སྐད་འཕྲིན་དང་འབྲེལ་ཏེ་བརྩམས་སྒྲུང་གི་མི་སྣའི་གཏམ་གླེང་སྐོར་གྱི་དྲན་ཚུལ་ཞིག

  སྐད་འཕྲིན་ཞེས་པའི་དེང་རབས་ཀྱི་ཡོ་ཆས་འདི་ནི་ལེགས་ཉེས་དང་དགེ་སྐྱོན་གཞི་གཅིག་ཏུ་འདྲེས་པ་ཞིག་རེད། ཡིན་ཡང་དེ་དག་རེ་རེ་བཞིན་བརྗོད་པའི་ངལ་བ་ལྷུར་ལེན་པར་མི་བྱ་སྟེ། འདི་རུ་བརྩམས་སྒྲུང་འབྲི་མཁན་རྣམས་དམིགས་སུ་བཟུང་སྟེ་སྐད་འཕྲིན་ལ་མངའ་བའི་དགེ་མཚན་བྱེ་བྲག་པ་གཅིག་རང་གི་ཉམས་མྱོང་དང་སྦྲགས་ཏེ་རགས་ཙམ་གླེང་བར་ཤིན་ཏུ་སྤྲོ།

  དེང་སྐབས། སྐད་འཕྲིན་ནི་སྤྱོད་སྒོ་ཆེས་ཆེ་བའི་ཡོ་ཆས་ཤིག་ཏུ་གྱུར་འདུག འདི་ཡིས་ཤོག་སྒོར་ཕན་ཚུན་བརྗེ་བའི་ཚབ་བྱས་ཟིན་ལ། དཔེ་དེབ་དངོས་སུ་ཉོ་བའི་ཚབ་ཀྱང་བྱེད་བཞིན་པའི་སྒང་ལ་ཐུག་འདུག འདི་ཡིས་མི་སུ་ཞིག་འཚོལ་དགོས་ན་སྐད་ཅིག་ཙམ་གྱི་ཡུན་ལས་མི་དགོས་ཤིང་། མི་སུ་དང་ཁ་བརྡ་བྱ་དགོས་ཚེ་བྱེད་ནུས་ཀྱང་སྣ་མང་སྣ་ཚོགས་མཆིས། དེས་ན། བརྩམས་སྒྲུང་འབྲི་མཁན་ཞིག་ལ་མཚོན་ན། སྐད་འཕྲིན་ཞེས་པའི་ཡོ་ཆས་འདི་བེད་ཡག་པོ་སྤྱད་ཚེ། འདི་ལ་ཕན་ནུས་ཀྱང་འགའ་རེ་ཡོད་སྙམ་སྟེ། བྱེ་བྲག་ཏུ་གཅིག་བརྗོད་པ་ལ་ཁྱེད་ཀྱིས་ཐད་ཀར་དུ་ཡི་གེ་ལམ་ནས་ཕ་རོལ་པོ་དང་ཁ་བརྡ་བྱེད་དུས་སུ། ཅི་ནུས་ཀྱིས་ཁ་སྐད་སྤངས་ཏེ་ཡིག་སྐད་སྤྱད་ན་ནི་བརྩམས་སྒྲུང་གི་མི་སྣའི་གཏམ་གླེང་ལ་རྔོ་ཐོགས་པར་ཁོ་བོས་འདོད།

  ཇི་ལྟར་ཞེ་ན། བརྩམས་སྒྲུང་ནི་སྤྲོས་བརྗོད་དང་བཀོད་འབྲི་གཙོ་ཆེར་འཛིན་པའི་ལས་ཀ་ཞིག་ཡིན་མོད། གཏམ་གླེང་ནི་ཆེས་སྤྱོད་སྒོ་ཆེ་བའི་ཐབས་ཤིག་ཡིན། ཡང་གཅིག་བཤད་ན། མི་སྣའི་གཏམ་གླེང་ལེགས་པར་སྤྱོད་པའི་ཐབས་ཤེས་དེས་རྩོམ་པ་པོ་ཞིག་གི་འཇོན་ནུས་དང་ཤེས་རབ། བརྩམས་སྒྲུང་ལ་མངའ་དབང་བསྒྱུར་བའི་ཆུ་ཚད་སོགས་མཚོན་ཐུབ་ཅེས་བརྗོད་ཀྱང་ཐལ་དྲགས་པ་ཞིག་ཁྱོན་ནས་མིན། གུག་རྟགས་ནང་གི་སྐད་ཆ་དེ་དག་ནི་ཀློག་པ་པོ་དང་ཆེས་ཐག་ཉེ་བའི་སྐད་ཆ་དེ་ཡིན་ལ་སྐབས་རེར་གུག་རྟགས་ནང་གི་སྐད་ཆ་དེ་ནི་ཀློག་པ་པོའི་སེམས་ཁོང་གི་སྐད་ཆ་ངོ་མ་དེ་ཡིན་པའང་ཡོད། དེའི་ཕྱིར། རྣམ་དཔྱོད་ལྡན་པའི་རྩོམ་པ་པོ་ཡིས་སྐབས་གང་ཞིག་ལ་སྐད་ཆ་ཅི་ཞིག་འབྲི་བ་ཤེས་ཡོད་པ་མ་ཟད། མཚམས་གང་ཞིག་ཏུ་སྐད་ཆ་ཇི་ལྟར་བརྗོད་དགོས་པའང་རྟོགས་ཡོད། འོན་ཀྱང་། མི་སྣའི་གཏམ་གླེང་གི་དགེ་སྐྱོན་དང་སྤང་བླང་མ་ཤེས་པར་གང་འདོད་དུ་གཏམ་གླེང་བྲིས་པ་ཡིན་ན་གཅིག་ནས་སྒྲུང་གཏམ་གྱི་རིན་ཐང་ལ་གནོད་པ་བཟོ་ཞིང་། གཉིས་སུ་ཀློག་པ་པོའི་འདུན་པ་ལའང་བར་ཆད་གཏང་ངེས།

  བརྩམས་སྒྲུང་གསར་རྩོམ་ལ་འཇུག་པའི་ལས་དང་པོ་བ་མང་པོ་ཞིག་གིས་མི་སྣའི་གཏམ་གླེང་དེ་འབྲི་སླ་བར་སྙམ་ནས་དགོས་མེད་ཀྱི་གཏམ་གླེང་འབྲི་བ་ཧ་ཅང་མང་། དེ་ནི་ནོར་འཁྲུལ་ཅིག་སྟེ་བརྩམས་སྒྲུང་གི་མི་སྣའི་གཏམ་གླེང་ལ་དང་དོད་བྱེད་མཁན་ཞིག་ལ་མཚོན་ན། དེ་ནི་ཧ་ཅང་དཀའ་ཁག་ཆེ་བའི་ལས་ཀ་ཞིག་ཡིན་པ་ཤེས་ཐུབ། བཀོད་འབྲི་དང་སྤྲོས་བརྗོད་ནི་རྩོམ་པ་པོའི་དབང་འོག་ཏུ་ཚུད་པའི་ལས་ཀ་ཞིག་ཡིན་ཏེ། དེའི་རྩོམ་མཁན་གང་དེའི་རྩོམ་གཤིས་དང་སྐད་ཆའི་ཁྱད་ཆོས་མཚོན་ཐུབ་པས་ན། དེ་རྩོམ་པ་པོ་དང་ཧ་ཅང་ཐག་ཉེ་བོ་འདུག་ཅེས་བཤད་ཆོག འོན་ཀྱང་གཏམ་གླེང་ནི་བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་གང་དེའི་ངག་ལས་བརྗོད་པའི་སྐད་ཆ་ཡིན་ཕྱིར། སྐད་ཆ་དེ་དང་རྩོམ་པ་པོ་གཉིས་ཀྱི་བར་ཐག་ཧ་ཅང་རིང་སྟེ་སྐད་ཆ་དེས་བརྩམས་སྒྲུང་ནང་གི་མི་སྣའི་གཤིས་ཀ་དང་སེམས་ཁམས་སོགས་མཚོན་ཐུབ་པ་ལས་རྩོམ་པ་པོའི་རྩོམ་གཤིས་མཚོན་མི་ཐུབ། དེའི་ཕྱིར། མི་སྣའི་སྐད་ཆ་ནི་མི་སྣའི་གཤིས་ཀ་དང་ཁོར་ཡུག སེམས་ཁམས་དང་སྐྱེ་འཚར་བྱུང་སའི་ཡུལ་ལུང་སོགས་ལ་བསྟུན་དགོས་པ་ཞིག་ཡིན།

  ཡིན་ཡང་། བརྩམས་སྒྲུང་ནང་གི་མི་སྣའི་སྐད་ཆ་ནི་ཡུལ་ལུང་སོ་སོའི་ཁ་སྐད་ལྟར་བྲིས་ན་མི་ཆོག་པ་གཏན་ནས་མེད། བརྩམས་སྒྲུང་རང་སྟེང་ནས་བསམ་བློ་བཏང་ན་ཁྱོད་ཀྱི་མི་སྣ་དེ་ཡུལ་གང་ནས་བྱུང་ན་ཡུལ་དེའི་ཁ་སྐད་ཀྱིས་བྲིས་ན་བཟང་མོད། མིག་སྔའི་བོད་ཀྱི་སྤྱི་སྐད་གཅིག་གྱུར་མ་ཡིན་པ་དང་། ཡིག་སྐད་ཀྱིས་ཡུལ་སྐད་ཀྱི་རྗེས་ཆོད་ཀྱིན་མེད་པའི་དམིགས་བསལ་གྱི་གནས་བབ་འདི་འདྲའི་འོག་ཏུ། བརྩམས་སྒྲུང་གི་མི་སྣའི་སྐད་ཆ་དེ་ཁ་སྐད་ལ་གཞོལ་ཚེ་རང་མི་རིགས་ཀྱི་སྐད་ཡིག་ལ་གཏོར་བརླག་ཆེན་པོ་བཟོ་ཉེན་ཆེ། དེའི་ཕྱིར་དུ། བརྩམས་སྒྲུང་པ་རྣམས་ཀྱིས་བརྩམས་སྒྲུང་དུ་ཐད་ཀར་ཁ་སྐད་མང་པོ་དྲངས་ན་ནི་སྤྱི་ལ་དེ་ཙམ་མི་ཕན་པའི་དགོས་དབང་གིས། ཅི་ནུས་ཀྱིས་སྤྱི་སྐད་དམ་ཡིག་སྐད་འབྲི་བའི་ལས་ལ་གཞོལ་དགོས་ཏེ། འདི་ནི་སྐད་ཆའི་འཛུགས་སྐྲུན་ཞིག་ཡིན་པ་མ་ཟད་སྤྱི་སྐད་ཆགས་པའི་རྨང་གདན་ཞིག་ཏུའང་ཅིས་ཀྱང་འགྲོ་ངེས་པར་སྙམ། མ་འོངས་པའི་དུས་ཤིག་ན། རང་རེའི་སྐད་ཡིག་འཕེལ་རྒྱས་སུ་ཕྱིན་ཏེ་སྤྱི་སྐད་ཚད་ལྡན་ཞིག་ཆགས་པ་དང་ཡིག་སྐད་ཀྱིས་ཁ་སྐད་ཀྱི་རྗེས་ཆོད་པའི་ཚེ་ན་ང་ཚོས་བརྩམས་སྒྲུང་ཁྲོད་ཀྱི་མི་སྣའི་སྐད་ཆ་ཡང་ཁ་སྐད་རྐྱང་རྐྱང་དུ་བྲིས་ཀྱང་གནོད་པ་ཅི་ཡང་མི་འདུག་གོ།

  དེ་ཡི་ཕྱིར་ན། བརྩམས་སྒྲུང་པ་རྣམས་ཀྱིས་དུས་རྒྱུན་འཚོ་བའི་ཁྲོད་དུ། སྐད་འཕྲིན་བརྒྱུད་ནས་མི་སྣ་ཚོགས་དང་ཁ་བརྡ་བྱེད་བཞིན་ཡོད་ཅིང་། ཁ་བརྡ་མང་ཤོས་ནི་ཡི་གེའི་ལམ་ནས་སྤེལ་བཞིན་ཡོད་པས། གལ་སྲིད། ཕ་རོལ་པོ་དེ་བརྩམས་སྒྲུང་ནང་གི་མི་སྣ་ཞིག་ཏུ་བསམས་ཏེ་སྤྱིར་བཏང་གི་ཁ་བརྡ་སྣ་ཚོགས་ལ་དང་དོད་མཛད་ནས་ཡིག་སྐད་ཕྱོགས་སུ་གཞོལ་ཅི་ཐུབ་འབད་ཚེ། དེས་ཁྱོད་ཀྱི་བརྩམས་སྒྲུང་ནང་གི་མི་སྣའི་གཏམ་གླེང་ནི་ཉིང་བསྡུས་དང་གནད་དུ་ཐིངས་པ་ཞིག་ཡོང་བར་སྦྱོང་བརྡར་བྱ་ཐུབ།

  མདོར་ན། བརྩམས་སྒྲུང་ཕལ་མོ་ཆེ་རུ་མི་སྣའི་གཏམ་གླེང་གིས་སྤྲོས་བརྗོད་དང་བཀོད་འབྲི། དཔྱད་གླེང་དང་གསལ་བཤད་སོགས་ཀྱི་ཚབ་བྱས་ནས་བྱུང་རིམ་མདུན་དུ་འདེད་ཅིང་མཐོ་རུ་འདེགས་པར་བྱེད་ཅིང་། བརྩམས་སྒྲུང་གི་བྱུང་རིམ་ལ་སྒོ་འབྱེད་དང་སྣེ་ཁྲིད། སྐུལ་འདེད་དང་སྐྱོར་འབོལ་གྱི་ནུས་པ་ཡང་ཐོན་ཐུབ་པར་བསྟུན། བརྩམས་སྒྲུང་གསར་རྩོམ་གྱི་ལས་ལ་འཇུག་མཁན་ཞིག་ཡིན་ན་མི་སྣའི་གཏམ་གླེང་གང་འདོད་དུ་སྤྱོད་མི་རུང་ལ་དགོས་མེད་ཀྱི་གཏམ་གླེང་དག་ཅི་ནུས་ཀྱིས་སྤངས་ཏེ། ཉིང་བསྡུས་རང་བཞིན་གྱི་གཏམ་གླེང་ལ་བརྟེན་ནས་བརྩམས་སྒྲུང་གི་བྱུང་རིམ་ལ་རམ་འདེགས་དང་མཐོར་འདེགས་བྱེད་པར་ཅིས་ཀྱང་འབད་དགོས་ཤིང་། འབད་པ་འདི་ལ་ཆེད་དུ་གཞན་གྱི་སློབ་ཁྲིད་ལ་ཉན་པ་དང་མཛུབ་སྟོན་ལ་རེ་བའི་ངལ་བ་ཡང་བསྟེན་མི་དགོས་ཏེ། མི་རང་ཉིད་དང་དོན་ཆུང་ངུ་། དུས་ད་ལྟ་ནས་འགོ་བརྩམས་ཏེ། དུས་རྒྱུན་འཚོ་བའི་ཁྲོད་དུ་སྐད་འཕྲིན་བརྒྱུད་ནས་མི་གཞན་ལ་ཁ་བརྡ་བྱེད་དུས་སུ། རང་གི་ཁ་བརྡ་ལ་དང་དོད་བྱས་ཏེ་ཡིག་སྐད་འབྲི་བའི་གོམས་སྲོལ་ཆགས་པ་ཡིན་ན། དེས་ཁྱོད་ཀྱི་བརྩམས་སྒྲུང་ནང་གི་མི་སྣའི་གཏམ་གླེང་ལ་སྦྱོང་བརྡར་ལེགས་པོ་ཞིག་བྱ་ཐུབ་པ་ནི་སྨོས་མ་དགོས་པ་ཞིག་ཡིན་པར་འདོད་དོ། །

རྩོམ་སྒྲིག་པ། ལྷ་སྐྱིད།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།