འབྲི་མ་ཤེས་པའི་འཕྲིན།

བདག་གིས་རྒྱ་གླིང་བུས་ཤིང
བུ་ག་དག་ནས་ཕྱེ་ལེབ་ཉེར་ལྔ་འཕུར
མི་ཚེའི་སྐྱེད་མོའི་ཚལ་དུ་མེ་ཏོག་དགུ་སྟོང་བཏབ་ཀྱང
ཕྱེ་ལེབ་དེ་དག་སླར་ཡང་བདག་གི་གླིང་བུར་ཁུགས་ཐབས་མེད་དོ

IMG_5455.JPG         

ཉིན་དེར་འུ་ཚོ་ཤིང་སློང་གྲོལ་ནས་རང་སར་འགྲོ་དགོས་བྱུང་།འུ་ཚོ་ཚེ་གང་བོར་དགེ་སློབ་ཡིན་ཀྱང་།ལོ་ཟླས་གྲིབ་ནག་གིས་ངོ་གདོང་རེ་རེ་མག་མོག་ཏུ་བཏང་འཇོག་པར་སྐྲག་པས། ངས་དེ་ཉིད་ཡིད་སེམས་གདུང་བའི་གྱེས་བྲལ་ཞིག་ལ་མི་བསམ་ཐུ་མེད་རེད།  ཁྱེད་ཚོའི་ངོ་གདོང་རེ་རེ་ནས་ཀྱང་འབྲལ་མི་ཕོད་པའི་སྐྱོ་ཡས་ཤིག་བདག་གིས་མཐོང་བས།ངས་གྱེས་བྲལ་དང་འབྲེལ་བའི་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་ཐུབ། ངའི་སེམས་སུ་ཁྱེད་ཚོ་ནམ་ཡང་དེ་རིང་བཞིན་ལྷད་མེད་པའི་བྱིས་པ་ཏག་ཏག་ཡིན་ན་སྙམ། ཁྱེད་ཚོའི་མིག་ཆུས་བརླན་པའི་སེམས་སྒྲ་ངས་ཐོས་ཐུབ་ལ། ངས་ཁྱེད་ཚོར་སྐོམ་ཀྱང་འདམ་ཆུ་མི་འཐུང་བ་ཁ་དཀར་རྐྱང་གི་ངང་ཚུལ་ཡིན།སྡུག་ཀྱང་མཆི་མ་མི་གཏོར་བ་སྐྱེས་པ་ཕོ་ཡི་ངང་ཚུལ་ཞེས་བཤད་མྱོང་བའང་ངའི་ཡིད་ལ་འཁྱིལ་འཁོར་བརྒྱབ།

ཉིན་དེ་ཚོར་པར་མིག་འུ་ཚོའི་སྟེང་ལ་སྐོར་ཐེངས་རེར་ངས་ནམ་ཞིག་དེ་ནི་རང་གི་མི་ཚེའི་རྒྱབ་ལྗོངས་སུ་འགྱུར་བར་ཡིད་ཆེས་བྱས།ཁྱེད་ཚོ་རེ་རེ་བཞིན་ངོ་མདོག་དང་གཟུགས་བྱད།སྐད་ཀྱི་སྦོམ་ཕྲ་སོགས་འགྱུར་སྲིད་ཀྱང་།ངས་ནམ་ཡང་དེ་རིང་གི་བཞིན་ལ་དམར་མདངས་ཆགས་ཤིང་ལུས་ལ་པྲ་ཆལ་གྱི་ཉམས་དོད་པའི་འདྲ་པར་ངོས་ཀྱི་བྱིས་པ་དེ་དག་གི་སྣང་བརྙན་ཡིད་ལ་ཉར་ནས།མི་ཚེའི་རྒྱབ་ཕྱོགས་སུ་འཛུམ་མདངས་ལ་ལྷད་མེད་པའི་ཁྱེད་ཚོ་ཡོད་པས་སྐྱིད་པ་ལ་སྙམ།

ཉིན་འདི་གར་ལུས་སེམས་ཁོམ་ནས་སྡོད་སྐབས།མཚམས་མེད་པར་ཁྱེད་ཚོའི་ངོ་གདོང་ཡིད་ལ་འཁོར་གྱིན་འདུག དབྱར་གནང་རྫོགས་ནས་ཕྱིར་ཡོང་ན་ཁྱེད་ཚོ་ངའི་མདུན་ལ་ཡོང་རྒྱུ་མེད་པས།སློབ་གྲྭའི་ར་བ་ཆུང་ཆུང་དེ་སྔར་ལས་ཀྱང་དོག་སྣང་ཞིག་ང་ལ་སྐྱེ་ངེས་སམ།
ངས་རང་ཉིད་རྣམ་ཤེས་བཟོ་སྐྲུན་བྱེད་མཁན་གྱི་དགེ་རྒན་རླབས་ཆེན་ཞིག་ཏུ་སྨྲ་མི་སྤོབས་མོད།་འཚོ་བའི་ཁྲོད་དུ་ཁྱེད་ཚོར་གོམས་ཤིང་འདྲེས་པས། ཁྱེད་ཚོ་རང་གི་མི་ཚེའི་ཁྲོད་ཀྱི་མགྲོན་པོ་གལ་ཆེན་ཏག་ཏག་ཏུ་བརྩིས་ཡོད།མ་མཐའ་ཡང་ངས་ཁྱེད་ཚོ་ལག་ཆ་བྱས་ནས་རང་གཞན་སུ་ཞིག་གི་ལ་རྒྱ་རྩོད་མ་མྱོང་ལ།ངས་ཁྱེད་ཚོའི་ཆུ་ཤེལ་བཞིན་དྭངས་བའི་མིག་མདངས་ལ་གཡོ་སྒྱུ་དང་སྒེར་སེམས་ཀྱི་རི་མོ་འབྲི་དེ་བས་ཀྱང་ག་ལ་ཕོད།

ངས་ཁྱེད་ཚོར་སྙན་ངག་འབྲི་འདོད་དུས་ཡིད་ལ་དྲན་པའི་ཚིག་དག་རྫོབ་ཞིང་ཁྱེད་ཚོ་ནི་གཙང་ཞིང་དྭངས་བས།སྙན་ངག་དེའང་རྗོད་བྱེད་ཀྱིས་ཟིན་ཐབས་མེད་པའི་ངའི་སྣང་བའི་མཐོ་ས་ནས་བྱ་གླག་བཞིན་འཁོར་བ་ལས་བདག་གི་འབྲི་ཤོག་ཏུ་དབབ་ཐབས་བྲལ་ལ།ཁྱེད་ཚོ་བྱ་གླག་བཞིན་མཛེས་སྡུག་གིས་འཕུར་བའི་རྣམ་པ་དེ་ངའི་འབྲི་ཤོག་ཏུ་གྲིབ་མ་བཞིན་འཁོར་བའང་གནས་ལུགས་དང་རྒྱུ་མཚན་གང་གིས་ཀྱང་ཟློག་ཐབས་བྲལ།

དེ་བས་དྲ་གྲོགས་ཤིག་གིས་བྲིས་པའི་སྙན་ངག་འདི་ཁྱེད་ཚོར་སྐྱེས་སུ་ཕུལ་ན་འདོད།སྙན་ངག་འདིས་ང་ནམ་ཡང་ཁྱེད་ཚོའི་ཐག་ཉེར་བཅར་ནས་བསྡད་དེ་རི་མོ་བ་ཞིག་ལྟར་ཁྱེད་ཚོ་འབྲི་བར་འདོད་དུས།
ཁྱེད་ཚོའི་སྟེང་གི་མྱོང་བའི་ངོམ་པ་མེད་པའི་མཛེས་སྡུག་རིགས་ཤིག་བདག་གིས་ཡི་གེའི་གཟུགས་སུ་སྒྱུར་ཐབས་བྲལ་བའི་སྡུག་བསྔལ་མྱོང་བ་མཚོན་ལ།  ངའི་སེམས་ནང་དུ་ཁྱེད་ཚོའི་མཛེས་སྡུག་འཁྱིལ་བའི་རྣམ་པའང་འདི་ལྟར་ཡིན་ཞེས་བཤད་ཀྱང་རུང་།
IMG_5456.JPG
                བདག་གི་བྱིས་པ་ཚོ། ད་ཁྱོད་ཚོ་ནར་མ་སོན་ན་རེད།

                                              དུང་བུ་ཆོས་འབུམ་རྒྱལ།
 
ཁྱོད་ཚོ་ཧ་ཅང་ཆུང་བ
ང་རང་རྒྱང་ལ་བྱེར་ཡོད་པས་ཡིན
རྒྱང་རིང་ན་ཅི་ཡང་མི་འདུག
འཇིག་རྟེན་འདི་ཆེ་དྲགས་པས་ཡིན་ན
ངས བོར་སོང་བ་མཐའ་དག
ཁྱོད་ཚོའི་ལུས་སྟེང་ནས་མཐོང་ཡོང
ད་ནི་ཡོད་ཚད་ཐོབ་དཀའ་བ་ལ
ཁྱོད་ཚོའི་ཐག་ཉེ་རུ་བཅར་ན
ལུས་རྟེན་འདི་དབུལ་ཞིང་ཕུངས
ཐ་ན་འཛུམ་མདངས་ཙམ་ཡང
ལྷན་སྐྱེས་ཀྱི་དབང་འོག་ནས་ཤོར་སོང
ངའི་དགོད་སྒྲ་འདིས་ཅི་ཞིག་བྱ་ཨང
ཐོག་མ་ཉིད་ནས
འཇིག་རྟེན་འདིར
གོ་བ་རགས་ཙམ་གྱིས་ཅི་ལ་མི་ཆོག
ཁྱོད་ཚོའི་བློ་རྒྱ་རུ་ཤོང་བ་དེ་ཙམ་གྱིས
མིག་ཆུའང
ཕ་མ་དྲན་པས་བསླངས་པ་དེ་ཙམ་གྱིས
དགོད་སྒྲའང
ཨ་མཚར་གྱིས་བསྐྱེད་པ་དེ་ཙམ་གྱིས
ཅི་ལ་མི་ཆོག
ང་ཚོར་མི་སེམས་འདི་ཧ་ཅང་དྭངས་པས་ཆོག
བདག་གི་བྱིས་པ་ཚོ ད་ཁྱོད་ཚོ་ནར་མ་སོན་ན་རེད།  
 
                            ༢༠༡༧ ༠༦ ༠༡

འཕྲིན་པ་འདི་ནི་ཁྱེད་ཚོ་དྲན་པའི་སེམས་ཚོར་ཙམ་ཡིན་ལ།རང་གིས་བརྒྱུད་ཟིན་པའི་ལམ་བུ་རྩིད་སྐུད་འདྲ་བ་དག་ནས་རང་ཉིད་ཇི་ལྟར་ཡོང་བ་མི་བརྗེད་པའི་དྲན་ཐོ་ཙམ་དུའང་ཡིན་ཆོག

མཇུག་མཐར་ཁྱེད་ཚོར་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་སྙིང་ནས་བཏབ་པ་ཡིན།     བདག་གི་སྒེའུ་ཁུང་གམ་གྱི་ཐོ་ཐོ་མ་ཚོ།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲི་མ་ཤེས་པའི་འཕྲིན།

2017-08-06 གྲི་ཐུང་།(རྨ་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།