འབྲུག་མོའི་ཇ་མཁར་ནས་རྡུང་ལེན་སྒྱུ་རྩལ་གླེང་བའི་གཏམ།

2755C376-24A4-41D4-A105-B221732E39EF-2804-00000198F65CB1C6_tmp.JPG

     ཕྲན་དཀྲོལ་ལེན་པ་རྒན་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་དཀྲོལ་ལེན་སྒྱུ་རྩལ་འདིར་ཐུགས་ཁུར་དང་བསམ་གཞིག་གནང་མཁན་གྱི་སྤུན་ཟླ་ཡོངས་དང་། ལྷག་པར་དུ་འབྲུག་མོའི་ཇ་མཁར་གླིང་གི་ཚོགས་གཙོ་མ། ངའི་སློབ་མ་དཔལ་འབྲུག་མོ་གཙོ་མཛད་པའི་ཚོགས་མི་ཡོངས་ལ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ། ཉེ་སྔོན་ཁྱེད་ཅག་གིས་སྒྲ་སྙན་རྡུང་ལེན་སྐོར་གྱི་བགྲོ་གླེང་ལས་སྐུ་ཞབས་ཐེའུ་རང་གིས་གསུང་བཤད་ལ་དྲ་ལམ་ནས་ཉན་རྗེས་ཕྲན་ལ་བཤད་འདོད་པའི་སྐད་ཆ་འགའ་ཞིག་མཆིས་པ་འདི་ལྟར། ཁོང་གིས།
    ༡  སྤྱིར་ན་མི་རིགས་ཤིག་གི་རིག་གནས་གང་དང་གང་ཡིན་ཡང་། དེ་མི་རིགས་ཀྱི་ཞེན་ཁོག་གཅིག་པོ་ཁུར་ནས་འདི་གང་ལ་སྦྱར་མི་ཉན་མི་རིགས་ཀྱི་ཁྱད་ཆོས་ཡིན། འདི་ཁོག་ནས་འདོར་མི་ཉན་མི་རིགས་ཀྱི་རང་གཤིས་ཡིན་ཟེར་ནས་དུས་རབས་སུ་མ་ཚུད་པ། འགྲོ་བ་མིའི་རིགས་ཀྱི་རིག་གནས་ཀྱི་ཡུལ་ལྗོངས་སུ་མ་ཚུད་པར་ཡན་གར་དུ་གནས་ཐབས་མེད་པ་ང་ཚོས་ཤེས་ཡོད། འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་གྱི་འཕེལ་རྒྱས། རིག་གནས་ཀྱི་འཕེལ་རྒྱས་ཚང་མ་དུས་རབས་དང་བསྟུན་ནས། མིའི་རིགས་ཀྱི་ལུང་པ་སོ་སོ་ན་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་ངང་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཆོས་ཉིད་དེའི་ཁྲོད་ནས་ང་ཚོའང་དེ་བཞིན་དུ་འགྲོ་དགོས་པ་སྒྱུར་དུ་མེད་པའི་ལམ་བུ་ཞིག་རེད། ཡིན་ཡང་རང་གི་སྲོལ་རྒྱུན་གྱི་རྡུང་ལེན་སྒྱུ་རྩལ་འདི་རྗེས་ལུས་ཀྱི་རྣམ་པ་ཞིག་ཏུ་ལྟ་བ་འདི་ཉེན་ཁ་ཅན་ཞིག་རེད། འདི་བླ་ཡང་མགོ་བདེ་ཚོའི་ལྟ་བ་ཞིག་རེད། ཞེས་བསམ་ན་རིན་ཐང་ལྡན་པའི་སྐད་ཆ་ཞིག་ལབ་སོང་། ང་ཚོས་ཀྱང་འདི་ལྟར་ལབ་བཞིན་ཡོད། ང་ཚོའི་དཀྲོལ་ལེན་སྒྱུ་རྩལ་འདིས་དུས་རབས་སོ་སོའི་ཉན་མཁན་ཚོའི་རེ་བ་བསྐང་ཅི་ཐུབ་བྱ་དགོས། ཡིན་ཡང་ང་ཚོ་ལ་རང་ཚུགས་ཤིག་དགོས། ང་ཚོའི་དུས་རབས་དང་བསྟུན་ཤེས་དགོས་ལ། ང་ཚོ་ལ་དུས་རབས་དང་བསྟུན་པའི་རང་སྐྱ་ཐུབ་པའི་འཕེལ་རྒྱས་ཤིག་མེད་ན་ཉེན་ཁ་ཆེན་པོ་འདུག ད་ལྟའི་ཕྱི་ན་གནས་པའི་གླུ་བ་ཚོའི་ལེན་སྟངས་དེ་རང་ཉིད་གང་ན་གནས་པའི་ཡུལ་ལུང་དེའི་དབྱངས་ལུགས་སུ་འགྱུར་བཞིན་ཡོད་ལ། ནང་ན་ཡོད་པའི་གླུ་བ་མང་ཤོས་ཀྱི་དབྱངས་ལུགས་དེ་རྒྱ་གཞས་ཀྱི་དབྱངས་ལུགས་སུ་འགྱུར་བཞིན་ཡོད། འགྱུར་ལུགས་འདི་དུས་རབས་དང་བསྟུན་པའི་འཕེལ་རྒྱས་སུ་རུང་ངམ། ང་ཚོའི་དཀྲོལ་ལེན་གྱི་དབྱངས་ལུགས་ཀྱང་འདི་ལྟར་སྒྱུར་དགོས་སམ། གླུ་བ་ཞིག་ཡིན་ན་མི་རིགས་གཞན་པ་དང་ཡུལ་ལུང་གཞན་པའི་གླུ་ལེན་མི་རུང་ཞེས་ལབ་པ་རྩ་བ་ནས་མིན། འོན་ཀྱང་ང་ཚོ་ལའང་འགྲོ་བ་མིའི་རིགས་ཀྱིས་བཞག་པའི་འགན་འཁྲི་ཞིག་ཡོད་པ་བརྗེད་མི་ཉན། དེ་ནི་རང་ཉིད་ཀྱིས་རང་ཉིད་གཉོར་ཤེས་དགོས་ལ། རང་ཉིད་ཀྱིས་རང་ཉིད་འབོར་དུ་མི་འཇུག་པ་དེ་རེད། མ་གཞི་སྤྱི་ཚོགས་ཀྱི་ཡས་མཐའ་དང་མས་མཐའ་དེ་གང་ཡིན་ཐག་གཅོད་བྱ་དཀའ་ཡང་། དེང་གི་བོད་པའི་རིག་གནས་པའི་སྡེ་ལས་སྙན་ངག་གི་གོམ་པ་འཁྱར་འཁྱོར་ཙམ་སྤོ་བཞིན་པ་རྣམས་དང་། གླུ་གཞས་སྒྱུ་རྩལ་ལ་ཞུགས་ནས་མིང་ཙམ་ཐོབ་ཡོད་པ་ཚང་མ་བླ་ཡང་མགོ་བདེ་རེད་ཅེས་བཤད་ཀྱང་ཆོག  དེ་བས་ང་ཚོས་གོམ་པ་ཕྱེད་ཙམ་སྤོས་ཀྱང་བསམ་གཞིག་གཏོང་དགོས། དུ་བ་ཡོད་ཡོད་སར་རྒྱུག་རྐྱང་མིན་པ་ཤེས་དགོས།
   ༢ ད་ལྟ་རྡུང་ལེན་ལ་དཀྲོལ་ལེན་དུ་འབོད་མཁན་ཡང་མང་བོ་འདུག མིང་དེ་བསྒྱུར་ན་དགོས་པ་ཡོད་དང་མེད་པ་གཞུང་ལུགས་རང་བཞིན་ལས་གོ་དོན་བཀྲལ་དགོས། རིག་གནས་དང་སྐད་ཆའི་ཁྲོད་ན་རྒྱུད་འབྱམས་སུ་གྱུར་ཡོད་ན་དེ་སྒྱུར་དགོས་དོན་མེད་ཀྱང་། གཞུང་ལུགས་རང་བཞིན་ཅན་གྱི་ཐ་སྙད་ཅིག་ཡིན་པའམ་ལོ་རྒྱུས་ཀྱི་བརྗོད་དོན་ཡོད་སའི་བརྡ་ཆད་དམ་ཐ་སྙད་ཅིག་ཡིན་ན་དེ་ག་ལེར་སྒྱུར་དགོས་པའི་ངེས་པ་ཡོད། ཅེས་གནས་ལུགས་དང་ཕྱོགས་ལྷུང་བྲལ་བའི་སྐད་ཆ་ཞིག་ལབ་བྱུང་། བདག་གིས་དུས་རྒྱུན་དཀྲོལ་ལེན་ཟེར་དོན་ཡང་དེ་ཡིན། སྒྲ་སྙན་རྡུང་ལེན་ཞེས་པ་དེ་གཞུང་ལུགས་རང་བཞིན་ཅན་གྱི་ཐ་སྙན་ཞིག་རེད་ལ་ལོ་རྒྱུས་ཀྱི་བརྗོད་སྙིང་ཡོད་པའི་ཐ་སྙད་ཅིག་རེད། འདི་ནི་མི་ཞིག་གི་མིང་ལ་སངས་རྒྱས་ཞེས་བཏགས་པ་དང་རྩ་བ་ནས་མི་འདྲ། འདི་བུད་མེད་ཅིག་གི་མིང་ལ་སྐྱེས་པ་ཞིག་གི་མིང་བཏགས་པ་དང་ཨ་ན་མ་ན་རེད། བོད་པའི་གླུ་གར་སྒྱུ་རྩལ་གྱི་རྣམ་བཞག་ཏུ་རོལ་ཆ་དེ་སྒྲ་རྩོལ་གྱི་སྒོ་ནས་རིགས་དབྱེ་ན། འབུད་བྱའི་རོལ་ཆ་དང་བརྡུང་བྱའི་རོལ་ཆ། དཀྲོལ་བྱའི་རོལ་ཆ་ཞེས་རིགས་གསུམ་དུ་བཀར་ལ། དེ་དག་ལའང་གནང་གསེས་ཀྱི་དབྱེ་བ་མང་བོ་ཡོད། དེ་ལས་སྒྲ་སྙན་དེ་དཀྲོལ་བྱའི་རོལ་ཆ་ཡིན་བཞིན་དུ་སྒྲ་སྙན་རྡུང་ཞེས་བརྡུང་བྱའི་རོལ་ཆའི་གྲས་སུ་བཅུག་ཚེ་མི་རིགས་རང་གི་ཐ་སྙད་གཞུང་ལུགས་ཀྱི་བརྡ་ཆད་དང་རྩ་བ་ནས་འགལ་བ་མ་རེད་དམ། རོལ་ཆ་རིགས་དགར་སྟངས་གསལ་བོར་ཤེས་འདོད་ན་ཕྲན་གྱིས་བྲིས་པའི་《རྡུང་ལེན་ནམ་དཀྲོལ་ལེན་ཞེས་པའི་ཐ་སྙད་བརྡ་དོན་ལ་ཅུང་ཙམ་དཔྱད་པ་མིག་མཐོང་ལག་ཟིན།》 དང་། ད་དུང་ནག་འདུའི་ཇོ་དཀར་གྱིས་བྲིས་པའི་《བོད་ཀྱི་སྲོལ་རྒྱུན་རོལ་ཆ་སྒྲ་སྙན་ལ་དཔྱད་པ།》སོགས་སུ་གཟིགས་གནང་ཡོད་པར་ཞུ།
    ༣ ང་རང་ཉིད་ཉན་མཁན་ཞིག་ཡིན། སྒྲ་སྙན་རྡུང་ལེན་ལ་ཧ་ཅང་དགའ་ཞེན་ཆེ། ཁྱད་པར་དུ་གྲོང་ཁྱེར་གང་རུང་ལ་སོང་ཚེ་བོད་ཀྱི་སྒྲ་སྙན་རྡུང་ལེན་གྲག་ཏུ་བཅུག་ནས་རང་མི་རིགས་ལ་ཡོད་པའི་འཚོ་བ་འདི་ཉམས་སུ་སྤྱད་ནས་བསྡད་ཡོད། ནམ་ཡིན་ཡང་བདུད་པེའི་རྡུང་ལེན་དང་བསྐལ་བཟང་གྲགས་པའི་སྒྲུང་རྟ་སོགས་ལ་ཉན་རྒྱུར་དགའ་དོན་ནི། རྡུང་ལེན་གྱི་གདངས་དབྱངས་སྙན་མོ་དེས་བོད་མིའི་སེམས་ཁུངས་སུ་སྐབས་དེའི་འཚོ་བ་དང་། བོད་མིའི་སེམས་ཁུངས་སུ་མི་རིགས་རང་གི་རིག་གནས་བག་ཆགས་ཀྱི་ངོ་བོ་གཅིག་ཏུ་འདུས་པའི་འདུ་ཤེས་ཤིག་བཞེངས་བསྐྲུན་བྱས་ཡོད་པ་དང་འབྲེལ་བ་ཡོད། ད་ལྟའི་བོད་པའི་སྤྱི་ཚོགས་སུ་རྡུང་ལེན་སོགས་ཉམས་ཆགས་སུ་འགྲོ་བཞིན་པ་འདི་རང་སྟེང་ནས་འདང་བརྒྱབ་ན། རྡུང་ལེན་གཅིག་པོའི་ཉམ་ཆགས་ཤིག་མ་ཡིན་པར་བོད་མི་ཡོངས་ཀྱི་རིགས་གནས་ཀྱི་ཉམ་ཆགས་དང་འདུ་ཤེས་ཀྱི་ཉམས་ཆགས་ཤིག་ཏུ་བལྟ་བཞིན་ཡོད། ཅེས་དྲན་གསོ་དང་ཉེན་བརྡ་ཞིག་བཏང་བར་ལག་ཟུང་ཐལ་མོ་སྦྱར་དེ་ཐུགས་རྗེ་ཆེ་ཞུ། ཁྱོད་དང་ཁྱོད་ལྟ་བུའི་མཁྱེན་དཔྱོད་ཡངས་པའི་གཞོན་སྐྱེས་འགའ་རེའི་རྣོ་དབལ་གྱི་ཤེས་རབ་ཡོད་ན། ང་ཚོ་གོ་ལ་ཟླུམ་པོ་འདིའི་ཐོག་ནས་བསྐལ་བརྒྱར་འགྲེང་བའི་སྨོན་འདུན་འགྲིག་ཡོང་།
གནས་སྐབས་སུ་བཤད་འདོད་པའི་སྐད་ཆ།    
    གླུ་བ་དང་སྙན་ངག་པ་གཉིས་མི་འདྲ་སྟེ། གླུ་བས་གཞན་གྱི་གླུ་རྙིང་བསྐྱར་ལེན་བྱས་ནས་རང་ལ་མཚན་སྙན་རྒྱས་སུ་འཇུག་ཀྱང་སྲིད་མོད། སྙན་ངག་པས་གཞན་གྱི་སྙན་ངག་བཤུ་འབྲི་བྱས་ནས་མི་སྒེར་ལ་མཚན་སྙན་སྐྲུན་མི་ནུས། སྙན་ངག་པའི་དཔེ་མཚོན་གྱིས་གླུ་བར་འཇལ་བྱེད་བྱས་ནས་དབྱངས་ཚིག་གསར་བ་དགོས་པའི་བླང་བྱ་བཏོན་པ་ལས་ད་ལྟའི་དཀྲོལ་ལེན་གྱི་དབྱངས་རྟ་ཉོག་འགྲོ་ཡི་འདུག  གཅིག་ན་རྩོམ་པ་བོར་དབྱངས་ལུགས་ཀྱི་ཤེས་བྱ་ཞན་པ་དང་། གཉིས་ནས་མི་གཅིག་གིས་དབྱངས་བརྒྱ་ཕྲག་འགའ་གསར་བརྩམས་གནང་མཛད་པས་ན། དེའི་སྤུས་ཀ་ཇི་ལྟར་བཤད། འཛམ་གླིང་གི་རོལ་མོ་བ་གྲགས་ཅན་པུའུ་ཏོའོ་ཧྥུན་གྱིས་ཀྱང་མི་ཚེ་གཅིག་ལ་དབྱངས་བདུན་ཅུ་རྩ་ཞིག་གསར་རྩོམ་མཛད་པ་རུ། མིང་དུ་གྲགས་པའི་དབྱངས་བཅུ་གྲངས་ཤིག་ལས་མེད། གླུ་བ་ཞིག་ཡིན་ན་དབྱངས་འཁྱལ་འཁྱོལ་ཞིག་གསར་རྩོམ་བྱེད་པ་ལས་གླུ་གང་དེའི་ཚབ་མཚོན་དུ་གྱུར་བའམ། ཡང་ན་རང་གི་སྐད་ཀྱི་ཆ་རྐྱེན་དང་མཐུན་པའི་གླུ་རྙིང་བ་ཞིག་ཡག་པོ་ཞིག་ལེན་པར་བརྩོན་རྒྱུ་ཤིན་ཏུ་གལ།
    གླུ་གར་གྱི་ཞིང་ཁམས་སུ་གྲགས་པའི་བོད་ཡུལ་ན། གནའ་དེང་གང་གི་ཆ་ནས་ཀྱང་གླུའི་རིགས་ཧ་ཅང་མང་། ས་པཎ་གྱི་རོལ་མོའི་བསྟན་བཅོས་སུ། སྤྱིར་ན་འཇིག་རྟེན་འདི་ན་ཡང་།། ཡུལ་དང་དུས་ཀྱི་བྱེ་བྲག་དང་།། རྒན་དང་གཞོན་ནུའི་དབྱེ་བ་དང་།། སྐྱེས་དང་བུད་མེད་ལ་སོགས་པའི།། ཁྱད་པར་ཉིད་ཀྱིས་མི་འདྲ་བའི།། དབྱངས་ཀྱི་སྦྱོར་བ་དུ་མ་མཐོང་།། ཞེས་ཡུལ་དང་དུས་ཀྱི་ཁྱད་པར་གྱིས་རང་རེའི་གངས་རི་ར་བའི་བསྐོར་བའི་ཡུལ་གྲུ་འདི་ན་གླུའི་རིགས་དུ་མ་ཞིག་མཆིས་པ་དེ། སོ་སོ་ལ་སོ་སོའི་དབྱངས་ལུགས་དང་ལེན་ལུགས། ཆ་ལུགས་སོགས་མི་འདྲ་བ་མང་དུ་མཆིས་པ་རེ་རེའི་ཁྱད་ཆོས་མ་ཡལ་བའི་སྟེང་ནས་ལེན་རྒྱུ་གལ་ཆེན་རེད། དེ་ལུགས་མ་ཤེས་པར་ལག་ལ་གང་རྙེད་རང་བསམ་གྱིས་བླངས་ན་ཐམས་ཅན་དཀྲུག་པའི་རྒྱུ་རུ་གྱུར་པས། ཐུགས་འཛེམ་གནང་བར་འཚལ། ས་པཎ་གྱི་རོལ་མོའི་བསྟན་བཅོས་སུ། དབུས་པ་རྣམས་ནི་ལྡིར་ཞིང་འགྱུར།། གཙང་བ་འཚེར་ཞིང་གསལ་བ་ཡིན།། གཙེར་ཞིང་མདུད་པ་མངའ་རིས་པ།། ཁམས་པ་རྣམས་ནི་བརྗིད་ཅིང་གྱོང་།། དེ་ལྟར་དེ་དག་རྣམས་ལ་ཡང་།། སོ་སོར་ཕྱེ་ན་རྣམ་པ་མང་།། མདོར་ན་སྐད་གདངས་བྱེ་བྲག་གིས།། རང་ལ་ལྷན་གཅིག་སྐྱེས་བ་ཡི།། འགྱུར་གྱི་བྱེ་བྲག་ཤེས་པར་བྱ།། སློབ་དཔོན་གཞན་གྱིས་བསྒྱུར་བ་ན།། ཚོས་རྩི་བཞིན་དུ་བསྒྱུར་དུ་རུང་།། ཞེས་པ་བཞིན། ཁྱོད་ཀྱིས་གླུ་གང་ཞིག་བླངས་ན་རིགས་དེའི་ཕྱོགས་ཀྱི་སློབ་དཔོན་བརྟེན་ཏེ། གླུ་དེའི་དབྱངས་ཀྱི་སྒྱུར་ལུགས་མ་ནོར་བ་ཞིག་བྱ་རྒྱུ་གལ་ཆེའོ།། འདི་ནི་གནས་སྐབས་སུ་བཤད་འདོད་པའི་ནང་གཏམ་ཡིན།
      
                                                                                                           ༢༠༡༧ལོའི་ཟླ་༡༠ཚེས་༡༨ཉིན་ལ།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲུག་མོའི་ཇ་མཁར་ནས་རྡུང་ལེན་སྒྱུ་རྩལ་གླེང་བའི་གཏམ།

2017-10-22 རྡོ་རེད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།