བོད་ཀྱི་རྩོམ་རིག་སྐོར་གྱི་བསམ་གཞིགས་ཕྲན་བུ།

གཅོད་པ་ཐར།(རྩེ་ཁོག) 琼迈文学网 2019-10-06

 སྤྱིར་རྩོམ་རིག་ནི་སྐད་ཆའི་བདག་ཉིད་ཅིག་དང་མི་ཚེའི་གནས་ལུགས་ཤིག་ལ་གོ་ན་ཧ་ཅང་བཟང་འདོད། རང་རྒྱལ་ལ་མཚོན་ན་<<ཁུང་དབྱི་ཅི།>>དང་<<ལིས་ཙི་ཁྲིན།>>སོགས་ཀྱིས་མཚོན་པའི་རྒྱ་ཡིག་གི་རྩོམ་རིག་སྐར་ཚོགས་ལྟ་བུ་ཡོད། ངེད་ཅག་ལ་ནི་<<མི་ལའི་རྣམ་མགུར།>>དང<<ཞབས་དཀར་བའི་མགུར་མ།>>སོགས་ནས་རྩོམ་རིག་གི་སྣང་བརྙན་འདྲ་བ་ཞིག་ཐོག་མར་ཆགས་པ་རེད། དེའི་སྟོད་ཀྱི་ཆ་ལ་རྩོམ་རིག་གི་གཟུགས་རིས་ཅན་ལྟ་བུ་བདོག་ནི་སྲིད་ཀྱང་ཡ་མཚན་འཐུས་ཚང་དང་ལྷུན་ཆགས་ཟེར་བ་ཤིག་ནི་བགྲང་ཐབས་བྲལ། དེང་གི་ཆར་ནི་བཀྲ་ཤིས་དཔལ་ལྡན་ལགས་ཀྱི་<<སང་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས།>>སོགས་བརྩམས་སྒྲུང་གི་སྐོར་དང་། གཅན་རང་སད་ཀྱི་<<ལང་ཚོའི་ཞབས་རྗེས།>>སོགས་སྙན་ངག་གི་སྐོར་བཅས་མི་རིགས་ཤིག་གི་འཚོ་བའི་གནས་བབས་དང་བརྩེ་བའི་རང་ཞལ་སོགས་ཁྲ་ཆི་ལེར་སྟོན་ཐུབ་པའི་རྩོམ་ཡིག་དེ་འདྲ་ཡོད་པ་རེད། གཅིག་བྱས་ན་རྩོམ་རིག་ནི་རིག་གནས་ཀུན་ལས་ཁྱད་པར་འཕགས་ཞེས་བརྗོད་དཀའ་མོད། ཡིན་ཡང་ང་ཚོར་ཤེས་བརྒྱ་སྐྱེད་བྱེད་ཀྱི་རྒྱང་མཐོང་ཞིག་ཅིས་ཀྱང་ཡིན་ས་རེད།

  རྩོམ་རིག་གི་རྨང་རྐང་འམ་གདོང་རིས་དེ་དང་པོ་ས་གཞི་དང་རི་ར་བ་ཁང་ཁྱིམ་ལ་སོགས་པའི་ས་གནས་གང་སར་འཁྱར་ནས་ཡོད། རྩོམ་མཁན་གྱིས་དེ་དག་བསྡུ་བསྒྲིགས་ཡག་པོ་བྱས་ཏེ་རང་ཅག་མིའི་རིགས་ཀྱི་འདོད་འདུན་གང་ཞིག་གི་ཁ་སྐོང་དུ་འཇོག་དགོས་ཡོད། ང་ཚོའི་རླངས་འཁོར་ཀྱི་ཡན་ལག་དེ་དག་ཀྱང་ཐོག་མ་སྐྱེ་དངོས་དང་རི་བྲག་ལ་སོགས་པའི་འབྱུང་གཞིའི་ལྟོ་བར་འབྱར་ནས་ཡོད། བཟོ་བཀོད་པའི་དེ་དག་བཙག་ལེན་བྱས་དེ་ཐོན་སྐྱེད་བྱས་པས། ད་བཟོད་རླངས་འཁོར་བྱ་བ་འདི་བྱུང་ནས་འུ་ཚོའི་འགྲུལ་བསྐྱོད་ལ་སྟབས་བདེ་ཐོན་པ་རེད། དཔེ་དེ་བཞིན་དུ་རྩོམ་མཁན་གྱིས་ཀྱང་ཁྱད་མཚར་བའི་བརྗོད་བྱ་དང་གོ་སླ་བའི་སྐད་ཆ་སོགས་འབད་པའི་བཙལ་འོང་ཏེ་ང་ཚོའི་གང་ཟག་ལ་ཡང་དག་གི་ལམ་བུ་དེ་ཤུགས་ཀྱིས་སྟོན་དང་འཆད་དགོས་ཡོད། རྩོམ་མཁན་ནི་ཡི་གེའི་ལྷུ་ལག་བསྒྲིགས་ཏེ་མི་ཡུལ་ལ་རྟོགས་སད་ཀྱི་བརྙན་འཕྲིན་བཟོ་མཁན་ཡིན། བརྙན་འཕྲིན་དེ་ལ་བརྟེན་ནས་སྤྱི་ཚོགས་ཧྲིལ་བོ་བསམ་བློ་ཅན་དང་ཀུན་སྤྱོད་ཅན། ཡོན་ཏན་ཅན་ཞིག་ཏུ་བསྒྱུར་བཀོད་བྱེད་ཐུབ་སོང་ཚེ། ད་གཟོད་རྩོམ་མཁན་གྱི་འགན་འཁུར་འགྲུབ་སོང་བ་རེད་སྙམ། ད་གཟོད་རྩོམ་རིག་གི་འགན་ཁྲི་ཡང་འགྲུབ་སོང་བ་རེད་སྙམ། འདི་ནི་རང་གི་སྒེར་སྣང་ཙམ་ཡིན། གཞན་དུ་ན་སྐུ་ཞབས་ལུའུ་ཞུན་གྱིས་“རྩོམ་ཡིག་ཇི་ལྟར་འབྲི་དགོས་ཞེ་ན། ང་ལ་ཡང་གསལ་བོ་ཞིག་བཤད་རྒྱུ་མེད། འདི་ནི་ངའི་རྩོམ་ཡིག་བྲིས་ནས་ཤེས་བ་ཡིན”ཞེས་སོགས་གསུང་མྱོང་ཡོད་པས། ལུགས་འདི་ལྟར་ན་འདི་དང་གན་བྱས་ནས་འབྲི་དགོས་ཞེས་འུར་ནི་ནམ་ཡང་རྒྱག་མི་རིགས་པ་རེད།

  དེ་ནས་རང་ཅག་ལྟ་བུར་མཚོན་ན་གོང་དུ་བཤད་ཟིན་ལྟར། 《མི་ལའི་རྣམ་མགུར།》སོགས་ནས་མགོ་རྒྱས་ཏེ་རྩོམ་རིག་ཅེས་པའི་རིག་པ་འདི་བྱུང་བ་རེད། མཁས་དབང་དགེ་ཆོས་དང་སྐུ་ཞབས་རང་གྲོལ་གཉིས་ནི་རྩོམ་རིག་པ་མང་པོའི་ཁྲོད་ནས་ཆེས་འབུར་དུ་ཐོན་མཁན་གཉིས་ཡིན། ལྷག་དོན་སྐུ་ཞབས་རང་གྲོལ་ལགས་ནི་རང་མོས་སྙན་ངག་གི་ལྟེང་ཀ་གསར་འདོན་བྱེད་མཁན་ཡིན་པས། ཁ་བའི་རྩོམ་རིག་ལོ་རྒྱུས་སྟེང་བསུབ་དཀའི་བྱས་རྗེས་བཞག་གནང་ཡོད། འདི་གཉིས་ཀྱི་དུས་རབས་ནང་རྩོམ་མཁན་གཞན་པ་ཡང་ཕྱར་བ་གྲུ་འདེགས་དང་ཤེས་བྱའི་གདོང་ལེན་མཁན་དུ་ལངས་ཏེ། ང་ཚོ་ལ་ཤ་ཚ་རུས་འདར་གྱི་གཏམ་གང་མང་བསྒྲགས་ཡོད་པ་རེད། དེང་སང་སློབ་གྲྭ་ཞེས་པའི་རྨོང་སེལ་ར་བ་འདིའི་དྲིན་གྱིས། མི་རེའི་ཁ་ན་རྩོམ་རེ་འདུག་པའི་དུས་རབས་ཤིག་ཏུ་སླེབས་འདུག མ་ཟད་སྤེལ་སྟངས་ཀྱི་ཆ་ནས་ཡང་སྔོན་མ་ཤིང་དཔར་དང་ཤོག་བུ་ཅན་ནས་ད་ལྟ་སྨྱན་གཟུགས་སོགས་ཀྱི་ཚན་རྩལ་གྱི་ལམ་དུ་ནུར་འདུག་པ་འདི་རེད། དུས་རབས་ཀྱི་འགྲོས་དང་བསྟུན་པ་ནི་ཀླད་པ་ཅན་གྱི་ཚུགས་ཀ་དངོས་རེད་བཞག ཡིན་ཡང་ཕྲན་གྱི་བསམ་ཕྱོགས་ལ་མི་རིགས་སུའི་རྩོམ་རིག་ཡིན་རུང་། དེ་ལ་ཕྱིའི་མཛེས་པ་དང་ནང་གི་མཛེས་པ་ཞིག་ཡོད་སྣང་འདོད། དེའི་མི་ཚད་དེ་གཉིས་གོང་འཕེལ་དུའང་འགྲོ་ཐུབ་འདོད། ད་དུང་ཕྱི་ནང་གི་མཛེས་པ་དེ་གཉིས་གོང་འཕེལ་འགྲོ་དགོས་ན། ཐོག་མར་མི་རིགས་གང་དེའི་བསམ་བློ་དང་འཚོ་བ་གོང་འཕེལ་འགྲོ་དགོས་འདོད། མཛེས་པ་འདི་གཉིས་གོང་དུ་མ་འཕེལ་བར་ང་ཚོས་ཕྱི་ཚུལ་ནས་དུས་རབས་ཀྱི་རུ་རྗེས་ཆོད་གཟུགས་སྟོན་པ་འདི་ངེས་དོན་གྱི་འཕེ­­­ལ་རྒྱས་ཤིག་མ་རེད་འདོད། ད་སྐབས་ནུབ་གླིང་གི་རྩོམ་རིག་ལ་རླུང་རྟ་རྒྱུག་པ་འདི་ཡང་གཞན་ཞིག་མ་ཡིན་པར་དེ་ཚོས་འདིའི་གནས་ལུགས་ཤེས་པས་རེད་སྙམ། དེ་བས་འུ་ཚང་གི་རྩོམ་རིག་འདི་ད་རུང་ཡང་ལྟོས་བཅས་ཀྱིས་སྐྱར་ཟློས་ཅན་དང་མཛེས་ཤོར་ཅན། ཡང་ན་འཚོ་བ་དང་ཐག་རིང་ཅན་ཞིག་དུ་སྣང་ནས་འདུག་སྙམ། སྒོས་སུ་རང་མོས་སྙན་ངག་ལྟ་བུར་མཚོན་ན། བརྗོད་བྱ་དང་ལང་ཕྱོགས་སོགས་ཀྱི་མག་མོག་དང་འཁྱར་འཁྱོར་ལྟ་བུའི་ཆ་མཐུག་དྲགས་སོང་བས། འཇིག་རྟེན་གྱི་འདྲ་འབྲེལ་དང་རང་གཟུགས་ཟེར་བ་དེ་གབ་ཚིག་དང་རབ་རིབ་ལྟ་བུ་ཞིག་དུ་བཟོས་འདུག་སྙམ། ད་དུང་སྙན་ངག་གི་མཐའ་མའི་འབབ་ཐང་དེ་ཡང་འཁོར་བ་ཡི་ནང་ཞིག་མ་ཡིན་པར་དེ་ལས་འདས་པའི་ཐང་ཞིག་ལ་གཟས་འདུག་པས་འདི་ནི་གླུ་ལེན་ཞོར་དང་རི་དྭགས་བཤོར་ཞོར་ལྟ་བུའི་དཔེ་མི་སྲིད་པ་ཞིག་མིན་ནམ་ཡང་སྙམ་ཡོང་ངོ།།

  རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བོད་ཀྱི་རྩོམ་རིག་སྐོར་གྱི་བསམ་གཞིགས་ཕྲན་བུ།

2019-10-06 གཅོད་པ་ཐར།(རྩེ་ཁོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།