མཛའ་བོར་སྒུག་པའི་གོར་མའི་དགའ་མ།

ཡུལ་གྱིས་རིང་བསྐལ་ས་འཛིན་མགྲིན་གྱི་བྲག་ཅས་ཉེར་སྦྲན་པའི། །
མཛའ་བོ་ལོག་པའི་འཕྲིན་སྙན་ཐོས་འཛིན་བུ་གར་སོན་པ་འམ། །
ཡང་ན་མཚམས་སྤྲིན་འོད་དུ་མི་རྟ་འབུམ་ཕྲག་རྒྱུ་བ་ཡིས། །
ཉེར་བསླངས་དུད་རྡུལ་ཆུ་མཐོངས་དབྱིངས་སུ་དཀྲིགས་པ་མཐོང་གྱུར་ཏམ། །
ཐོ་རངས་རྨི་ལམ་ཐུན་དུ་སྒོ་གླེགས་རྡུང་བའི་སྒྲ་དག་གིས། །
ཤིན་ཏུ་སྐོམ་གྱུར་བསུང་ཞིམ་ལྡང་བའི་མཆུ་སྒྲོས་འདར་བྱས་སམ། །
ཡང་ན་ཞོགས་པར་སྐྱ་ཀས་འཕྲིན་བཟང་སྐྱེལ་བའི་གླུ་སྙན་གྱིས། །
རླབས་རིས་ངེས་མེད་སྒྱུར་བཞིན་སྙིང་གི་ཤམ་བུ་གཡོས་གྱུར་ཏམ། །
ཨེ་མ་བདེན་ནོ་ལོག་པར་འོས་པ་དག་ནི་རིང་ནས་ལོག་ལ་འོས། །
དྲི་ཞིམ་དུས་ཀྱི་མྱུ་གུ་གཞོན་ནུ་ཆུ་ལྡན་ཁ་ཆུར་སྲེད་པ་བཞིན། །
འཕྲད་འདོད་དབང་གིས་ཀུན་ནས་གདུང་གྱུར་ཁྱོད་སྙིང་ལྕགས་ལ་མ་བྱས་པས། །
འཐོར་རླུང་དང་འགྲོགས་གློག་ཞགས་འབྲུག་སྒྲ་ཀྱེ་མ་སླར་ཡང་ཇི་ལྟར་བཟོད། །
དེ་བཞིན་མད་དོ་འཐོབ་པར་འདོད་པ་དག་ཀྱང་རིང་ནས་འཐོབ་འོས་ཏེ། །
བསྐལ་པའི་བར་དུ་ཁྱོད་ཀྱི་སྙིང་ལ་ཡང་དག་ཉལ་བའི་རེ་འབྲས་ཀྱང༌། །
བདུད་རྩིའི་ཁུ་བ་སྙིང་ལ་སིམ་པས་མཚོན་པར་མི་ནུས་འགྲོ་འདི་ཡི། །
ལྷན་སྐྱེས་བརྩེ་དུང་ཟོལ་མེད་ལགས་ན་དེ་བས་ཀྱང་ནི་སྨྲ་ཅི་འཚལ། །
                       (འཇུ་སྐལ་བཟང་གིས་བསྒྱུར)
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཛའ་བོར་སྒུག་པའི་གོར་མའི་དགའ་མ།

2008-10-30 ཡི་དམ་ཚེ་རིང་། ཀློག་གྲངས། མཆན ཡོད།

ཡུལ་གྱིས་རིང་བསྐལ་ས་འཛིན་མགྲིན་གྱི་བྲག་ཅས་ཉེར་སྦྲན་པའི། །
མཛའ་བོ་ལོག་པའི་འཕྲིན་སྙན་ཐོས་འཛིན་བུ་གར་སོན་པ་འམ། །
ཡང་ན་མཚམས་སྤྲིན་འོད་དུ་མི་རྟ་འབུམ་ཕྲག་རྒྱུ་བ་ཡིས། །
ཉེར་བསླངས་དུད་རྡུལ་ཆུ་མཐོངས་དབྱིངས་སུ་དཀྲིགས་པ་མཐོང་གྱུར་ཏམ། །
ཐོ་རངས་རྨི་ལམ་ཐུན་དུ་སྒོ་གླེགས་རྡུང་བའི་སྒྲ་དག་གིས། །
ཤིན་ཏུ་སྐོམ་གྱུར་བསུང་ཞིམ་ལྡང་བའི་མཆུ་སྒྲོས་འདར་བྱས་སམ། །
ཡང་ན་ཞོགས་པར་སྐྱ་ཀས་འཕྲིན་བཟང་སྐྱེལ་བའི་གླུ་སྙན་གྱིས། །
རླབས་རིས་ངེས་མེད་སྒྱུར་བཞིན་སྙིང་གི་ཤམ་བུ་གཡོས་གྱུར་ཏམ། །
ཨེ་མ་བདེན་ནོ་ལོག་པར་འོས་པ་དག་ནི་རིང་ནས་ལོག་ལ་འོས། །
དྲི་ཞིམ་དུས་ཀྱི་མྱུ་གུ་གཞོན་ནུ་ཆུ་ལྡན་ཁ་ཆུར་སྲེད་པ་བཞིན། །
འཕྲད་འདོད་དབང་གིས་ཀུན་ནས་གདུང་གྱུར་ཁྱོད་སྙིང་ལྕགས་ལ་མ་བྱས་པས། །
འཐོར་རླུང་དང་འགྲོགས་གློག་ཞགས་འབྲུག་སྒྲ་ཀྱེ་མ་སླར་ཡང་ཇི་ལྟར་བཟོད། །
དེ་བཞིན་མད་དོ་འཐོབ་པར་འདོད་པ་དག་ཀྱང་རིང་ནས་འཐོབ་འོས་ཏེ། །
བསྐལ་པའི་བར་དུ་ཁྱོད་ཀྱི་སྙིང་ལ་ཡང་དག་ཉལ་བའི་རེ་འབྲས་ཀྱང༌། །
བདུད་རྩིའི་ཁུ་བ་སྙིང་ལ་སིམ་པས་མཚོན་པར་མི་ནུས་འགྲོ་འདི་ཡི། །
ལྷན་སྐྱེས་བརྩེ་དུང་ཟོལ་མེད་ལགས་ན་དེ་བས་ཀྱང་ནི་སྨྲ་ཅི་འཚལ། །
                       (འཇུ་སྐལ་བཟང་གིས་བསྒྱུར)
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།