྲའི་ཞིང་ནང་དུ་གཡོགས་ལས་ལ་བྲེལ་བཞིན་འདུག་ཅིང་མོའི་ངོ་གདོང་ལས་རྔུལ་ནག་གི་ཐིགས་པ་འགའ་དཔྲལ་བ་ནས་མིག་ལ་འདྲེས་སྟབས།མོས་རེ་ཞིག་ངལ་ཙམ་གསོ་བཞིན་མིག་ཟུང་དག་ཕར་ཕུར་བྱེད་པའི་སྒང་དེར།དག་དག་རྨོ་མོ་དང་ཐག་མི་རིང་བའི་སར་ཧ་ཅང་རྒྱུས་ཡོད་ཀྱི་མི་ཞིག་གི་ངོ་གདོང་སྐྱ་བོར་གྱུར་ཞིང་རྒྱུད་པ་ལྷེམ་ལྷེམ་འདར་བཞིན་ཡར་ལངས་ཏེ་རྨོ་མོར་ཅེར་འདུག   དེ་དུས་རྨོ་མོས་གློ་བུར་དུ་གང་ཞིག་རྟོགས་པ་དང་འདྲ་བར“སྐྱག་ཕྲུག་་་་ཨ་སྐྱག་ཕྲུག  ཁྱོད་མི་མིན་འདྲེ་མི་ཞིག་ཏུ་གྱུར་སོང་བ་ཅིས་རེད།ཚེ་ངན་བསོད་ཟད་པོ”ཟེར་བཞིན་བརྒྱུགས་ཐེངས་གཅིག་གིས་མོའི་མདུན་དུ་ལངས་ཡོད་པའི་མི་དེར་ནུས་ཤུགས་ཡོད་རྒུས་འཐམ་སྟེ་མགོ་ལུས་མེད་པར་ཁུ་ཚུར་གཞུས་ཏེ།ཁོའི་ཤིན་ཏུ་ཆེ་བའི་སྣ་མདོ་ལས་ཁྲག་དམར་འཛར་འཛར་དུ་རྨོ་མོའི་ལག་མགོར་ཟགས་པ་ན།མོའི་དེ་སྔོན་གྱི་རྣམ་འགྱུར་གློ་བུར་ངང་ནམ་མཁའི་འཇའ་ཚོན་ཡལ་བ་བཞིན་མེད་པར་སོང་སྟེ་ཧ་ཅང་འདར་བའི་ངག་ནས“གཅེས་ཕྲུག  ཨ་མའི་གཅེས་ཕྲུག  ཁྱོད་ལ་སྐྱོན་བྱས་སོང་ངམ”ཞེས་མིག་ལས་མཆི་མ་ཤོར་བཞིན་རང་གི་བུ་ཆུང་ལ་དམ་དུ་འཁྱུད།བུ་ཆུང་ཨ་མའི་སྐད་ཆས་ཡོངས་སུ་འབར་ཚར་བའི་སྒྲོན་མེ་ཞིག་དང་འདྲ་བ་ལྟ་བུར་བཟོས་ཏེ།“ཨ་མ་དགོངས་པ་མ་ཚོམ།ང་སླད་སོང་བས་ཡིན།ངེད་སྤུན་གསུམ་གྲོས་བྱས་ཏེ་ཅིས་ཀྱང་མི་གཅིག་ཨ་མའི་དྲུང་དུ་འགྲོ་བར་དམ་བཅས་པས།དོན་དེ་ངའི་མགོར་ལྷུང་སོང་།ཡིན་ཡང་ཨ་མ་ཁྱོད་ཀྱིས་སེམས་སྡུག་དེ་འདྲ་མ་བྱེད་དང་།ངས་གཏན་ནས་ཁྱོད་ལ་རེ་བ་སྟོང་ཟད་དུ་མི་གཏོང་ཁོ་ཐག་ཡིན”ཞེས་བཤད་མཚམས་འདིར་ཐོན་དུས།རྨོ་མོས་མུ་མཐུད་དུ་རང་གི་བུའི་སེམས་གཏམ་དག་ལ་ཉན་འདོད་ཤིན་ཏུ་ཆེ་མོད།གཤེད་མ་སུ་ཞིག་གིས་བར་ཆད་བྱེད་ཀྱིན་པ་ལྟར་རྨོ་མོས་བུ་ཡི་སྐད་ཆ་རེ་རེ་ལས་སེམས་ཀྱི་བཀའ་རྒྱ་གཏོར་ཞིང་ཆུ་བུར་གྱི་རྒྱ་མཚོ་འཁྲིགས་པས།མོ་ཅི་ལྟར་སྲན་ཀྱང་སྲོན་མ་ཚུགས་པར་སྐད་ཤུགས་ཆེན་པོའི་ངང་ངུས་ཏེ་རང་གི་བུ་ཆུང་གི་པང་དུ་འཐམ་སྟེ་མ་བུ་གཉིས་ཡུན་རིང་ཁ་མ་ཐུག་པའི་མཛའ་གྲོགས་ཟུང་ཞིག་དང་འདྲ་བར་གཅིག་གིས་གཅིག་ལ་དམ་དུ་འཁྱུད་དེ།ཞིང་ཚིགས་ཁ་ནས་གནམ་སྔོན་པོ་དང་ས་དོག་མོས་རིག་ས་ཞིག་ནས་མུ་མཐུད་དུ་ངུས།

དེ་རིང་ནི་རྨོ་མོར་མཚོན་ན་ཧ་ཅང་གི་གོད་ཆག་ཆེ་བའི་ཉིན་མོ་ཞིག་ཏུ་བརྩི་ཆོག་ཆོག་ཡིན་ཡང་།བལྟས་ཚོད་དུ་སྡུག་ཉམས་ཤིག་ངང་གིས་དོད་འདུག་ཀྱང་།མོའི་སེམས་ཧ་ཅང་དགའ་ཡི་ཡོད་པ་འདྲ།ས་རུབ་ཁར་རྨོ་མོས་རང་གི་བུ་ཆུང་གི་ལག་པར་འཇུས་ཏེ་སྡེ་འདབས་བརྒྱུད་ཡུལ་ལ་ལོག  མཚམས་རེར་རྨོ་མོས་ཚིག་མེད་པའི་གླུ་ད་མ་དིར་ཞིག་སྣ་སྒྲ་ལས་ཐོན་ལ།སྐབས་རེར་མགོ་རྔ་མེད་པའི་སྲིད་པ་ཆགས་གླུ་རེའང་ངག་ལས་འབྱིན་པ་ཐོས།དེ་ལྟར་ལེའུ་བར་གཅིག་གཉིས་ཙམ་གྱིས་ཆོད་པའི་ལམ་ཐག་རྨོ་མོའི་སེམས་སུ་གོམ་གང་སྤོས་པ་ལས་ཚར་སོང་བ་ལྟར་ཤིན་ཏུ་ཐུང་སྣང་སྐྱེས།འདི་ལྟར་སོང་ན་དོ་དགོང་ནི་རྨོ་མོར་མཚོན་ན་ཧ་ཅང་སྐྱིད་པའི་མཚན་གཞུང་ཞིག་ཏུ་རློམ་ཆོག  རྒྱུ་མཚན་རྨོ་མོ་ཡུན་རིང་རང་གི་བུ་ཞིག་དང་ལྷན་དུ་བསྡད་མྱོང་མེད་ལ།ལྷག་ཏུ་སྔོན་ཆད་ཁོ་ཚོའིདཔེ་ཀློག་སྐྱོར་སྦྱོང་ལ་གནོད་པར་དོགས་ཏེ་རྨོ་མོ་ཁོང་ཚོར་ནམ་ཡང་ཐུག་ཆོག་ཆོག་ཡིན་ཀྱང་མོ་རང་མ་ཐུག་པར།ཁོ་ཚོས་མི་ཚོར་ས་ཞིག་ནས་རང་གི་བུ་གསུམ་པོར་སོ་སྲུང་བ་བཞིན་བལྟས་བལྟས་ལ་བསྡད་དེ་དེ་རིང་བར་འགོར་ཞེས་བཤད་ཆོག   དེ་བས་ཀྱང་ཚབ་ཆེ་བ་ཞིག་ནི་རྨོ་མོར་མཚོན་ན་ཉིན་དཀར་མ་གཏོགས་མཚན་མོ་ནི་དམྱལ་བའི་ཡུལ་ལ་ལྷུང་བ་ལས་ཀྱང་སྡུག་བསྔལ་མང་པོ་མྱོང་དགོས་པ་རེད།གཞན་གྱིས་བཤད་པ་ལྟར་ན་ལོ་བཞི་བཅུའི་ཡར་སྔོན་གྱི་སྡེ་བའི་ལྷན་འཛོམས་ཤིག་གི་མཚན་མོར།རྨོ་མོ་གློ་བུར་དུ་སྡེ་བའི་ནང་གི་གསར་བུ་ཤུགས་ཆེན་སྟག་འདྲ་གཡག་འདྲ་བདུན་བརྒྱད་ཙམ་གྱིས་མཐའ་ནས་བསྐོར་ཏེ་རྐང་ལག་བཞི་བོ་སྐེ་རགས་ཀྱིས་དམ་པོར་བསྡམས་ཏེར་འགྲོ་འདུག་བྱེད་པ་ཕར་ཞོག་ཐ་ན་གང་འདོད་དུ་དབུགས་ཀྱང་དབྱུང་དཀའ་བའི་ཚོད་དུ་བསྐྱལ།འདོད་ཆགས་ཀྱིས་སྨྱོ་ལ་ཁད་དང་གདུག་རྩུབ་ཆེ་བའི་མི་ཕོ་བདུན་ཙམ་གྱིས་མཚན་གཞུང་ཧྲིལ་བོར་རྨོ་མོར་མགོ་ནས་འཐམས་པའམ་སྐེད་པ་ནས་འཇུ་བ་སོགས་སོགས་ངོ་ཚ་ཁྲེལ་མེད་ཀྱི་བྱ་སྤྱོད་འདྲ་མིན་སྣ་ཚོགས་ཀྱི་བགྱི་བ་སྤེལ་སྟབས།ཉམ་ཐག་གི་གནས་སུ་གྱར་བའི་རྨོ་མོ་ཉིན་གསུམ་ལྷག་གི་རིང་ས་དེར་གང་ཞིག་ལུས་ཡོད་པ་ལྟར་ལུས་ཀྱི་ན་ཚ་མ་བཟོད་པར་པར་མི་འདུག་ག་མེད་བྱུང་།ཐ་ན་མཚན་མོ་ཧྲིལ་བོ་གཅིག་གི་རིང་གང་འདོད་རྩེད་སྤྱད་དུ་གྱུར་བའི་རྨོ་མོའི་ལུས་ཟུངས་ཡད་ཚད་ཉམས་ཏེ་དྲེགས་ཀྱིས་ཁེབས་པའི་རྐང་སྣམ་དེའང་ཡར་འཐེན་པའི་ཤུགས་མེད་པར་གཅེར་བུར་ལུས།ཉིན་གཉིས་པའི་སྐྱེ་རེངས་དལ་གྱིས་ཤར་བ་ན།རྨོ་མོའི་མདུན་ཕྱོགས་ཀྱི་སྡེ་བ་ནི་གཉིད་མ་སད་ཀྱི་བྱིས་པ་ཞིག་དང་འདྲ་བར་ལ་ལས་དུད་ཁུང་ལས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་ཞིང་ལ་ལ་ད་དུང་དྲོ་སྐྱིད་ངང་ཁང་རྒན་རེའི་ཕུགས་གང་རུང་ལས་གཉིད་ལས་སད་མི་འདུག   རྨོ་མོ་ཡོད་ས་ནི་སྡེ་བའི་མདུན་ངོས་ཀྱི་ནགས་ཁྲོད་ཅིག་ཡིན་ཞིང་།ནམ་རྒྱུན་ནང་སྔ་ལངས་ངང་ལས་ཀར་འཇུག་པའི་བུ་མོ་ལོ་གཞོན་རྒྱབ་ལ་སླེ་བོ་ཐོགས་མཁན་མང་པོ་ཞིག་ས་འདིར་ལྕི་བ་འཚོལ་དུ་ཡོང་ལ།དེ་མིན་འདི་ནི་སྡེ་བའི་སྤྱོད་ཁང་ལྟ་བུ་ཡིན་པས་གོམ་པ་བཞི་ལྔ་རེའི་མཚམས་སུ་སྐྱག་པ་རེ་ཧ་ལམ་ཡོད་པས་གནས་འདིར་ཡོང་མཁན་ཉུང་ཉུང་མིན།ཡིན་ཡང་ཆེས་ཡ་མཚན་པ་ཞིག་ལ་རྨོ་མོ་རིག་མཁན་ཚང་མས་རྨོ་མོར་“མིག་རྫོད་མ་”ཟེར་བ་ལས་ཁ་ཡ་བྱེད་མཁན་གཅིག་ཀྱང་མ་བྱུང་།སྙིང་ལ་རྗེ་ཞིང་བལྟ་ལོབ་མེད་པའི་རྨོ་མོས་ཁོང་ཚོའི་རྣམ་འགྱུར་དང་སྐད་ཆ་གོ་རྗེས།ལང་ཤོར་དུ་སོང་བའི་བྱིས་པ་ཞིག་དང་འདྲ་བར་རྩལ་དགུ་དོང་སྤྲུགས་ངང་རྐང་འགུལ་ལག་འགུལ་ཅི་ཙམ་བྱས་པའི་མཐར་གཞི་ནས་རྐང་སྣམ་དེ་ཡར་འཐེན་ཐུབ་སོང་བའི་མོད།རྨོ་མོའི་ཡིད་ལ་གློ་བུར་དུ་མདང་དགོང་བྱུང་བའི་དོན་དག་རེ་རེ་བཞིན་གཟིགས་བརྙན་བཞིན་ཤར་ཏེ་མིག་ལས་མཆི་མ་ཐོར་བཞིན་འཕྲལ་དུ་བརྒྱལ་སོང་།དེ་ལྟར་ཉིན་གསུམ་པའི་ཉིན་ཡང་བསྐྱར་རྨོ་མོའི་གམ་དུ་ཡོང་མཁན་གྱི་སྡེ་མི་མང་ཡང་།སྔར་བཞིན་མོར་ཁ་ཡ་བྱེད་མཁན་མ་བྱུང་།ཉིན་གུང་དུ་སླེབས་པ་ན་རྨོ་མོའི་ལུས་ཡོངས་ལ་བདུད་རྒན་ཞིག་གི་སྦྲིད་སྨན་བསྟེན་པ་བཞིན་འདར་སིག་སིག་བྱེད་བཞིན་འདུག   ཡག་ཡག་ལ་ནགས་ཁྲོད་འདིའི་ཕུ་ཞིག་ན་སྡེ་བ་དང་ཅུང་ཐག་རིར་བའི་སར་མཛེ་རོ་མ་ཞིག་ཡོད་པ་དེ་གང་ཞིག་དུ་འགྲོ་བའི་ལམ་བར་ནས་རྨོ་མོ་ས་ལ་འགྱེལ་འདུག་པ་མཐོང་སྟེ།དེ་མུར་རྐང་བསྐྱོར་ལག་སྐྱོར་བྱས་ཏེ་རང་གི་ཁང་ཆུང་དེར་བསྐྱལ་ཞིང་།ཡུན་རིང་ལྟོགས་སྐོམ་དང་སྡུག་བསྔལ་གྱིས་མནན་པའི་རྨོ་མོར་དཀའ་སྡུག་སེལ་ཐབས་བྱས།འདི་ལྟར་བརྙས་བཅོས་དང་དངངས་སྐྲག་རྐྱང་རྐྱང་གི་འཚོ་བར་འཇུག་དགོས་པའི་རྨོ་མོར་མཚོན་ན།དོ་ནུབ་ནི་གསེར་སྲང་སྟོང་ལས་ཀྱང་རིན་ཐང་ཆེ་བའི་དུས་ཚོད་ཞིག་ཡིན་ལ།དེ་བས་ཀྱང་བུ་དང་གང་བྱུང་ངང་ཁ་བརྡ་བྱེད་ཐུབ་པ་དྲན་ན།ཡུན་རིང་སྡུག་བསྔལ་གྱིས་བྲིས་པའི་གཉེར་རིས་དེ་ཚོའང་ཇེ་ཉུང་དུ་ཕྱིན་ཏེ་མོ་རང་སྔར་ལས་ཀྱང་ལོ་ན་ཇེ་ཆུང་དུ་སོང་བ་ལྟ་བུར་སྣང་།

དེ་ཡང་ལས་བསམས་སར་མི་འགྲོ་བསགས་སར་འགྲོ་ཞེས་པ་ཅིས་མ་བདེན།རྨོ་མོ་ལོ་ངོ་ལྔ་དྲུག་ལྷག་གི་རིང་བུ་དང་དགའ་དགའ་སྐྱིད་སྐྱིད་ལ་སྡེ་མི་གཞན་པ་བཞིན་དགའ་སྐྱིད་ཀྱི་འཚོ་བ་རོལ་བ་ཡིན།དེ་བས་ཀྱང་རྨོ་མོ་དགའ་འོས་པའི་དོན་ཆེན་ཞིག་ནི།རང་གི་བུ་ཆུང་གིས་གྲྭ་ལོག་བྱས་ནས་ཅུང་མ་འགོར་བར་དེ་འདྲ་ཡག་རྒྱུ་མེད་ཀྱང་།ལག་ལས་ཀ་ས་གནས་ཀྱི་རོང་འབྲོག་ཀུན་ལ་གྲགས་ཆེ་ཞིང་ཆུང་ལ་བྱམས་ཞིང་རྒན་པར་བཀུར་བསྟི་ཡོད་པ།ངོ་ཚ་ཁྲེལ་ཡོད་ཀྱི་འབྲོག་མོ་ཞིག་ལྷ་ཚོགས་ཀྱིས་རྫུ་འཕྲུལ་བསྟན་པ་བཞིན་རྨོ་མོའི་བག་མར་གྱུར།དེ་ནས་བཟུང་ཨ་མར་གཅེས་པའི་བུ་ཡིས་ཟས་ཞིམ་པོ་དང་གོས་དྲོན་མོ་ཡོད་ཚད་རང་གི་ཨ་མར་བྱིན་དེ་རྨོ་མོའི་མ་གཞི་ནས་འཇིག་རྟེན་ནི་སྐྱིད་པོ་ཡིན་པའི་ངེས་ཤེས་ཐོག་མར་སྐྱེས་སུ་བཅུག  ལས་ལ་བརྩོན་ཞིང་ཨ་མར་གུས་པའི་ཁོང་གཟའ་ཟླ་གཉིས་ག་ས་གང་དུ་ཞོར་ལས་དང་ལས་ཀར་ལོ་ངོ་གསུམ་བཞི་ཙམ་ལ་བརྒྱུགས་མཐར།གཞིནས་ལྕམ་དང་གདུང་མ་རེ་རེ་བྱས་ཏེ་བསྒྲིགས་ཐུབ་སོང་བ་མ་ཟད།ཅུང་ཚགས་དམ་པའི་ཁང་བ་ཞིག་ཀྱང་ཁོབ་སོང་།ནམ་རྒྱུན་རྨོ་མོས་རང་གི་བུ་དང་ཆུང་མ་གཉིས་ལ་ཧ་ཅང་གཟབ་ནན་ཅེར་ཏེ།མཚམས་རེར་རང་གི་བུ་རབས་ཚ་རྒྱུད་ལ་རེ་བ་ཡོད་སོང་སྙམ་བཞིན་གདོང་ལས་འཛུམ་སྟོན་ལ།སྐབས་རེར་ཡང་རང་གི་མིག་སྔུན་གྱི་འཇིག་རྟེན་ཕོ་མོའི་རླབས་ཆེན་གྱི་བརྩེ་དུང་རིག་ན།མོས་སེམས་ལ་དོན་སྙིང་མེད་པའི་རང་གི་འདས་དོན་མང་པོ་ཞིག་དྲན་བཞིན་ཁ་རོག་གེར་ཁང་བའི་ཕུག་ནས་འཁོར་ལོ་བསྐོར་བཞིན་ཀོ་བ་ལྟར་གྱོང་བའི་མཁུར་བ་ཟུང་མིག་ཆུས་བརླན་འདུག  འདི་ལྟར་དགའ་སྐྱོ་ཟུང་འབྲེལ་གྱི་འཚོ་བ་དེས་ཡོངས་སུ་ཡིད་ཚིམས་ནས་ཡོད་པའི་རྨོ་མོ།ཉིན་བཞིན་མ་ཎིའི་འཁོར་ཁང་དུ་ཁ་ཏོན་དགེ་སྦྱོར་ལ་བརྩོན་བཞིན་པའི་ཉིན་ཞིག་གི་ཆར།མོའི་སེམས་ལ་ཡུན་རིང་བཅངས་བའི་དགོན་པར་བཞུགས་པའི་བུ་བསོད་ནམས་རྒྱ་མཚོ་ཟེར་བ་དེ།གློ་བུར་དུ་གང་ཞིག་གིས་བཙན་གྱིས་བདས་པ་ལྟར་རང་གི་ཨ་མར་བརྡ་ཙམ་ཡང་མ་བྱས་པས་ཁར།སྒོར་ལྔ་སྟོང་ལྷག་དོམ་སར་བཞག་སྟེ་རྒྱ་གར་ཟེར་བའི་ས་ཞིག་ཏུ་བྲོས་སོང་།ལོ་དེར་རྨོ་མོའི་བུ་ཆེ་བ་འཇམ་དབྱངས་བཟོད་པའང་ནད་གཞི་ལྕི་མོ་ཞིག་གིས་ཡོངས་སུ་བཟུང་སྟེ་སོས་ཐབས་མེད་པར་གྱུར་བས་ཁོ་འང་རྨོ་མོའི་མིག་གིས་རིག་ས་ནས་ཤི་སོང་།བཀྲ་མི་ཤེས་པའི་དོན་དག་རེ་རེ་བཞིན་བྱུང་སྟེ་རྨོ་མོ་སྔ་མོ་ནས་མལ་སར་ལྷུང་། དྲང་མོར་བཤད་ན། ད་ལྟ་དང་ཐོག་གི་ཨ་ཕ་སུ་ཡིན་མི་ཤེས་པའི་བྱིས་པ་གསུམ་ལས་ལྷག་ཡོད་པ་ནི་ངའི་ཨ་ཕ་ཡིན། དོན་དེས་ངའི་ཨ་ཕ་དང་ཨ་མ་གཉིས་ཀྱང་སེམས་སྡུག་དང་འགན་འཁྲི་ལྕི་མོ་ཞིག་གིས་ཡོངས་སུ་མནན། ཁོང་གཉིས་ལ་མཚོན་ན་གསར་དུ་གཉེན་སྒྲིག་བྱས་ཏེ་ཅུང་ཙམ་མ་གཏོགས་འགོར་མེད་ཅིང་། ད་དུང་སྟོན་མོའང་བྱེད་མ་ཐུབ་པར་ཁྱིམ་འདིར་སྡིག་ཅན་སུ་ཞིག་གིས་ཆོ་འཕྲུལ་བསྟན་པ་ལྟར་གོད་ཆག་གཅིག་འཕྲོར་གཅིག་བརྩེགས་ངང་ཁོང་གཉིས་ཀྱི་མགོར་ལྷུང་། སྐབས་དེར་སྡེ་མི་རྒན་གཞོན་མེད་པར་“ཁྱིམ་དེའི་སྲུ་མོ་སྙིང་མ་རྗེ།ངོ་མ་ལས་ངན་ཞིག་རེད”ཅེས་མགོ་ཡོད་རྔ་མེད་ཀྱི་སྐད་ཆ་རེ་རླུང་ལྡང་བ་ལྟར། རྨོ་མོ་དང་ཨ་ཕའི་ཡ་ཆུང་སེམས་ངོར་གང་བྱུང་དུ་གཡུགས། བརྩེ་དུང་ལ་ནམ་དུའང་ཡིད་ཆེས་དང་ལས་དབང་ལ་ཅོ་འདྲི་མི་ཐུབ་པའི་ངའི་ཨ་མའི་ཁོང་ཚོའི་སྐད་ཆ་དག་སྣང་མེད་དུ་བསྐྱུར་ཏེ། ཁྱིམ་གྱི་གནས་ཚུལ་དང་ལྷག་ཏུ་དོམ་ཆད་དུ་ཡོད་པའི་གནས་ཚུལ་ཤེས་ཏེ། དེ་མུར་མོ་རང་གི་ཨ་རྒན་གྱི་དྲུང་དུ་སོང་སྟེ། རོགས་རམ་དང་རྒྱབ་སྐྱོར་བྱེད་པར་ཞི་བ་དང་ཁ་དྲོ་རྒྱ་ཆེར་བྱས། དེ་དུས་ཨ་མའི་ཕ་རྒན་གྱིས“ཁྱིམ་དེ་འདྲ་ཞིག་ཏུ་སོང་བས་ཅི་བྱ། དེ་རིང་ནས་འགྲོ་མི་དགོས་”ཚུལ་སོགས་ཀྱི་སེམས་དཀར་ཁ་ཏ་མང་དུ་བྱས་ཀྱང་། ཨ་མས་སྔར་བཞིན་རང་གི་ཆེས་ཐོག་མའི་དམ་ཚིག་སྲུང་སྟེར“ཨ་ཕ་ལོ་ལོ། འཇིག་རྟེན་འདི་ནས་བུ་མོ་ང་ཁོང་ཚང་ལ་འགྲོ་ཐུབ་པ་ང་རང་གི་ལས་དབང་ཀྱིས་བཀོད་སྒྲིག་ཡིན།དེར་གཏན་ནས་ལྡོག་ཐབས་མེད།ཡང་གཅིག་བཤད་ན་ཁོང་ཚང་གི་ཨ་ཡེ་རྒན་མོ་དེས་ང་རང་ད་རག་བར་རང་གི་བུ་མོ་བཞིན་དུ་གཅེས་ཤིང་བསྐྱངས་ལ། ད་རག་བར་ང་ལ་ཚིག་ངན་པ་གཅིག་ཀྱང་བཤད་མ་མྱོང་བའི་ཁར། ཁྱིམ་ལས་ཀྱང་མང་པོ་ཞིག་ལས་མི་དགོས་”ཞེས་རྨོ་མོ་རང་ལ་ཤ་ཚ་ཚུལ་དང་སྙིང་ཉེ་ཚུལ་སོགས་བཤད་དེ་མུ་མཐུད་དུ་ཞུ་བར་བྱས་མཐར། ཁོ་རང་བྱ་ཐབས་ཟད་དེ“ངའིི་ཤ་ལས་ཆད་པའི་བུ་ཕྲུག་དགུ་ཡོད་པ་ལས་ལས་དབང་སྐྱོ་ཤོས་བུ་མོ་ཁྱོད་ཡིན། ད་དུང་ཁྱོད་ཀྱིས་བཤད་པ་ལྟར།ཁོང་གཉིས་ཀ་ངོ་མ་ཁྱོད་ལ་དེ་འདྲ་སྲ་ན། ཁོང་ཚང་དཀའ་ཁག་གི་དུས་སུ་ཁྱོད་རང་ཁོང་གཉིས་དང་བྲལ་ན་གང་ནས་འགྲིག”ཟེར་བཞིན་ཅུང་ཐབས་སྡུག་པའི་ངང་མོར་ཐབས་བརྒྱ་ཇུས་སྟོང་གིས་རོགས་རམ་བྱེད་རྒྱུ་ཁས་བླངས། སྐབས་དེར་ངའི་ཨ་མ་རང་གི་རྒྱབ་རི་ལྟ་བུའི་ཨ་ཕའི་སྐེ་ལ་འབྱར་ཏེ་“ཨ་ཕ། ངོ་མ་བཀའ་དྲིན་ཆེ། ད་ང་འགྲོ་དགོས།ཡུལ་ན་ད་དུང་བྱ་བ་མང་”ཞེས་མིག་མཐའ་མཆི་མའི་སྐོར་བཞིན་གོམ་ཁ་སྙིང་ཉེ་བའི་ཁྱོ་ག་དང་རང་ལ་ཤ་ཚ་བའི་རྨོ་མོ་གཉིས་ཀྱི་ཕྱོགས་སུ་བསྒྱུར།

ནམ་རྒྱུན་ང་རང་རྨོ་མོའི་གམ་དུ་སྡོད་རྒྱུར་དགའ་བ་མ་ཟད།རྨོ་མོས་བཤད་པའི་གནའ་གཏམ་ལས་འདྲེ་ཡིས་མི་ཡུལ་དཀྲུགས་ཚུལ་དང་། ཡང་བསྐྱར་ལྷ་ཚོགས་ཀྱིས་འདྲེ་དམག་ཆམ་ཕབ་ཚུལ་གྱི་གནའ་གཏམ་ལ་དེ་བས་ཀྱང་ཉན་རྒྱུར་ཧ་ཅང་མོས། དེ་བས་ཡུལ་ལ་ལོགས་ཐེངས་རེར་ཐོག་མར་རྒྱུན་དུ“རྨོ་མོ་གང་དུ་སོང་”ཞེས་མོ་རང་ཡུལ་ན་ཡོད་ན་མེད་ན་འདྲི་རྒྱུར་གོམས་ཡོད་པས། ཨ་ཕས་དུས་རྒྱུན་ང་ལ་“རྨོ་མོའི་ཞི་ལུ”ཞེས་ཀུ་རེ་རྩེད།རྒྱུ་མཚན་དེ་འདྲ་མང་པོ་གཞི་བྱས་ཏེ། ཐེངས་འདིའི་ཁྱིམ་ལ་འབྱོར་བའི་ཐོག་མའི་ཆར་ཀྱང་ངས་རྨོ་མོ་གར་སོང་དྲིས་ཏེ་མ་ཎིའི་འཁོར་ཁང་གི་ཕྱོགས་སུ་བརྒྱུགས། གནས་དེ་ན་མི་གཅིག་ཀྱང་མི་འདུག་ལ་འཁོར་ཁང་ལས་ཅུང་ཐག་རིང་བའི་ས་ན་དེའུ་འབུར་ཞིག་ཡོད་པ་དེའི་ཐོག་མི་ཞིག་ནག་རོག་གེར་ཙོག་པུར་བསྡད་འདུག  མི་དེ་རྨོ་མོ་ཡིན་ནམ་སྙམ་སྟེ་ང་རང་དེའུ་འབུར་དེའི་ཕྱོགས་སུ་བརྒྱུགས། མ་གཞི་མི་དེ་ནི་ང་རང་ལོ་མང་མ་ཐུག་པའི་རྨོ་མོ་ཡིན་པར་མ་ཟད། མོས་ཁ་རོག་གེར་ཁ་ན་མ་ཎི་ཞིག་ཀྱང་མེད་པར་ནུབ་ལ་ཁད་ཀྱི་ཉི་མར་ཅེར་འདུག   དོན་དེས་ང་རང་ཧ་ལས་པར་བཟོས་ཏེ་རེ་ཞིག་རྨོ་མོའི་གནའ་གཏམ་ལ་ཉན་མ་ཐུབ་རུང་མོར་འབོད་མ་ཕོད་པར་དར་ཤིང་བཞིན་ཧད་དེ་བསྡད། རྨོ་མོས་སྔ་མོ་ནས་ང་རང་མཐོང་བ་ཡིན་ནམ། ངའི་དྲི་མ་དེ་མོས་ད་དུང་མ་བརྗེད་པས་ཡིན། “གཅེས་ཕྲུག  ཨ་མས་ཞི་ལུ།ཁྱོད་ཐོན་བྱུང་། ཨ་མའི་ཞི་ལུས་སློབ་གྲྭ་ནས་སྡུག་མཐོང་བྱུང་ངམ་”ཞེས་ཅུང་རྒྱུན་ལྡན་དང་མི་འདྲ་བར་མི་མཐུད་དུ་ཅེར་ས་གཅིག་པུར་ཅེར་ནས་བསྡད། དེ་ལྟར་སྐར་མ་གསུམ་བཞི་ཙམ་མ་འགོར་བར། རྨོ་མོས་གློ་བུར་དུ“གཅེས་ཕྲུག་ཚུར་ཤོག་དང་། ཁྱོད་ཀྱིས་རྒྱ་གར་གང་ན་ཡོད་པ་ཨེ་ཤེས་”ཞེས་ཧ་ཅང་ཡ་མཚན་པའི་དྲི་བ་ཞིག་དྲིས་བྱུང་བའི་མོད་ལ་ཡང་བསྐྱར་མོའི་རྣམ་ཤེས་མཐའ་ཡས་པའི་ནམ་མཁའི་དབྱིངས་ལ་ཤོར། སྤྱིར་རྒྱ་གར་ཞེས་རྒྱལ་ཁབ་ཅིག་ཡོད་པ་དེ་ངས་སྔ་མོ་ཞིག་ནས་གོ་མྱོང་། ལྷག་ཏུ་དམའ་འབྲིང་སོགས་ཀྱི་སྐབས་རྒྱ་གར་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་རེའང་ལྟ་མྱོང་མོད། རྨོ་མོའི་ཡ་མཚན་པའི་དྲི་བ་དེར་ངས་གང་ཞིག་ནས་མགོ་བརྩམས་ཏེ་ལན་ལྡོན་དགོས་པ་དང་།གཞི་གང་ཞིག་ལ་བཙུགས་ཏེ་བཤད་དགོས་པའང་མ་ཤེས་པར་ཧད་དེ་མི་འདུག་ག་མེད་བྱུང་།  སྐབས་དེར་རྨོ་མོས་ངས་ཤེས་ཀྱིན་མེད་པ་ཚོར་བས་ཡིན་ནམ།གློ་བུར་དུ“དུ་ན་ཁྱོད་ཀྱིས་ཨ་ཞང་བསོད་ནམས་རྒྱ་མཚོ་དྲན་ནམ་”ཞེས་ཡང་བསྐྱར་དྲི་་བ་ཞིག་དྲིས་བྱུང་། ངས་ད་གཟོད་རྨོ་མོ་ལགས་ ཀྱིས་གོང་གི་དྲི་བ་དེ་འདྲི་བའི་དམིགས་ཡུལ་དང་དྲི་བ་དེའི་ལན་མོར་ཧ་ཅང་མཁོ་གལ་ཆེ་བ་གཞི་ནས་རྟོགས་བྱུང་།  ཡིན་ཡང་ད་ནི་ཡང་བསྐྱར་དྲི་བ་གཞན་ཞིག་དྲིས་བྱུང་བའི་ལན་ནི་གདབ་སར་མི་འགྲོ་ཞིང་འདེབས་ཀྱང་གསལ་བོ་ཞིག་མི་ཤེས། དྲང་མོར་བཤད་ན། ངས་བསོད་ནམས་་རྒྱ་མཚོ་ཟེར་བའི་མི་ཞིག་ངེད་ཚང་གི་ཡིན་ཚུལ་དང་། ཁོ་ད་ལྟ་རྒྱ་གར་དང་ཧྥ་རན་སེ་ཡར་མར་ཞིག་ཏུ་ཡོད་པ་གོ་བ་ལས་གཞན་གཅིག་ཀྱང་དྲན་྄རྒྱུ་མེད། དེ་ལོས་ཡིན། ཁོ་རང་ང་འཇིག་རྟེན་འདིར་མ་ཐོན་གོང་ཞིག་ནས་ཕྱི་རྒྱལ་དུ་སོང་ཚར་འདུག  དེ་བས་ངས་དྲན་ཚོད་དུ་ཁོང་གི་ངོ་གདོང་ཙམ་ཡང་འཁོར་མ་ཐུབ་ལ། ཁོ་དངོས་སུ་མཐོང་བ་འང་ཧ་ཅང་རྙིང་རལ་དུ་གྱུར་བའི་པར་རེའི་ངོས་མ་གཏོགས་གཞན་ཅི་ཡང་མི་ཤེས། ཡིན་ཡང་ངས་རྨོ་མོ་ལགས་ནས་རང་གི་བུ་ཆུང་ཧ་ཅང་དྲན་བཞིན་ཡོད་པ་ཚོར་ཏེ །“ཨ་ཞང་བསོད་གོ་ལོས་དྲན།ངས་མདང་དགོང་རྨི་ལམ་དུ་འང་ཁོ་རྨིས་བྱུང་།ད་དུང་ཁོས་འདི་ཨ་མའི་ཡིན་འདི་ངའི་ཡིན”ཞེས་ལེགས་སྐྱེས་མང་པོ་ཞིག་ཉོས་ཏེ་ཡུལ་ལ་ཐོན་བྱུང་ཚུལ་རྨིས་རབས་བཤད་མ་ཐག  རྨོ་མོ་དགའ་སྟེ་གདོང་ལ་འཛུམ་ཞིག་སྟོན་བཞིན“གཅེས་ཕྲུག་ད་ཡུལ་ལ་འགྲོ། རྟེན་འབྲེལ་འགྲིག་གི་ཡ”ཞེས་བཤད་བཞིན་མདུན་ན་སྦྲུལ་ནག་ཐང་ལ་ཉལ་འདྲའི་དབྱུག་རྟེན་གྱི་མགོར་ལག་པ་གློད་བཞིན་འགྲོ་གྲབས་བྱས།དུས་དེར་ངས་རྨོ་མོ་སེམས་གཏིང་ནས་དགའ་བཞིན་པ་ཚོར་ཏེ།མུ་མཐུད་དུ་རྨོ་མོར་བཤད་དོན“ཅིག་བྱས་ན་ཨ་ཞང་བསོད་གོ་ཡུལ་ན་ཡོང་གི་ཡོད་ན་ཐང་”ཚུལ་གྱི་དགའ་བ་བསླང་བ་ན།བྱིས་པ་ལྟ་བུའི་རྨོ་མོ་སྔར་ལས་ཀྱང་དགའ་བར་གྱུར་ཏེ།“དེ་འདྲ་ཞིག་ཡིན་པའི་སྨོན་ལམ”འདེབས་ཞོར་ཁ་ཏོན་ད་མ་དིར་ཞིག་བཟློས།རྨོ་མོའི་ཧ་ཅང་གཟབ་ནན་གྱི་ཉམས་དང་ངོ་གདོང་གི་རྣམ་འགྱུར་ལ་བརྟག་ན།མོས་ཕལ་ཆེར་རང་གི་བུ་ཆུང་སྔ་མོ་ནས་རང་གི་འཁྲིས་སུ་ཡོང་ཐུབ་པའི་སྨོན་ལམ་དང་དཀོན་མཆོག་གསུམ་ལ་ཐུགས་བཅོལ་བྱེད་ཀྱིན་པ་ཚོར་ཐུབ།

ནམ་རྒྱུན་མཚན་མོར་སླེབས་ཐེངས་རེར།རྨོ་མོ་ནམ་ཡང་ལྕགས་ཐབ་ཀྱི་གཡས་ཟུར་ཞིག་ནས་ཁ་རོག་གེར་ཁ་ཏོན་ཞིག་ལ་རེམ་བཞིན་འདུག  དེ་ནང་བཞིན་ནམ་རྒྱུན་གྱི་ནུབ་ཚ་འཐུང་རྗེས་ཀྱང་།རྨོ་མོས་གཅིག་པུར་འདས་ཟིན་པའི་དོན་དག་ཡོད་ཚད་ལ་ཕྱིར་དྲན་བྱེད་པ་ལྟར་ཀྲོང་ཀྲོང་བོར་སྡོད་པ་ལས་དེ་མ་ཐག་གཉིད་དུ་ཡུར་བ་ཤིན་ཏུ་དཀོན།ནམ་རྒྱུན་གྱི་ནམ་ཡོངས་སུ་གསལ་ཏེ་ང་རང་མལ་ལས་ལངས་དུས།རྨོ་མོ་སྔ་མོ་ནས་ལངས་ཏེ་མལ་སའི་ནང་དུ་སྔར་བཞིན་ཁ་རོག་གེར་ཁ་ཏོན་ཞིག་འདོན་བཞིན་མཆིས།བལྟས་ཚོད་དུ་མོ་རང་ཅུང་དགའ་བཞིན་པ་དང་འདྲ་ནའང་།ངའི་སྣང་ངོར་མོའི་སེམས་ནང་དུ་ཁེར་རྐྱང་ཡིན་པའི་ཚོར་རྟོགས་རེ་བྱུང་ཞིང་།ངའི་མིག་ལམ་དུ།རྨོ་མོ་ཁ་སང་ལས་ཀྱང་རྒས་འདུག་པ་ལྟར་སྣང་ལ།མོ་རང་མདང་དགོང་དང་དེ་རིང་བར་དུའང་རྒས་སོང་བ་ལྟ་བུའི་ཚོར་སྣང་བྱུང་།འདི་ལྟར་ཉི་མ་རེ་རེར་རྨོ་མོ་དང་གཤིབ་གཤིབ་ལ་བསྡད་ནའང་།རྨོ་མོས་ཡར་མར་གྱི་ཁ་བརྡ་ཅི་ཡང་མི་བྱེད་པར་རང་སར་ཁུ་སིམ་མེར་སྡོད།ངས་བསམ་བློ་གཏོང་བཞིན་པ་ནི་མིག་སྔར་གྱི་རྨོ་མོ་ཁེར་རྐྱང་ངུང་འདི་ལྟར་རྒས་པའི་ངང་ཚུལ་ཡིན་ཏེ།སེམས་སུ་མོ་འདི་འདྲའི་མྱུར་ཚད་ཀྱིས་མུ་མཐུད་དུ་རྒས་པར་གྱུར་ན།མཐའ་མཇུག་ཚད་ཅི་འདྲ་ཞིག་ལྷུང་འགྲོ་སྙམ་པ་དེ་རེད།ཡིན་ནའང་མོས་སྔ་གཞུག་ཀུན་ཏུ་ཁ་མི་གྲགས་པར་ཁུ་སིམ་མེར་སྡོད་པར་བྱེད་ཀྱང་།མཚམས་རེར་མོའི་ཧ་ཅང་ལྕི་བའི་ཤུགས་རིང་ནར་ནར་བོ་རེ་འདོན་པ་ལས།དྲན་གདུང་དང་ལོ་ཟླས་བསད་པའི་རྨོ་མོས་ད་དུང་གང་ཞིག་ལ་བསམ་བློ་གཏོང་བཞིན་པ་ཚོར་བྱུང་།

                                                            རྩོམ་སྒྲིག་པ། ལྷ་སྐྱིད།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨོ་མོའི་ལོ་ཟླ།

2016-06-29 མགོན་པོ་རྒྱལ།༼ རྔ་བ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།