སྨུག་ཀློང་གི་སེར་ཆེན་མེ་ཏོག

 ༡ ཕྱིའི་བརྙན། སྤང་ཐང་། ཉིན་གུང་། མི་སྣ།༼ གཡུ་སྒྲོན། དཔལ་ཁོ། ཨ་མ། ཨ་ཅེ་ལྷ་མོ།༽
བརྙན་མིག་ལས་མུ་མཐའ་བྲལ་བའི་ལྗང་མདོག་གི་སྤང་ཐང་དང་རི་བོ། རྟ་ནོར་སོགས་ཤར་ཡོང་ཞིང་། སྙན་ཞིང་འཇེབས་པའི་རྫི་གླུ་སྙན་མོ་ཞིག་ཀྱང་གྲགས་འོང་། དེ་དང་མཉམ་དུ་རྟ་བ་ཞིག་མཐོང་འོང་ལ། ཁོའི་འཕང་དུ་ལོ་ན་ཆུང་བའི་བུ་མོ་ཞིག་འདུག ༼ཏ་ལེན་ཞིག་ཀྱང་ཡོད།༽ བུ་མོའི་ཁྲ་སྒོར་སྒོར་གྱི་མིག་ཟུང་གཉིས་ཀྱིས་ཕྱོགས་སོ་སོར་བལྟས་ཤིང་གདོང་ལ་འཛུམ་མདངས་ཤིག་གིས་ཁེངས་ཡོད། མོ་ནི་ལོ་ན་བཅུ་གཉིས་སོན་པའི་གཡུ་སྒྲོན་ཡིན་ཞིང་། མི་དེ་མོའི་ཨ་ཕ་དཔལ་ཁོ་ཡིན།
དཔལ་ཁོ། གཡུ་པོ།༼གཡུ་སྒྲོན་གྱི་གཅེས་མིང་།༽ ད་ཐེངས་ཡུལ་བ་ཨེ་དྲན་ཐ།
གཡུ་སྒྲོན། དྲན་ཐ། ༼མོའི་མགོ་བོ་ཨ་ཕའི་སྒལ་བར་གླན།༽
དཔལ་ཁོ། ཨོ། ཨ་ཕའི་གཅེས་ལོ། དགེ་རྒན་དག་གིས་ཨེ་གཅར་གི
གཡུ་སྒྲོན། ལས་བྱ་མ་བྲིས་པ་དང་སློབ་སྦྱོང་མ་བྱས་ཚེ་གཅར་གི
དཔལ་ཁོ། ཁྱོས་སློབ་སྦྱོང་བྱེད་ཀོད་ལ།
གཡུ་སྒྲོན། ངས་སློབ་སྦྱོང་བྱེད་ཀོད། ཨ་ཕ། འུ་ཚང་གི་ཨ་ཅེ་ལྷ་མོས་ཅི་བྱེད་ཀྱིན་འདུག
དཔལ་ཁོ། མོས་དགོ་དགོ་བཞོས་ནས་ལྕི་བ་འཕེན་བཞིན་འདུག ད་སང་ཉིན་ནས་ཁྱོས་ཀྱང་དགོ་དགོ་བཞོས་ཨ། ༼ཀུ་རེ་ཡི་ཉམས།༽
གཡུ་སྒྲོན། ཧུ་ཧུ། ཨོ་ཡ། ༼སྤྲོ་ཉམས་ཀྱིས་ཁེངས་པ།༽
དཔལ་ཁོ། གཡུ་པོ། ཁྱོས་ཨ་མ་སྒྲོ་སྒྲོའི་ཁར་ཉན་གོད་ལ། ཨ་མ་སྒྲོ་སྒྲོའི་ཁར་ཉན་དགོ་ཨ་ཕའི།
གཡུ་སྒྲོན། ངས་ཨ་མ་སྒྲོ་སྒྲོའི་ཁར་ཉན་གོད།

བརྙན་མིག་ལས་ཁོ་གཉིས་ཀྱི་རྒྱབ་གཟུགས་ཤར་ཞིང་རིམ་བཞིན་ཁ་བརྡ་འང་མི་ཐོས་པར་གྱུར། ཁོ་གཉིས་ཉག་ག་ཞིག་ཏུ་ཐོན་ཞིང་། ཐག་མི་རིང་བའི་མཚམས་སུ་སྒོ་དར་བསྐྱོད་ཅིང་དུ་བ་འཕྱུར་བཞིན་པའི་སྦྲ་ནག་ཅིག་མཐོང་འོང་། སྒོ་ཁར་བཏགས་པའི་ཁྱི་དེ་ཁོ་གཉིས་ཀྱི་ཕྱོགས་སུ་ཟུག སྦྲའི་སྒོ་རུ་གཡུ་སྒྲོན་གྱི་ཨ་མ་དང་ཨ་ཅེ་གཉིས་ཡོད་ཅིང་གོམ་པ་འགའ་སྔོན་ལ་སྤོས། གཡུ་སྒྲོན་གྱིས་ཧ་ཅང་དྲན་པའི་ཉམས་དང་བཅས་ཁོ་གཉིས་ཀྱི་ཕྱོགས་སུ་བལྟས་ཤིང་གདོང་ལ་འཛུམ་གྱིས་ཁེངས། ཨ་མས་རྟ་གོང་གི་གཡུ་སྒྲོན་ལེན་ཞོར། མོའི་དཔྲལ་བའི་སྟེང་འོ་ཞིག་བྱེད་ཀྱིན ༼ཨ་མའི་གཅེས་ཕྲུག་མ། ཨ་མའི་ཞི་མོའི་དཀའ་བཞག་ག༽ཞེས་བཤད། དེ་ནས་དཔལ་ཁོ་ཡང་རྟ་གོང་ལས་བབས་ཤིང་། གཡུ་སྒྲོན་གྱི་ཨ་མས་ཏ་ལེན་བཟུང་། གཡུ་སྒྲོན་དང་ལྷ་མོ་གཉིས་ཀྱིས་ལག་རྡང་བྱས་ཏེ་ཁོ་ཚོ་ཁྱིམ་དུ་སོང་།
གཡུ་སྒྲོན་གྱིས་ཏ་ལེན་ནང་གི་ཀ་ར་སོགས་ལེན་ཞོར་འཛུམ་གྱིས་ཁེངས་འདུག
གཡུ་སྒྲོན། འདི་ཨ་མར་ཉོས་པ་ཡིན། འདི་ཨ་ཅེར་ཉོས་པ་ཡིན། ་ ་ ་ ་ ་ ་ ་ ་
ཁྱིམ་ལ་སྔར་མེད་ཀྱི་དགོད་སྒྲ་ཞིག་གིས་ཁེངས་འདུག

༢ ནང་གི་བརྙན། ཁྱིམ། མཚན་མོ། མི་སྣ།༼ ཨ་མ་སྒྲོ་སྒྲོ གཡུ་སྒྲོན།༽
བརྙན་མིག་ལས་ཅོག་ཙེ་ཆུང་ཆུང་ཞིག་ཏུ་ཕྱེད་ཀ་བསྒྲོན་ཚར་བའི་དཀར་མེ་ཞིག་བཀར་འདུག་ཅིང་། དེའི་འགྲམ་དུ་ལོ་རིམ་གསུམ་པའི་སྐད་ཡིག་དཔེ་ཆ་དང་། འབྲི་དེབ། ཞ་སྨྱུག གསུབ་མགྱིག་བཅས་ཡོད་པ་མཐོང་། ད་དུང་གཡུ་སྒྲོན་གྱི་མགོ་བོ་ཡང་ཅོག་ཙེ་ཆུང་ཆུང་དེའི་སྟེང་བཞག་སྟེ་གཉིད་འདུག་ཅིང་། གདོང་ལ་ལྷད་མ་འདྲེས་པའི་འཛུམ་མདངས་ཤིག་གིས་ཁེངས་འདུག ༼འདི་ཨ་མར་ཉོས་པ་ཡིན། འདི་ཨ་ཅེར་ཉོས་པ་ཡིན།༽ཁ་ནས་དེ་སྐད་འབྱིན། ཅུང་འགོར་རྗེས། ཨ་མ་སྒྲོ་སྒྲོ་ཐོན་ཞིང་གདོང་ལ་བྱམས་བརྩེའི་འཛུམ་དང་བཅས་ཅོག་ཙེའི་སྟེང་གི་དཔེ་ཆ་སོགས་གྲལ་དག་བྱས། དེ་ནས་དལ་མོར་གཡུ་སྒྲོན་པང་དུ་བཟུང་ཞིང་མལ་ས་རུ་བཞག་སྟེ་མོའི་དཔྲལ་བའི་སྟེང་འོ་ཞིག་བྱས། མོའི་ལུས་སྟེང་དུ་ཚར་ཞིག་ཀྱང་བཀབ། ཨ་མ་སྒྲོ་སྒྲོས་དཀར་མེར་ཕུ་ཞིག་བཏབ་སྟེ་གཟིམས། བརྙན་མིག་ཀྱང་ནག་འཐིབ་བེར་གྱུར།

༣ ཕྱིའི་བརྙན། ཡུལ་ཚོ། ཞོགས་པ།
བརྙན་མིག་ལས་ལྷིང་འཇགས་ཀྱི་ཞོགས་པ་མངོན་ཞིང་། སྐྱ་ལེབ་ལེབ་ཀྱི་སྡོད་དམངས་ཀྱི་ཁང་བ་དང་མཆོད་རྟེན་དཀར་པོ་སོགས་མཐོང་ཡོང་།

༤ ནང་གི་བརྙན། ཁྱིམ། ཞོགས་པ། མི་སྣ།༼ ཨ་མ་སྒྲོ་སྒྲོ གཡུ་སྒྲོན།༽
བརྙན་མིག་ལས་ཨ་མ་སྒྲོ་སྒྲོ་ཡིས་འཚབ་འཚུབ་ངང་གཡུ་སྒྲོན་ལ་སྟོད་ཐུང་གྱོན་ཞིང་། རྒྱབ་ཁུག་ཆུང་ཆུང་ཞིག་ཏུ་བྲོ་ཁ་ཞིག་བཞག་རྗེས་མོའི་རྒྱབ་ཏུ་བཞག གཡུ་སྒྲོན་བྲེལ་འཚུབ་དང་བཅས་སྒོར་བུད། ཨ་མ་སྒྲོ་སྒྲོ་ཡང་ཁོ་མོའི་རྗེས་སུ་སྒོར་བུད། ༼བྲེལ་འཚུབ་ཀྱི་སྒྲ་ཞིག་གྲག་འོང་།༽

༥ ཕྱིའི་བརྙན། ཁང་བའི་སྒོ ཞོགས་པ། མི་སྣ།༼ ཨ་མ་སྒྲོ་སྒྲོ གཡུ་སྒྲོན།༽
བརྙན་མིག་ལས་ཁྲོག་སྒྲ་དང་བཅས་ཁང་སྒོ་ཕྱེས་ཤིང་། གཡུ་སྒྲོན་འཚབ་འཚུབ་ངང་སྒོར་བུད་དེ་གཡས་ཕྱོགས་སུ་ཐད་ཀར་བརྒྱུག ཨ་མ་སྒྲོ་སྒྲོ་སྒོ་ནས་ཡར་འགྲེངས་ཏེ་སྐད་གསེང་མཐོན་པོས༼ཞི་མོ། དལ་མོ་བྱོས་དང་རྗེས་ཆོད་ནི་རེད། ཁྱོད་ཐང་ང་རྒྱག་ག༽ གཡུ་སྒྲོན་རྒྱུགས་ཞོར་དུ༼ཨོ་ཡ། ཨ་མ།༽ ཞེས་བཤད།

༦ ཕྱིའི་བརྙན། ལམ་བར། ཞོགས་པ། མི་སྣ།༼ གཡུ་སྒྲོན།༽
བརྙན་མིག་ལས་གཡུ་སྒྲོན་ཁུག་ཀྱོག་དང་གྱང་རྩིག་མང་པོ་བརྒྱུད་ཅིང་། མཆོད་རྟེན་དཀར་པོའི་ལོགས་ཀྱི་གཞུང་ལམ་དེད་དེ་སློབ་གྲྭའི་ཕྱོགས་སུ་བརྒྱུག ཁོ་མོ་སློབ་གྲྭའི་སྒོ་ཆེན་དུ་ཐོན། དེ་ནས་མུ་མཐུད་དུ་སློབ་ཁང་ཕྱོགས་སུ་བརྒྱུག

༧ ནང་གི་བརྙན། སློབ་ཁང་། ཞོགས་པ། མི་སྣ།༼ སློབ་གྲོགས། དགེ་རྒན། རྟ་མགྲིན། གཡུ་སྒྲོན།༽
གཡུ་སྒྲོན་གྱིས་སློབ་ཁང་གི་སྒེའུ་ཁུང་ནང་ལྟ་དུས། ད་དུང་དགེ་རྒན་ཐོན་མེད་པ་མཐོང་སྟེ་ཅུང་ལྷོད་ཡང་གི་ཉམས་དང་བཅས་རང་གི་འདུག་སྟེགས་སུ་ཕྱིན། ཁོ་མོའི་རང་གི་རྒྱབ་ཁུག་ལས་དཔེ་ཆ་བླངས་ཤིང་། ཁུག་མའི་འཐེན་སྒྲོག་གཞན་ཞིག་གི་སྒོ་ཕྱེས་ཏེ་ནང་ནས་གོ་རེ་ཞིག་སྒོར་བཏོན་ནས་ཟོས། གཡུ་སྒྲོན་གྱིས་རང་གི་འདུག་གྲོགས་རྟ་མགྲིན་ལ་གོ་རེ་ཅུང་ཙམ་ཞིག་བཞིན། སློབ་ཁང་ནང་འུར་ཆི་ལེར་ཁ་བརྡ་བྱེད་ཀྱིན་འདུག ཅུང་འགོར་རྗེས། སློབ་ཁྲིད་ཅུང་སྒྲ་གྲག་ཅིང་། དགེ་རྒན་ཡང་ནང་དུ་འཛུལ། སློབ་མ་ཚང་མ་ཡར་ལངས་ཏེ༼དགེ་རྒན་བཟང་།༽ ཞེས་མགྲིན་གཅིག་ཏུ་བོས། དགེ་རྒན་གྱིས་ས་སྨྱུག་ཅིག་བླངས་ཏེ་སྒོ་སམ་ངོས་སུ་སློབ་ཁྲིད་ཀྱི་ཁ་ཡིག་བྲིས།

༨ ཕྱིའི་བརྙན། སློབ་ཁང་གི་མདུན། ཉིན་གུང་། མི་སྣ།༼གཡུ་སྒྲོན། སློབ་མ་གཉིས། རྒྱུན་བདག་མ།༽
སློབ་ཁྲིད་གྲོལ་བའི་ཅོང་སྒྲ་གྲགས་པ་དང་མཉམ་དུ་སློབ་ཁང་སོ་སོ་ནས་སློབ་བུ་ཆུང་ཆུང་དག་སྒོར་གཤར་ཡོང་། བརྙན་མིག་ལས་གཡུ་སྒྲོན་ཡོང་བཞིན་པ་ཤར། ཁོ་མོ་སློབ་གྲྭའི་ལྕགས་སྒོ་ནས་སྒོར་བུད་ཅིང་སྲང་ལམ་བརྒྱུད་དེ་ཁྱིམ་གྱི་ཕྱོགས་སུ་སོང་། མོའི་ལོགས་ཀྱི་སྲང་ལམ་གྱི་ཟ་ཁང་ཞིག་ཏུ་བོད་སྐད་བརྙན་འཕྲིན་ཞིག་གི་སྒྲ་གྲག་བཞིན་འདུག མོ་དེའི་ཕྱོགས་སུ་མྱུར་སྟབས་ཀྱིས་སྤོས་ཏེ་ཟ་ཁང་དེའི་སྒེའུ་ཁུང་དྲ་མ་ལས་ནང་གི་བརྙན་འཕྲིན་ལ་བལྟས། ཁོ་མོ་མ་ཐོན་གོང་དུ་སློབ་མ་ཆུང་ཆུང་ཁོ་མོ་དང་ལོ་ཚོད་འདྲ་བ་གཉིས་ཀྱིས་ཀྱང་ཟ་ཁང་གི་སྒེའུ་ཁུང་ལ་ལུས་པོ་འབྱར་ནས་ནང་གི་བརྙན་འཕྲིན་ལ་ལྟ་བཞིན་འདུག ཁོ་ཚོས་མུ་མཐུད་དུ་བརྙན་འཕྲིན་ལ་བལྟས། བརྙན་མིག་ལས་བརྙན་ཡོལ་ངོས་དང་ཤེལ་སྒོའི་ཕར་ངོས་སུ་ཚུར་ཅེར་བའི་ཁོ་ཚོའི་ངོ་གདོང་སོགས་མཐོང་བར་བྱེད། ཟ་ཁང་གི་རྒྱུན་བདག་མས་ཁོ་ཚོ་རེ་རེ་བཞིན་བདའ།

༩ ཕྱིའི་བརྙན། མཆོད་རྟེན་དཀར་པོའི་མདུན། ཉིན་གུང་། མི་སྣ།༼ ཨ་མ་སྒྲོ་སྒྲོ གཡུ་སྒྲོན།༽
དེ་ནས་གཡུ་སྒྲོན་གཞུང་ལམ་བརྒྱུད་དེ་ཁྱིམ་དུ་སོང་ཞིང་། སྒོར་ཐོན་དུས་ལྕགས་ཟྭ་ཞིག་བརྒྱབ་འདུག་པ་མཐོང་། མོས་ཅི་ཞིག་དྲན་པ་བཞིན་དུ་ཁ་ཕྱིར་འཁོར་ནས་བརྒྱུགས། ཁོ་མོ་ཁང་ཤར་དང་གཞུང་ལམ་བརྒྱུད་དེ་མཆོད་རྟེན་དཀར་པོའི་འགྲམ་དུ་ཐོན་ཞིང་། སྐོར་བ་བྱེད་ཀྱིན་པའི་མི་དག་ལ་ཅེར་ནས་བསྡད། ཨ་མ་སྒྲོ་སྒྲོ་ཡིས་གཡུ་སྒྲོན་མཐོང་སྟེ་སྐོར་བ་བྱེད་མཚམས་བཞག་ནས་མོའི་ལོགས་སུ་ཡོང་།
ཨ་མ་སྒྲོ་སྒྲོ ༼ཨ་མ་འགོར་སོང་ཟིག་ག འགྲོ༽ ཨ་མ་སྒྲོ་སྒྲོ་ཡིས་གཡུ་སྒྲོན་ཁྲིད་ནས་ལག་པ་གཅིག་གིས་འཁོར་ལོ་སྐོར་བཞིན་སོང་། མོས་ཨ་མ་སྒྲོ་སྒྲོ་ཡི་ལག་པས་འཐེན་ཏེ། ཟས་རིགས་འཚོང་བཞིན་པའི་རྐང་གསུམ་འཁོར་ལོ་དེའི་ཕྱོགས་སུ་ཅེར། ཨ་མ་སྒྲོ་སྒྲོ་ཡིས་སྐེ་ཁུག་ལས་མགྱིག་གིས་བཏུམས་པའི་སྒོར་འགའ་བླངས་འོང་ནས་གཡུ་སྒྲོན་ལ་བཟའ་རིགས་ཤིག་ཉོས། དེ་ནས་ཁོ་གཉིས་གཞུང་ལམ་བརྒྱུད་དེ་ཁྱིམ་གྱི་ཕྱོགས་སུ་སོང་། བརྙན་མིག་ལས་ཁོ་གཉིས་ཀྱི་རྒྱབ་གཟུགས་མཐོང་ཡོང་།

༡༠ ནང་གི་བརྙན། ཁྱིམ། ཉིན་གུང་། མི་སྣ།༼ ཨ་མ་སྒྲོ་སྒྲོ གཡུ་སྒྲོན།༽
བརྙན་མིག་ལས་མཆོད་ཁྲིའི་སྟེང་གི་བཙའ་ཆགས་པའི་ཆུ་ཚོད་འཁོར་ལོ་ཞིག་མཐོང་ཞིང་། གཡུ་སྒྲོན་གདན་དུ་འགྱེལ་ཏེ་སྦྱངས་ཚན་འབྲི་བཞིན་འདུག ཨ་མ་སྒྲོ་སྒྲོ་ཡིས་མོ་ལ་རྩམ་པ་བརྫི་ཞོར་མོས་འབྲི་བཞིན་པའི་ལས་བྱར་བལྟས། གཡུ་སྒྲོན་གྱིས་རྩམ་པ་ཟ་ཞོར་དུ་སྦྱངས་ཚན་བྲིས། ཨ་མ་སྒྲོ་སྒྲོ་ཡིས་གདན་ཐོག་ཏུ་འཁོར་ལོ་བསྐོར་བཞིན་མ་ཎི་བཏོན།

༡༡ ནང་གི་བརྙན། སློབ་ཁང་། ཉིན་གུང་ཡོལ་ཙམ། མི་སྣ།༼ སློབ་གྲོགས། དགེ་རྒན། གཡུ་སྒྲོན།༽
བརྙན་མིག་ལས༼ལོ་རིམ་གསུམ་པའི་འཛིན་གྲྭ་གཉིས་པ།༽ ཞེས་པའི་སྒོ་བྱང་ཆུང་ཆུང་དེ་ཤར་ཞིང་། དེ་ནས་སློབ་ཁང་ནང་མཐོང་ཡོང་། སློབ་མ་དག་གིས་རྣམ་རིག་ཀྲོག་ཀྲོག་གིས་སློབ་ཁྲིད་ལ་ཉན་བཞིན་འདུག་ཅིང་། དགེ་རྒན་གྱིས་སློབ་ཁྲིད་བྱེད་ཀྱིན་འདུག བརྙན་མིག་ལས་གཡུ་སྒྲོན་ཤར།

༡༢ ཕྱིའི་བརྙན། དགེ་རྒན་འདུག་ཁང་གི་མདུན། ཕྱོ་དྲོ། མི་སྣ།༼སློབ་གྲོགས། གཡུ་སྒྲོན། དགེ་རྒན།
གཡུ་སྒྲོན་གྱི་ཨ་མ། ལྷ་མོ། ༽
གཡུ་སྒྲོན་དང་བཅས་པའི་སློབ་མ་ལྔ་ཙམ་དགེ་རྒན་གྱི་འདུག་ཁང་སྒོ་རུ་སར་བཙོག་སྟེ་སློབ་ཚན་བློར་འཛིན་བཞིན་འདུག དགེ་རྒན་གྱིས་ཤེལ་ཁང་སྒོ་རུ་ཇ་འཐུང་ཞོར་ལུས་པོ་ཤེལ་ཁང་སྒོར་བསྙེས་ཏེ་ཁོ་ཚོར་ལྟ་རྟོག་བྱེད་ཀྱིན་འདུག སློབ་གྲོགས་གཞན་དག་གིས་དཔེ་ཁུག་ཁུར་ཏེ་ཡུལ་ལ་འགྲོ་བཞིན་འདུག ཁོ་ཚོས་མཚམས་རེར་དགེ་རྒན་ལ་ཅེར་ཞིང་ལན་རེར་འགྲོ་བཞིན་སློབ་གྲོགས་ཚོར་ལྟ་བཞིན་རེ་ཆད་ཀྱི་ཉམས་ཤིག་བསྟན་ཡོང་། གཡུ་སྒྲོན་གྱིས་དཔེ་ཆར་བལྟས་ཀྱིན་བལྟས་ཀྱིན་ཤོག་ངོས་ཀྱི་སྤང་ཐང་གི་པར་རིས་དེ་དག་རིམ་བཞིན༼ལྟ་ན་སྡུག་པའི་སྔོ་ལྗང་གི་སྤང་ཐང་མངོན་དུམ་ཞིག་ཏུ་གྱུར། ནོར་ལྷས་ཞིག་ཀྱང་མཐོང་འོང་། གཡུ་སྒྲོན་གྱི་ཨ་མས་ནོར་བཞོ་བཞིན་འདུག་ཅིང་། གཡུ་སྒྲོན་དང་མོའི་ཨ་ཅེ་ལྷ་མོ་གཉིས་ནོར་ལྷས་སུ་འགྲེང་སྟེ་རྩེད་མོར་རོལ་བཞིན་འདུག གཡུ་སྒྲོན་གྱི་ཨ་མའི་གདོང་ལའང་འཛུམ་གྱིས་ཁེངས་འདུག བརྙན་མིག་ལས་གཡུ་སྒྲོན་དང་ཨ་ཅེ་ལྷ་མོ་གཉིས་ཀྱི་འཛུམ་གྱིས་ཁེངས་པའི་ངོ་གདོང་དང་རྩེད་མོ་རྩེ་བའི་སྣང་བརྙན་སོགས་མཐོང་།༽ གློ་བུར་དུ།༼ཐག༽ཅེས་པའི་སྒྲ་ཞིག་གྲག།

༡༣ ཕྱིའི་བརྙན། དགེ་རྒན་གྱི་འདུག་ཁང་མདུན། ཕྱི་དྲོ། མི་སྣ། ༼གཡུ་སྒྲོན། དགེ་རྒན།༽
བརྙན་མིག་ལས་གཡུ་སྒྲོན་གྱིས་དངངས་འཚབ་དང་བཅས་འཕྲུལ་སྣང་ལས་སད་དུས། དགེ་རྒན་གྱིས་མོའི་དཔྲལ་བར་ཐལ་ལྕག་ཅིག་གཞུས་ཏེ་ཡར་འགྲེང་འདུག མོའི་ལོགས་ཀྱི་སློབ་གྲོགས་གཅིག་ཀྱང་མི་འདུག
དགེ་རྒན། ཅི་ཞིག་ལ་འདང་རྒྱག་གི་ཡོད། ཡ བློར་ཐོན། ༼གཡུ་སྒྲོན་གྱི་དཔེ་ཆ་འཕྲོག༽
གཡུ་སྒྲོན། ་ ་ ་ ༼གཡུ་སྒྲོན་གྱིས་བློར་མི་ཟིན་སྟབས་སྐྲག་པའི་ཉམས་དང་བཅས་མགོ་སྒུར་ནས་བསྡད།
དགེ་རྒན། དེ་རིང་ཡུལ་དུ་སོང་ནས་བློར་ཟིན་དུ་ཆུགས། ནངས་ཀ་མ་ཤེས་དུས། ལྟོས་ཀི་སྡོད་ཨ།
ཡ་ད་སོང་། ༼ཁྲོ་ཉམས་དང་བཅས་བཤད།༽
གཡུ་སྒྲོན། ཨོ་ཡ། ༼གཡུ་སྒྲོན་གྱིས་མགོ་བོས་གུག་གུག་བྱས།༽

༡༤ ཕྱིའི་བརྙན། སྲང་ལམ། ཕྱི་དྲོ། མི་སྣ།༼གཡུ་སྒྲོན། རྟ་བ།༽
བརྙན་མིག་ལས་གཡུ་སྒྲོན་སློབ་གྲྭའི་སྒོ་ཆེན་ནས་ཕྱིར་བུད་དེ་མུ་མཐུད་དུ་སོང་། མོ་སྔར་བཞིན་སྲང་ལམ་གྱི་གཞི་མདོ་དེར་ཐོན་དུས། གཡས་ཕྱོགས་ཀྱི་ཟ་ཁང་དེ་ལས་བོད་སྐད་བརྙན་འཕྲིན་ཞིག་སྒྲ་གྲག་འོང་། ཁོ་མོ་དེ་འགྲོ་བར་རྩོམ་པའི་ཚེ། མདུན་ཕྱོགས་ཀྱི་ཕུགས་རིང་བའི་ལམ་དུ་རྟ་བ་ཞིག་གསལ་ལ་མི་གསལ་ངང་ཚུར་ཡོང་བཞིན་པ་མཐོང་། ཁོ་མོས་རང་གི་ཨ་ཕ་ཡིན་སྙམ་གྱི་བློ་ཞིག་གིས་རྟ་བ་དེར་ལྟ་ཞོར་གོམ་པ་འགའ་སྔོན་དུ་སྤོས། རྟ་བ་དེ་ཇེ་གསལ་ནས་ཇེ་གསལ་དུ་གྱུར་ཡོང་། གཡུ་སྒྲོན་གྱིས་མུ་མཐུད་དུ་རྟ་བ་དེར་བལྟས་ནས་བསྡད། བརྙན་མིག་ལས་ནུབ་བཞིན་པའི་ཉི་མ་དང་མཚམས་སྤྲིན།
རྟ་བ་སོགས་མཐོང་། རྟ་བ་དེ་རིམ་བཞིན་གཡུ་སྒྲོན་གྱི་ཉེ་འགྲམ་དུ་ཐོན། གཡུ་སྒྲོན་གྱིས༼ཨ་ཕ།༽ཞེས་རྟ་བ་དེའི་ཕྱོགས་སུ་བརྒྱུགས། རྟ་བ་དེ་རྟ་གོང་ལས་བབས་ཤིང་རྟ་རྒན་གློག་སྡོང་ཞིག་ལ་བཏགས། གཡུ་སྒྲོན་མི་དེའི་ལོགས་སུ་ཐོན་མ་ཐག རང་གི་ཨ་ཕ་མིན་པ་ཤེས་རྗེས་ཅུང་རེ་ཆད་ཀྱི་ཉམས་དང་བཅས་ཁ་ཕྱིར་འཁོར་ནས་སོང་།

༡༥ ཕྱིའི་བརྙན། ལམ་བར། ཕྱི་དྲོ། མི་སྣ།༼གཡུ་སྒྲོན།༽
བརྙན་མིག་ལས་གཡུ་སྒྲོན་གྱི་རྒྱབ་གཟིགས་མཐོང་ཞིང་མགོ་སྒུར་ཏེ་འགྲོ་བཞིན་པ་ཤར་ཡོང་། ཁོ་མོ་མཆོད་རྟེན་དཀར་པོའི་ལོགས་ཀྱི་གཞུང་ལམ་དུ་ཐོན། ཁོ་མོ་ཀྱལ་ཙེ་གོམ་ཙེ་བྱེད་ཞོར་མདུན་དུ་རྒྱུག། བརྙན་མིག་ལས་ཁོ་མོའི་རྒྱབ་གཟུགས་མཐོང་ཞིང་། རིམ་བཞིན་བརྙན་ཐུང་མཇུག་རྫོགས་སོང་ངོ་།།

                                    2014.11.18

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨུག་ཀློང་གི་སེར་ཆེན་མེ་ཏོག

2015-03-25 ཁྲག་སྙུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།