ང་ཡི་ཨ་མ་ལགས།

  ང་རང་འཇིག་རྟེན་འདིར་རྡོག་ཐོན་བྱུང་ནས་མི་ལོ་ཉི་ཤུ་འགོར་འདུག མི་ལོ་ཉི་ཤུའི་རིང་ཨ་མ་ལགས་ཀྱིས། ང་རང་སེམས་ཀྱིས་འཚོས་ཤིང་ཕྱག་གིས་བསྐྱོར་ནས་ཡོང་བ་ཡིན་ཨང་། ཨ་མ་ལགས་ཀྱི་མིག་མདུན་དུ་ང་ནི་ནམ་ཡང་འཚར་ལོངས་འབྱུང་ཐབས་མེད་པའི་བྱིས་པ་ཞིག་སྟེ། ཨ་མ་ལགས་ཀྱིས་ནམ་རྒྱུན་ང་ལ་མ་ལོ་ཞེས་འབོད་ངེས། འབོད་སྟངས་དེའང་སྙིང་དུ་སྡུག་པ་ལ།

  ཨ་མ་ལགས་ཀྱིས་བཤད་ན། ང་ནི་ཀྱ་ཙེ་གོམ་ཙེ་སྤོ་བའི་བྱིས་པ་ཡིན་དུས་ནས་ཨ་མ་ལགས་ལས་ཨ་ཕ་ལ་དགའ་ཞིང་། ཨ་མ་ལགས་ཀྱིས་ཅི་བཤད་ཁ་མི་ཉན་པར་ཕྱིར་ཚིག་ལན་ལྡོག་མཁན་དེའི་རིགས་ཡིན་ཟེར། དེའང་བདེན་པ་འདྲ་སྟེ། བདག་གི་བྱིས་དུས་ཀྱི་དྲན་པའི་ངོས་སུ་ད་དུང་ཡང་གསལ་ལམ་མེར་བཀྲ་བ་ནི། ནམ་རྒྱུན། ཨ་ཞང་ཨ་ནེ་ངེད་ཚང་དུ་ཐོན་ཏེ་ང་ལ་ཁ་སློང་བའི་ཚུལ་གྱིས། ཨ་ཕ་ཨ་མ་གཉིས་ལས་ཁྱོད་ལ་སུའི་དགའ། ཁྱོད་སུའི་གཅེས་ནི་རེད་ཅེས་དྲིས་ཚེ། ངས་ནི་ནམ་ཞར་ཐེ་ཚོམ་སྤུ་ཙམ་མེད་པར་ཨ་ཕ་གདམས་པར་བྱས་ཏེ། ཨ་ཕའི་དགའ། ཨ་ཕས་ང་གཅེས་ནི་རེད་ཅེས་སྨྲས་པ་ད་རུང་ཡང་དྲན་གི་འདུག ད་ལྟ་བསམ་ན་ཅི་འདྲའི་དགོད་བྲོ་བ་ལ། ཡང་སྙིང་ང་ལ་ཨ་ཕ་ཨ་མ་གཉིས་ལས་སུའི་དགའ་བ་དང་སུའི་འདང་ཆེ་བ་ང་རང་གིས་ཀྱང་ཤེས་ཀྱིན་མེད། ལོ་དང་ཟླ་བ་ཇི་ལྟར་འགོར་ཡང་། སེམས་ཀྱི་འཁྱེར་སོ་ཅི་ཙམ་བརྗེས་ཀྱང་གཏན་ནས་ཤེས་མི་ཐུབ་པ་འདྲ།

  ང་རང་ནར་སོན་གྱིན་སོན་གྱིན་དུ། ཨ་མ་ལགས་དང་ཁ་ཐག་ཉེ་བར་བཏུད་གྱིན་པའི་ཚོར་བ་ཞིག་བྱུང་། ཉི་མ་རེ་རེ་བཞིན་ཨ་མ་ལགས་ལ་རྩིས་ཇེ་ཆེ་དང་འདང་ཇེ་ཟབ་རེད། ཆུང་ནས་ད་བར་ཨ་མ་ལགས་ཀྱིས་ངའི་དོན་དུ་མྱངས་བའི་དཀའ་ངལ་དང་སེམས་ཚེགས་ཡོད་ཚད། ཨ་མ་ལགས་ཀྱིས་རེ་རེ་བཞིན་ང་ལ་བཤད་མ་མྱོང་ནའང་། ན་ཚོད་ཆེས་ཆེར་སྨིན་གྱིན་པའི་འགྲོས་དང་བསྡོངས་ནས་ངས་ཏོག་ཙམ་ཤེས་གྱིན་ཡོད་ལ། ཅི་ཡང་ཤེས་ཀྱིན་མེད། ཐ་ན་མི་ཚེ་གང་བོར་ཡང་ཤེས་མི་སྲིད་པ་འདྲ། ངས་ཨ་མ་ལགས་ལ་དྲིན་ལན་གྱི་ཆ་ཤས་ཉུང་ངུ་ཙམ་ལྟ་ཅི། ཐ་ན་ཨ་མ་ལགས་ལ། བཀའ་དྲིན་ཆེ། ཞེས་པའི་སྐད་ཆ་ཙམ་ཡང་བཤད་མ་མྱོངས། འདི་ལྟར་བསམ་ཞིང་བསམ་ན་ངས་ནི་ཅི་ཡང་འཁྱོངས་མི་འདུག ཨ་མ་རེ་འདོད་བཞིན་ཁ་ལེན་ཚིག་བརྩི་བྱེད་པའི་བུ་ཕྲུག་ཅིག་ཀྱང་འཁྱོངས་མི་འདུག

  ཨ་མ་མཛངས་མ་དགེ་བའི་བཤེས་གཉེན་ཡིན་ཞེས་པ་ལྟར། ཨ་མ་ལགས་རིག་པ་སྤྱང་པོ་དང་བློ་རིག་གསལ་མོ་ཡོད་པས་ཨ་མེས་ཡང་མེས་ཀྱིས་བཤད་པའི་གནའ་གཏམ་དག་བློ་ན་ཡོད། ང་རང་གཏམ་རྩིས་ཆེ་བས་ནམ་རྒྱུན་མཚན་མོར་ཨ་མ་ལགས་ཀྱིས་ང་ལ། གེ་སར་སྒྲུང་། དྲི་མེད་ཀུན་ལྡན་སོགས་གནའ་གཏམ་མང་པོ་བཤད་མྱོང་། སྐབས་ལན་རེར་གཏམ་རྒྱུད་དེ་དག་གིས་སེམས་འགུལ་ཐེབས་ཏེ་མིག་ཆུ་བཏོན་ནས་སེམས་སྡུག་གིས་ཁེངས་མྱོངས། ལན་རེར། ང་ལ་གབ་ཚིག་བཞག་ནས་བློ་རིག་མྱུར་མིན་བལྟས་མྱོང་། བག་ཆགས་དེ་དག་ད་དུང་ཡང་དྲན་པའི་རྩིག་ལྡེབས་ངོས་སུ་རྡོ་བརྐོས་རི་མོ་ཇི་བཞིན་ཡལ་ཐབས་བྲལ།

  ཨ་མ་ལགས་སློབ་གྲྭར་འགྲོ་མ་མྱོང་ནའང་། ངའི་མི་ཚེའི་དགེ་རྒན་ཐོག་མ་ཨ་མ་ལགས་ཡིན། ང་རང་སློབ་གྲྭར་མ་སོང་བའི་སྔ་རོལ་ནས་ཨ་མ་ལགས་ཀྱིས་ང་ལ་ཀ་མད་སུམ་ཅུ་དང་དབྱངས་བཞི་འབྲི་ལུགས་དང་འདོན་ལུགས་ཁྲིད་མྱོངས། གྲངས་གནས་གཅིག་ནས་བཅུ་བར་རྩི་ལུགས་བསླབ་མྱོངས། དོན་ངོ་མས་ཨ་མ་ལགས་ཀྱིས་ཀྱང་ཀ་མད་སུམ་ཅུ་དང་དབྱངས་བཞི། གྲངས་གནས་གཅིག་ནས་བཅུ་བར་བརྩི་ཚུལ་ལས་ཅི་ཡང་མི་ཤེས་པ་འདྲ། དེ་དག་ཀྱང་ཨ་མ་ལགས་ཀྱིས་གང་ཞིག་ནས་བསླབ་པ་ངས་ཀྱང་མི་ཤེས། བསམ་ཚོད་ལྟར་ན་ཨ་མ་ལགས་རིག་པ་གྲུང་མོ་ཡོད་པས་རྫི་རོགས་ན་མཉམ་སློབ་གྲྭར་འགྲོ་བཞིན་པ་དག་གིས་ངག་ལས་བསླབ་པ་ཡིན་ལས་ཆེ། ཨ་མ་ལགས་རིག་གནས་པ་ཞིག་མིན་ནའང་སློབ་སྦྱོང་ལ་དགའ། དེས་བག་ཆགས་ཀྱི་དབང་གིས་ང་རང་ཡང་སློབ་སྦྱོང་ལ་དགའ་བར་གྱུར།

  ང་ཡི་ཨ་མ་ལགས་ནི་ཆེས་སྤྱིར་བཏང་སྤྱིར་བཏང་གི་འབྲོག་མོ་དཀྱུས་མ་ཞིག་ཡིན། འབྲོག་མོ་གཞན་དང་འདྲ་བར་ལས་ལ་བརྩོན་པ་ཆེ་ཞིང་བློ་གྲོས་དང་ལྡན་པ། གལ་གནད་གང་ལ་འཕྲད་ཀྱང་གདོང་ལེན་གྱི་བློ་ཁོག་ཡོད་པ། ཆེ་ཆུང་བྱ་བ་གང་ཡིན་རུང་ཞིབ་ཚེགས་ཆེ་ཞིང་གཟབ་ནན་གྱིས་འཇུག་པ། ཅི་ལ་ཡང་མགོ་མི་སྒུར་བའི་ཆོད་སེམས་ལྡན་ཞིང་འཚོ་འཚིས་ཀྱི་དོན་དུ་ནམ་ཡང་གོམ་ཁ་ལྷོད་མ་མྱོང་བའི་འབྲོག་མོ་དཀྱུས་མ་ཞིག་ཡིན། ཨ་མ་ལགས་ཀྱིས་ཁ་བརྡ་གློད་ཐེངས་རེར་དམ་པ་ཞིག་གི་ཞལ་གསུང་བཞིན་གནས་ལུགས་ཀྱིས་གཏམས་པའི་སྐད་ཆ་ཅི་འདྲའི་མང་ཨང་།

  ཞོགས་པ་རེ་རེར་ཨ་མ་ལགས་སྔ་མོ་ནས་མལ་ལས་ལྡང་བ་མཐོང་དུས། སེམས་ཀྱིས་མི་བཟོད་པ་ཞིག་རེད་ཨང་། ངས་འཇིག་རྟེན་འདིར་ཨ་མའི་བརྩེ་བ་ཐོབ་པའི་བུ་ཕྲུག་ནི་ཆེས་བདེ་སྐྱིད་ལྡན་པ་དང་། ཨ་མའི་བརྩེ་བ་དང་བྲལ་བའི་བུ་ཕྲུག་ནི་ཆེས་དབུལ་ཞིང་ཕོངས་པ་ཞིག་ཡིན་པའང་ཤེས་ཡོང་།

                                                                             2020/2/10ཉིན།
 
 རྩོམ་སྒྲིག་པ། གངས་དགའ།
 
 (མཆོད་མེའི་དཔར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཡི་ཨ་མ་ལགས།

2020-02-14 མ་བྱན།(དཀར་མཛེས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།