གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མར་ཕུལ་བ།(སྙན་ཚོམ)

2009-03-08 11:41:00 ཧེ་ཙི། ཀློག་གྲངས། མཆན ཡོད།

          ༡ རླུང༌།
རླུང་ཧ་ཅང་མཛེས  འབྲས་བུ་ཡང་མཛེས
རླུང་བུ་ཆུང་ཆུང་ཅི་འདྲའི་མཛེས་ཤིང་སྡུག་ལ
རང་བྱུང་ཁམས་ཀྱི་མྱོས་བུམ་ཡང་མཛེས་ཤིང་སྡུག

ཆུ་ཅི་འདྲའི་མཛེས  ཆུ་ཡ
ཁྱོད་ལ་སྐད་ཆ་བཤད་མཁན་ཞིག
མེད་པའི་དུས་སྐབས་སུ་ཅི་འདྲའི་མཛེས

ཁྱོད་ཁྱིམ་གྱི་རྙིང་རལ་གྱི་སྒོ་མོས
གབ་འདུག་པའི་དབུལ་ཕོངས་དེ་ཅི་འདྲའི་མཛེས

རླུང  རྩྭ་ཐང་ཡོངས་སུ་ལྡང་དུས
རྟ་མཆོག་གི་རུས་པ  ལྗང་ཁུར་གྱུར
   
        ༢ ཆུ་མིག
ཆུ་མིག  ཆུ་མིག
སྐྱེས་དངོས་ཀྱི་མཆུ་འདབ
སྔོ་བསང་གི་མ་ཡུམ
ཤ་ཁྲག་གི་ལུས་པོ་བཀོལ་ནས
མེ་ཏོག་གི་རོལ་ཆས་བཀོལ་ནས
བྲག་རྡོ་བཀབ་ཅིང་
རུས་པ་དང་ཆང་ཕོར་བཀབ

        ༣ སྤྲིན་པ།
ཨ་མ
རྒས་སོང་   སྐྲ་དཀར་ལྷབ་ལྷུབ
ཨ་མ་ཁྱོད་རང་སོང་ནས་ངལ་ཞིག་གསོས
རི་སྒང་གི་སྟེང་དུ་བསྙེས་པའི་ལྷིང་འཇགས་ཀྱི་བུ་ཆུང་
རི་སྐེད་ཀྱི་དལ་ཅག་གེའི་ཆུ་བོ་ནང་བཞིན
ཨ་སྔོན་གྱི་ཁམས་སུ་བཞུར
ངས་སྤྲིན་པ་ཕོན་པོར་གླུ་གཞས་ལེན
ཆར་ཆུ་ཡི་མིང་སྲིང་
མཛེས་སྡུག་གི་གཉེན་སྒྲིག་ཞུ་ཡིག
ངས་རང་གི་དགའ་མར་བསྟོད་པའི་སྙན་ངག་ལ་བཀོལ་ས་མེད་པ་ཤེས་བྱུང་

ངས་སྤྲིན་པ་ཕོན་པོར་གླུ་གཞས་ལེན
ངས་རང་ཉིད་ཀྱི་འཚོ་བ་ཆེས་མཐའ་མར་བདེ་སྐྱིད་ལྡན་པ་མཁྱེན་ཞིང་
ཆེས་རྣམ་དག་དང་ཆེས་ལྷད་མེད་ཀྱི་མི་ཡོད་ཚད་དང་མཉམ་པོར
ལྷ་ཡུལ་དུ་ལྷན་འཛོམས་བྱ་ངེས

         ༤ ཁ་བ།
ཨ་མ་ཡང་བསྐྱར་ཕ་ཡུལ་གྱི་རྐུབ་སྟེགས་ཆུང་ངུའི་སྟེང་དུ་བསྡད་རྗེས་ང་རང་དྲན
རྐུབ་སྟེགས་དེ་ནི་ཁ་བ་ཡུན་རིང་བརྩེགས་པའི་ངའི་ཁང་ཀླད་དང་མཚུངས

ཨ་མ་ཡི་ཁང་ཀླད
སང་ཉིན་ཞོགས་པར
འཇའ་འོད་སྟོང་གིས་སྤྲོ་ངེས
ངས་ཁྱོད་རང་མཐོང་ཐུབ་དགོས

ཨ་མ  ཨ་མ
ཁྱོད་ཀྱི་ངོ་གདོང་འབྲུ་རིགས་མཛོད་ཁང་དུ་ཕྱོགས་ཤིང་
རྡོག་པས་ས་སྲོས་ཀྱི་དུས་ཚིགས་མནན་འདུག
ངས་ཁྱོད་རང་ཉིན་བཞིན་དུ་འདི་ལྟར་རྒས་ཀྱིན་པ་ཚོར་བྱུང་

          ༥ སྐད་ཆ་དང་ཁྲོན་པ།
སྐད་ཆ་ཡི་རང་ལུས་དངོས
མ་ཡུམ་དང་མཚུངས
ཉིན་རྒྱུན་སྐད་ཆ་ཡི་ལབ་གླེང་    གཙང་འགྲམ་དུ
ཉམས་མྱོང་གི་གཙང་བོའི་ཕར་ངོགས་གཉིས་སུ
སྣང་ཚུལ་གྱི་གཙང་བོའི་ཕར་ངོགས་གཉིས་སུ
མེ་ཏོག་གི་གཤིས་བཟང་གི་ཆུང་མ་དང་འདྲ་བར
གླགས་བཞིན་པའི་རྣ་ཅོག་དང་སྙན་ངག་ནི
གང་ས་གང་དུ་འབུས་ཤིང་
སྡུག་བསྔལ་མྱོང་བཞིན་པའི་ཆུ་བོ་ཞིག་ལ་ཉན་འདུག

ཆུ་བོ་ཐག་རིང་ལ་བཞུར་ནས་སོང་འདུག
                
                   ༡༩༨༤ལོ་དང་༡༩༨༥ལོ་ལ་བཅོས།  ༡༩༨༦ལོ་ལ་བསྐྱར་དུ་བཅོས།
                     (དཔལ་ལྡན་གྱིས་བསྒྱུར།)
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།