ངས་བརྗེད་སོང་བའི་སྙིང་ཉེ་ལགས།

ཚོར་སྦྲང་།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-06-01

                                              ---ཁ་བྱང་གི་འགྲེལ། “མོའི་མིང་ལ་ཅི་ཟེར་བ་ངས་བརྗེད་ཟིན་འདུག”

  ང་རང་ཆུང་དུས་ནས་འཚོ་བ་རོལ་སྟངས་ཤིག་གིས།ལང་ཚོ་གཞན་ཡུལ་ནས་སྨིན་དགོས་ཐུགདེ་དུས་ཀྱི་ང་ལ་རྟེན་ས་དང་འཁེན་ས་གཞན་མེད་པས།ཉི་མ་རེ་རེའི་དུས་ཚོད་ནི་གྲོགས་མེད་ཁེར་རྐྱང་དང་སུན་སྣང་འབའ་ཞིག་ལ་འགྲོགས་ནས་གཟད་པར་བྱེད་དགོས།མི་ལོ་ཁ་ཤས་ལ་སྡོད་གནས་སུ་ཆགས་པའི་གྲོང་ཚོ་ཆུང་ཆུང་དེར་ཡང་ནམ་ཞར་འདུ་འཛི་དང་གྱ་གྱུ་ལས་ཅི་ཡང་མེད།གཞན་པས་བཤད་ན།མི་ཚེ་ནི་ལག་མཐིལ་གྱི་བྱེ་མ་ཞིག་དང་འདྲ་སྟེ།ཅི་ཙམ་འཆིང་ན་དེ་ཙམ་གྱིས་ས་ལ་ཟགས་ནས་མེད་པར་འགྱུར་འགྲོ་ཟེར།ཡང་འགའ་ཤས་ཀྱིས་བཤད་ན།མི་ཚེ་ནི་རྒྱུན་རིང་བའི་ཆུ་བོ་ཞིག་དང་མཚུངས་ཏེ།སྨྲ་བ་མེད་པར་ཉིན་མཚན་གྱི་མཐའ་གང་དུ་ཡང་བྲེལ་ལྷོད་མེད་པར་བཞུར་གྱིན་ཡོད་ཟེར།འོན་ཀྱང་ངས་དེ་དག་ལ་ཇུས་གཏོགས་གང་ཡང་མི་བྱེད་པར་རང་ལ་འོས་འཚམས་ཀྱི་བྱ་བ་རེ་ལ་དམིགས་པ་གཏད་བཞིན་ཡོད།ང་ཡོད་ས་དེ་ནི་ཕ་ཡུལ་དང་ཁ་ཐག་དཔེ་མེད་རིང་ལ།དེ་ལས་ཀྱང་རང་དང་རིགས་རྒྱུད་གཅིག་པའི་མི་རྣམས་དང་ཁ་ཐག་རིང་ས་ཤིག་ཡིན།ཉིན་ཞིག་ངའི་ལག་ཏུ་ལས་ཀ་ཞིག་རག་བྱུང་ལ་དེ་ལས་ཀྱང་དགའ་འོས་པ་ཞིག་ལ།ངའི་ལས་ཀ་བྱེད་སའི་གཞུང་སྒྲུབ་ཁང་དེའི་ནང་དུ་རང་དང་རིགས་རྒྱུད་གཅིག་པའི་བོད་པའི་བུ་མོ་ཞིག་ཡོད་པ་དེ་དང་ངོ་ཤེས་སུ་གྱུར་སོང་བ་དེ་རེད།ངས་ད་སྐབས་མོའི་མིང་རྩད་ནས་བརྗེད་འདུག་ལ།མ་ཟད་མོས་ང་ལ་བཅོལ་བའི་རེ་འདུན་དེ་ཡང་གཞི་ནས་འགྲུབ་ཐབས་བྲལ་སོང་།དེའི་ཕྱིར་ང་ནི་བརྟན་ཚུགས་མེད་ལ་དང་དམ་ཚིག་མི་སྲུང་བའི་མི་ནུས་མེད་ཅིག་རེད་འདོད་ཡོད།

  བོད་མོ་དེ་ནི་ང་དང་འདྲ་བར་ཆུང་དུས་ནས་གཞན་ཡུལ་འགྲིམས་ནས་མི་ཚེ་སྐྱེལ་མཁན་ཞིག་རེད་ལ།ཡང་ང་དང་ཅུང་ཙམ་མི་འདྲ་ས་ནི།མོ་ནི་བོད་ཡིག་འབྲི་མི་ཤེས་ལ།བོད་སྐད་ཀྱང་ཐར་ཐོར་ཙམ་ལས་བཤད་མི་ཤེས་པ་ཞིག་ཡིན།མོས་ཐོག་མ་ནས་ང་ལ་ཧ་ཅང་རྒྱུས་མངའ་ཡོད་པའི་ཟོལ་གྱིས་ནང་སེམས་ཀྱི་བདེ་སྡུག་གི་སྐད་ཆ་མང་པོ་ཞིག་བཤད་སོང་ལ།དེའི་ནང་གི་སྐད་ཆ་མང་ཤོས་ནི་རྒྱ་སྐད་ཀྱི་ལམ་ནས་བཤད་པ་ཤ་སྟག་རེད།མོ་ནི་ཕ་ཡུལ་དང་ཁ་བྲལ་ནས་དུས་ཡུན་རིང་ཞིག་འགོར་ཟིན་པས།ད་སྐབས་རང་ལ་བྱམས་ཀྱིས་སྐྱོང་བའི་ཕ་མ་གཉིས་ཀྱི་བཞིན་རས་ཀྱང་ཡིད་ལ་མི་གསལ་བར་གྱུར་འདུག་ཟེར།མོའི་ཕྱིའི་ཆ་ལུགས་དང་སྐད་ཆ་བཤད་སྟངས་སོགས་ནས་བོད་མི་ཞིག་ཡིན་པ་རྩ་བ་ནས་ཤེས་ཐབས་བྲལ་མོད།འོན་ཀྱང་།མོས་ད་དུང་དཀོན་མཆོག་ཅེས་པའི་བསླུ་མེད་ཀྱི་སྐྱབས་གནས་དམ་པ་ཞིག་ཡོད་པ་རྩ་བ་ནས་བརྗེད་མི་འདུག་སྟེ།ཉི་མ་རེར་སྐྱབས་འགྲོ་ཅི་ཐུབ་དང་སྒྲོལ་མ་ཡང་ཚར་ཉེར་ལྔ་རེ་ཆགས་མེད་འདོན་བཞིན་ཡོད་ཟེར།མོས་བཤད་རྒྱུར།མི་ཚེ་འདིར་ང་ལ་ཕ་མ་དང་ཕུ་ནུ་ཞེས་རྟེན་ས་མེད་ན་ཡང་།དཀོན་མཆོག་ནི་ད་གཟོད་ངའི་དུས་གསུམ་གྱི་རྟེན་ས་ཉག་གཅིག་པུ་དེ་ཡིན་ཟེར།

  དངོས་གནས་མི་ཚེ་ནི་རྒྱུན་རིང་བའི་ཆུ་བོ་ཞིག་དང་འདྲ་བར་སྨྲ་བ་མེད་པར་བཞུར་འགྲོ་བ་ཞིག་སྟེ།མིག་རྡེབ་དབང་ཙམ་གྱི་རིང་ལ།ངས་གཞུང་སྒྲུབ་ཁང་འདིའི་ནང་ནས་ལས་དཀའ་བྱས་ནས་ལོ་འཁོར་ལྔ་ལྷག་ཕྱིན་སོང་།ལོ་ཟླ་དེའི་ནང་དུ་མོ་དང་ངེད་གཉིས་མཉམ་འགྲོ་མཉམ་འདུག་དང་མཉམ་བཟའ་མཉམ་འཐུང་བྱས་ནས་ཕན་ཚན་འབྲལ་མི་ཐུབ་པའི་ཚོད་དུ་གནས་ཡོད།མོ་དང་འཕྲད་པ་ནས་བཟུང་ང་ལ་གོམས་གཤིས་སུ་གྱུར་བའི་ཁེར་རྐྱང་གི་གདུང་བ་དེ་ཡང་མེད་པར་གྱུར་སོང་།མོས་ང་ལ་འདི་ལྟར།“གལ་ཏེ།ང་གློ་བུར་དུ་འཇིག་རྟེན་དང་ཁ་བྲལ་སོང་ན་ཁྱོད་ཀྱིས་ང་དྲན་སྲིད་དམ།ནང་པའི་ཆོས་ཁང་རེེར་ཐོན་ན་ཁྱོད་ཀྱིས་ངའི་ཆེད་དུ་བསྔོ་སྨོན་དང་སྐྱབས་འཇུག་རེ་ཞུ་ངེས་སམ།“ཟེར།མོས་ང་ལ་ཀུ་རེ་བྱེད་ཀི་འདུག་སྙམ་ནས་ལན་རེར་རྩེད་མཚར་ཁྲོད་དུ་བཞག་ནས་སྣང་མེད་དུ་བཏང་བ་ཡིན་ལ།ཡང་ལན་རེར་སེམས་ནང་གི་སྐད་ཆ་རྣལ་མ་དེ་བཤད་ནས།དེ་ལོས་བྱེད།ང་ཕ་ཡུལ་དུ་སླེབས་དུས་ངས་ཉིན་བཞིན་ཁྱོད་དྲན་སྲིད།གལ་ཏེ་ཁྱོད་འཇིག་རྟེན་དང་གཏན་བྲལ་བྱུང་ན་ཡང་།ངས་ཁྱོད་བརྗེད་མི་སྲིད་པར་མ་ཟད།ངས་ཉི་མ་རེ་རེ་བཞིན་ཁྱོད་ལ་འདས་བསྔོ་དང་སྐྱབས་འཇུག་ཞུ་ངེས།ཞེས་བཤད་པ་ཡིན།མོའི་མིག་ནང་དུ་མུ་ཏིག་དང་འདྲ་བའི་མཆི་མ་རྡོག་པོ་རེ་རེ་ས་རུ་ལྷུང་བཞིན།“ཐུགས་རྗེ་ཆེ།ང་ལ་ཡིད་ཆེས་ཡོད།ཁྱོས་ང་སེམས་ནས་བརྗེད་ནི་མ་རེད“ཟེར།གནའ་མིའི་གཏམ་དཔེར།“བྱ་རྒས་ན་ཚང་དྲན།མི་རྒས་ན་ཡུལ་དྲན།“ཟེར་བ་བཞིན།ངའི་ནང་སེམས་ཀྱི་ཐ་གུས་རྟག་པར་ལྷོད་མྱོང་མེད་པའི་ཕ་ཡུལ།རྒྱབ་ཏུ་བཞག་ནས་ལོ་ཟླ་མང་པོ་ཞིག་རྫོགས་སོང་མོད།ཕ་ཡུལ་ནི་ཉིན་མཚན་མེད་པར་དབང་མེད་དུ་བདག་གི་སེམས་ནང་དུ་འཁོར་གྱིན་འདུག་ལ།ཕ་ཡུལ་ལ་འགྲོ་འདོད་ཀྱི་འདུན་པ་ཡང་སྐོམ་པ་ཆུ་འདོད་བཞིན་སྲོན་ཐབས་མེད་པར་གྱུར་འདུགངས་མོ་རང་གི་མདུན་ནས་ང་ཕ་ཡུལ་ལ་འགྲོ་འདོད་ཀི་ཅེས་བཤད་ཐེངས་རེར།མོས་ང་ལ།”ཁྱོད་ལྷ་སར་འབྱོར་དུས་ལྷ་སའི་ཇོ་བོའི་མདུན་ནས་ང་རང་སྐྱེ་བ་ཕྱི་མར་བོད་མི་རྣམ་དག་ཅིག་ལ་སྐྱེ་བར་སྐྱབས་འཇུག་དང་གསེར་ཡིག་ཅིག་འཇོག་ཡོང་རོགས་ཞེས་ཡང་དང་བསྐྱར་དུ་རེ་བ་ནན་ཞུ་བྱས་སོང་།”

  མོ་རང་གིས་བཤད་རྒྱུར།“བུ་མོ་ང་ནི་ལས་སྐལ་མི་བཟང་བ་ཞིག་ཡིན་ནམ་སྙམ་སྟེ།མི་ཚེ་འདིར།ངའི་ཤ་རུས་ཁྲག་གསུམ་བོད་མི་རྣལ་མ་ཞིག་དུ་སྐྱེས་ན་ཡང་།རང་མི་རིགས་ཀྱི་སྐད་ཡིག་གི་ཕྱོགས་ནས་ཤེས་ལ་ཏིལ་འབྲུ་ཙམ་ཡང་མེད་ཕྱིར།ནང་སེམས་ལ་ཁེར་རྐྱང་གི་ཚོར་བ་ཞིག་གིས་རྟག་པར་གཙེ་ཡོང་གི་འདུག་ཟེར།”ངས་ནམ་ཞར་ཕ་ཡུལ་དྲན་ན་ཡང་།མོ་རང་གི་མདུན་ནས་ངས་ཕ་ཡུལ་དྲན་རབ་ཉུང་བར་བཏང་བ་ཡིན།རྒྱུ་མཚན།མོ་ནི་ནམ་ཡང་མོ་རང་གི་ཕ་ཡུལ་ལ་ལོག་མི་ཐུབ་པ་ཤེས་པས་ཡིན།མོའི་ཡིད་ལ་ཕ་ཡུལ་ནི་ཚིག་འབྲུ་གཉིས་ཙམ་གྱི་མིང་སྟོང་ཞིག་ལས་གཞན་ཅི་ཡང་འཆར་རྒྱུ་མེད་ལ།ཆུང་དུས་ནས་ཡུལ་གྱར་བྱས་པ་ཡིན་ཙང་།མོས་ཕ་ཡུལ་གྱི་མིང་དང་ས་གནས་ཀྱང་སེམས་སུ་གཞི་ནས་མི་གསལ་པར་གྱུར་འདུག་ཟེར།དེའི་ཕྱིར།ངས་མོའི་གོ་ས་ནས་ཕ་ཡུལ་དྲན་ཚུལ་གྱི་སྐད་ཆ་སོགས་བཤད་རྒྱུ་ཉུང་དུ་བཏང་བ་ཡིན།དེ་ལྟ་ན་ཡང་ངས་མོ་ཡི་མདུན་ནས་ཕ་ཡུལ་དྲན་རབ་གྱི་སྐད་ཆ་ཐེངས་བཞི་ལྷག་བཤད་ཟིན་པར་སེམས་ཏེ།མོས་ང་ལ།ཁྱོད་ལྷ་སར་འབྱོར་དུས་ལྷ་སའི་ཇོ་བོའི་མདུན་ནས་ང་རང་སྐྱེ་བ་ཕྱི་མར་བོད་མི་རྣམ་དག་ཅིག་ལ་སྐྱེ་བར་སྐྱབས་འཇུག་ཅིག་འཇོག་ཡོང་རོགས་ཞེས།རེ་འདུན་དེ་ཏག་ཏག་ཐེངས་བཞི་ལྷག་ལ་བཅོལ་བྱུང་བ་ཡིད་ལ་གསལ་པོར་དྲན་གྱིན་འདུག

  དེ་ལྟར་ང་དུས་ཡུན་རིང་ཞིག་མ་འགོར་པར་ཕ་ཡུལ་ལ་ལོག་པ་དང་།མོ་ཡང་འཁྱམས་ཉུལ་གྱི་ལོ་ཟླ་དེ་ཚོའི་ནང་དུ་རྟག་པར་ཁེར་རྐྱང་གི་འཚོ་བ་ལ་མི་ལོབ་ཀ་མེད་དུ་གྱུར།ང་ཕ་ཡུལ་ལ་ལོག་དུས།དབྱར་ཁའི་སྐབས་ཤིག་ལ་ཁེལ་འདུག་ལ།ཕ་ཡུལ་དང་རིང་དུ་གྱེས་ནས་ལོ་ཟླ་མང་པོ་ཞིག་རེད་སོང་བས།ཕ་ཡུལ་ལ་སླེབས་དུས་དབུགས་ཀྱི་འབྱིན་རྔུབ་གཏོང་ལེན་བྱེད་དཀའ་བར་གྱུར་ཏེ་མི་བདེ་བ་ཚད་མེད་བྱུང་ལ།ད་དུང་མཐོ་སྒང་གི་ཉི་འོད་ཀྱིས་ཀྱང་ང་ལ་མནར་གཅོད་བྱེད་པ་དང་འདྲ་བར།མཁུར་ཚོས་ཀྱི་ཤ་མདངས་སྨུག་པོར་བཏང་བར་མ་ཟད།འབུ་ཕྲུག་དེ་ཚོས་ཀྱང་ང་ལ་འཁོན་ལན་སློག་པ་དང་འདྲ་བར།ངའི་ཟུངས་ཁྲག་མང་པོ་ཞིག་འཇིབ་ནས་ཁོ་ཚོའི་འདོད་བློ་ཚིམ་པར་བྱས།ཁོ་ཚོས་དེ་ལྟར་བྱེད་པ་ནི།ང་ཕ་ཡུལ་ལ་ཡུན་རིང་མ་ལོག་པས་ཁོ་ཚོས་ང་ལ་གཤེ་གཤེ་དང་རྡུང་རྡེག་བྱེད་པ་དང་འདྲ།ཚ་དུབ་ཆེ་བའི་དབྱར་ཁའི་ཉིན་ཞིག་ལ།ངེད་ཁྱིམ་ཚང་གང་པོ་ཅུང་ཁ་ཐག་རིང་ཞིང་སོང་ན་བག་དྲོ་བའི་སྐྱིད་ཆུའི་འགྲམ་དུ་སྤྲོ་གསེང་ལ་སོང་བ་ཡིན།ཚ་དུབ་ཆེ་བའི་དབྱར་ཁའི་ཉི་འོད་ཀྱིས་ཅི་ཡང་སྲེག་པར་བྱེད་ན་ཡང་།གཅེན་པོ་དང་ངེད་ཚོས་སྐྱིད་ཆུར་མགུ་གང་བ་ཞིག་བསྐྱལ་བས་ཚ་དུབ་གྱིས་མི་བཟོད་པ་གང་ཡང་མེད་པར་མ་ཟད།ད་དུང་ཚ་བ་ཇེ་ཆེ་རུ་ཕྱིན་ན་བསམ་བྱུང་།ཆུ་ལ་བསྐྱལ་རྗེས་ང་ཚོས་དགའ་དགའ་སྤྲོ་སྤྲོ་བྱེད་བཞིན་སིལ་ཏོག་སོགས་བཟའ་རྒྱུ་མང་ཙམ་ཁུར་ཡོད་པ་དག་མདུན་ལ་བཀྲམ་ནས་མཉམ་བཟའ་བྱས་པ་ཡིན།མི་ཚེ་འདིར་ང་ལ་ཆེས་སྤྲོ་སྣང་སྦྱིན་ཐུབ་པ་ནིི་ཏག་ཏག་གློ་ཉེ་བའི་ཕ་མ་དང་མིང་སྲིང་ཚོ་ལས་གཞན་མེད་པ་འདྲ་སྟེ།ང་ནི་སྟོད་སྨད་གང་ལ་ཡང་སོང་ནས་སྤྲོ་གསེང་མང་པོ་ཞིག་བྱེད་མྱོང་ཡོད་ན་ཡང་།ཡིད་སེམས་སྐྱིད་ཅིང་།དགའ་སྤྲོ་ཆེ་བ།སེམས་ནས་བརྗེད་ཐབས་བྲལ་བའི་སྤྲོ་གསེང་སྟེ།དེ་རིང་ལྟ་བུ་ཞིག་གཏན་ནས་ཡོད་མ་མྱོང་།གློ་རྡེག་ཏུ་ངའི་ནང་སེམས་ཀྱི་དགའ་སྤྲོ་འདི་དག་ག་ཤེད་ལ་བཤད་འདོད་ཀྱི་འདུན་པ་ཞིག་ངང་གིས་འཁོར་ནས།ལེ་བར་སྟོང་ཚོ་ཁ་ཤས་ཆོད་པའི་རིགས་རྒྱུད་གཅིག་པའི་བོད་མོ་དེ་ལ་བརྡ་འཕྲིན་སྐུར་སར་སོང་བ་ཡིན།དེ་ནི་ང་ཕ་ཡུལ་ལ་སླེབས་ནས་ཟླ་བ་གཅིག་ཙམ་ལས་མ་སོང་བའི་སྐབས་ཤིག་ཡིན།

  གཟའ་འཁོར་གཅིག་གི་སྔོན་ལ་མོས་ང་ལ་བརྡ་འཕྲིན་འགའ་བསྐུར་འདུག་པ་ད་སོ་མར་མ་གཏོགས་མཐོང་མ་བྱུང་།དེ་ཡང་ཅི་ཁག་སྟེ།ཕ་ཡུལ་ནི་རྒྱ་གྲོང་ཆེན་པོ་དང་མི་འདྲ་བར་རི་སྒང་མཐོ་ས་དང་དྲྭ་ཤུགས་བཟང་ས་ལ་མ་སོང་ན་རྒྱུན་ཆགས་ཀྱིས་བརྡ་འཕྲིན་སོགས་སྤྱོད་ཐབས་མེད་པས།ཁོ་མོས་བརྡ་འཕྲིན་བསྐུར་ཡོང་ན་ཡང་།ངས་ལམ་སང་འཕྲིན་ལན་ཕྱིར་གཏོང་ཐབས་བྲལ།མོས་གཟའ་འཁོར་སྔོན་མའི་ནང་ང་ལ་འདི་ལྟར་བཤད་འདུག“ངས་ཁྱོད་ལ་བརྡ་འཕྲིན་མང་ཙམ་བསྐུར་བ་ཡིན་མོད་འཕྲིན་ལན་མི་འདུགཧ་ལམ་ཁྱེད་རང་ཁོམ་གི་མེད་པའམ།ཡང་ན་དྲྭ་ལམ་དུ་ཐོན་མེད་པས་ཡིན་ཚོད་རེད།ཁྱེད་དང་བྲལ་བའི་ཉིན་མ་འདི་གར་ཁོ་མོ་དངོས་གནས་གྲོགས་མེད་ཁེར་རྐྱང་ལ་ལྷུང་ཡོད་པར་མ་ཟད།ཉིན་རྟག་པར་ཁྱེད་རང་དྲན་ནས་བཟོད་ཐབས་རང་མི་འདུགབསྟན་བཤིག་ཚ་པའི་ཁྱེད་རང་ངས་ངོ་མ་ཁྱོད་དྲན་བཞིན་འདུགཁྱེད་རང་ཕ་ཡུལ་ནས་བདེ་སྐྱིད་ཀྱིས་མི་གཏོང་བར་སྨོན།འོ་རེད།ཁོ་མོས་ཁྱོད་ལ་ངག་བཅོལ་བྱས་པ་བརྗེད་མེད་དམ།ཁྱོད་ལྷ་སར་ཐོན་དུས་ང་རང་སྐྱེ་བ་ཕྱི་མར་བོད་མི་རྣམ་དག་ཅིག་ལ་སྐྱེ་བར་ལྷ་སའི་ཇོ་བོའི་མདུན་ནས་གསེར་ཡིག་ཅིག་འཇོག་ཡོང་རྒྱུ་མ་བརྗེད།སྐད་ཆ་འདི་ཁོ་མོའི་མཇུག་མཐའི་ཁ་ཆེམས་ཡིན་ཡང་སྲིད།“ཟེར་འདུགསྤྱིར་ན་མི་བུ་གཞན་ཞིག་ཡིན་ན་སྐད་ཆ་འདི་འདྲ་ཅིག་ཐོས་ན་ཧད་དེ་འགྲོ་ཉེན་ཆེ་མོད།ཁོ་མོས་ནམ་ཞར་ང་ལ།གལ་ཏེ་ང་ཤི་སོང་ན་ཁྱོད་ཀྱིས་ང་ལ་འདས་བསྔོ་འཇོག་གམ་མི་འཇོག་སོགས་དུས་རྒྱུན་ཁ་ཐོག་འཁོར་ལོ་བཞིན་བཤད་བཞིན་ཡོད་པས།ངས་དེ་ལ་ནམ་ཞར་ལྟར་དོར་སྣང་ཆེར་མ་བྱས་པར་སྣང་མེད་བཏང་བ་ཡིན།ངས་མོ་རང་ལ།ལྗང་མདོག་གི་ལྭ་བ་གྱོན་པའི་སྤང་ལྗོངས་དང་།གཡུ་མདོག་གི་ཚོན་ཁ་འཛིན་པའི་སྐྱིད་ཆུ་གཙང་པོ།འཇའ་ཚོན་སྣ་ལྔ་དང་མཚུངས་བའི་དཀའ་དམར་གྱི་མེ་ཏོག་གི་ཁྱུ་ཚོགས་སོགས།མདོར་ན་ངའི་ཕ་ཡུལ་གྱི་མཛེས་ཆོས་མ་ལུས་པ་ཁོ་མོ་ལ་གཟུགས་མཐོང་གི་ལམ་ནས་སྟོན་སྙིང་འདོད་པས་ཁོ་མོར་གཟུགས་མཐོང་བཏང་བ་ཡིན།འོན་ཀྱང་།གཟུགས་མཐོང་ལེན་མཁན་མ་བྱུང་བས་ང་རང་ཅུང་མི་བདེ་བའི་གནས་སུ་མི་ལྷུང་ཀ་མེད་དུ་གྱུར།ངས་ཁོ་མོའི་ལས་རོགས་ཤིག་ལ་ཁ་པར་བཏང་ནས་སྐད་ཆ་དྲིས་པ་ན།“ཁོ་མོ་བློ་བར་དུ་ནད་ཅིག་ཕོག་ནས་འཇིག་རྟེན་དང་ཁ་བྲལ་སོང་ཟེར།”དེ་ནི་ཇི་འདྲའི་འཇིགས་སུ་རུང་ཞིང་ནང་སེམས་ལ་སྐྱོ་གདུང་བསྐྱེད་པའི་སྐད་ཆ་ཅིག་རེད་ཨང་།

  དུས་ཚོད་ནི་རྟ་མཆོག་གི་བང་ལྟར་སོང་ནས་རིང་ཞིག་མ་འགོར་པར་ང་ཕ་ཡུལ་དུ་སླེབས་ནས་ལོ་འཁོར་གསུམ་དང་ཕྱེད་རེད་སོང་།ལོ་ཟླ་དེའི་ནང་དུ་ལན་རེར་ངའི་མིག་དང་ཀླད་པའི་ནང་ལ་རྟག་པར་མོའི་མཛེས་སྡུག་དང་བྱད་བཞིན་ཡང་ཡང་འཁོར་ཡོང་།ངས་མོ་རང་དུས་གཏན་ཏུ་མི་བརྗེད་ཐབས་མི་འདུགམོ་ལ་སེམས་གཏམ་བརྗོད་ཆེད།སྙན་ངག་ལ་རེ་བ་བཅོལ་ནས་ཏག་ཏག་ལོ་འཁོར་གསུམ་ཙམ་རེད་སོང་།ལོ་ཟླ་དེའི་ནང་དུ་མོ་རང་དྲན་པའི་སྙན་ངག་ཡང་མང་པོ་བྲིས་ཡོད།འོན་ཀྱང་ད་སྐབས་ངའི་ཡིད་ལ་མོའི་མིང་དྲན་གྱིན་མི་འདུགངས་དངོས་གནས་མོ་རང་གི་མིང་བརྗེད་ཚར་འདུགལོ་འཁོར་གསུམ་གྱི་རིང་ལ།རང་ལ་འབྲེལ་འདྲིས་ཟབ་མོ་ཡོད་པའི་མི་ཞིག་གི་མིང་བརྗེད་འགྲོ་བ་སུས་ཀྱང་ཡིད་ལ་འཁོར་མི་སྲིད་མོད།དེ་ལྟ་ན་ཡང་།ངས་མོའི་མིང་ཅི་ཙམ་བསམ་གཞིག་བཏང་ཡང་ངལ་བ་འབྲས་མེད་ཙམ་ལས་ཡིད་ལ་ཕྱོགས་ཙམ་ཡང་འཁོར་ཐུབ་གྱིན་མི་འདུགདེའི་ཕྱིར་ངས་མོ་ལ་འདས་བསྔོ་ཙམ་ཡང་འཇོག་ཐུབ་མ་སོང་།དེ་ནི་དངོས་གནས་མོ་རང་ལ་ཁྲེལ་མེད་བྱེད་སྟངས་ཤིག་ཅི་ལ་མིན་ཨང་།དེ་རིང་ང་རོགས་པ་ཞིག་དང་མཉམ་དུ་སྟོད་ཉི་མ་ལྷ་སར་འབྱོར་ཡོད།ངས་ད་རུང་ལྷ་སའི་ཇོ་བོའི་མདུན་ནས་འདས་གྲོང་དུ་ཕྱིན་པའི་ཕ་ལགས་ཀྱི་མིང་གསེར་ཡིག་ལ་བྲིས་ནས་འདས་བསྔོ་བཞག་པ་ཡིན།འོན་ཀྱང་།ངས་དུས་ཚོད་ཕྱེད་ཙམ་གྱི་དུས་ཚིགས་བེད་སྤྱད་ནས་ཇོ་ཁང་གི་སྒོ་ཁ་ནས་ཁོ་རང་གི་མིང་ཨེ་དྲན་བལྟས་པ་ཡིན།མཐར་ངས་སྐྱོ་གདུང་ལས་བབས་པའི་དྲོད་ལྡན་གྱི་མཆི་མ་རྡོག་པོ་རེ་ས་ལ་འཐོར་ཞིང་།དེ་རྗེས་མཆི་མ་ལག་པས་ཕྱི་ཞོར་ཇོ་ཁང་ནས་ཕྱིར་ལ་མི་ལོག་ག་མེད་བྱུང་།ངའི་སེམས་ལ་མོས་ང་ལ་བཤད་པའི་མཇུག་མཐའི་ཁ་ཆེམས་དེ་དྲན་བཞིན་འདུག”ཁོ་མོས་ཁྱོད་ལ་ངག་བཅོལ་བྱས་པ་བརྗེད་མེད་དམ།ཁྱོད་ལྷ་སར་འབྱོར་དུས་ང་རང་སྐྱེ་བ་ཕྱི་མར་བོད་མི་རྣམ་དག་ཅིག་ལ་སྐྱེ་བར་སྨོན་ལམ་འཇོག་ཡོང་རྒྱུ་མ་བརྗེད།སྐད་ཆ་འདི་ཁོ་མོའི་མཇུག་མཐའི་ཁ་ཆེམས་ཡིན་ཡང་སྲིད།”ཅེས་པ་དེའོ།།ཉི་ནུབ་གྱི་མཚམས་སྤྲིན་དམར་ཆེམ་ཆེམ་བྱེད་པའི་ཕྱི་དྲོ་འདིར།ངས་མ་སྐྱེས་ཨ་མའི་ཆང་ཁང་ནས་མོའི་འདྲ་པར་ལ་བལྟས་ནས་སེམས་ཚོར་འདི་བྲིས་པ་ཡིན།མོས་ང་རང་མི་ཚེ་འདིར་ཆེས་འགྲོ་སྙིང་འདོད་པའི་ཆང་ཁང་འདི་ནས།ང་ལ་ཁུ་སིམ་སིམ་གྱིས་འབོད་བཞིན་འདུགད་དུང་ང་ལ་ཁྲེལ་མེད་ཅེས་འབོད་བཞིན་འདུག

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ངས་བརྗེད་སོང་བའི་སྙིང་ཉེ་ལགས།

2022-06-01 ཚོར་སྦྲང་།(དཀར་མཛེས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།