ངའི་དུར་སའི་མདུན་ལ་ལངས་ཏེ་གདུང་བས་མ་ངུ་ཞིག

ང་འདི་ན་བསྡད་མེད
ང་གཉིད་བསྡད་མེད
ང་ནི་ལྷགས་རླུང་ཁྲི་སྟོང་ལྡང་བ་དེ་ཡིན
ང་ནི་གངས་ངོས་ཀྱི་ཕ་ལམ་ཁྲ་ཆིལ་ལེ་བ་དེ་ཡིན
ང་ནི་སྙེ་མའི་རྩེ་ན་འཚེར་བའི་ཉི་འོད་དེ་ཡིན
ང་ནི་སྟོན་ཟླ་ར་བའི་སྦྲང་ཆར་བསིལ་མ་དེ་ཡིན
ནམ་ཞིག་སྐྱ་རེངས་ཀྱི་དབེན་འཇགས་ཁྲོད་ནས་ཁྱེད་རང་གཉིད་ལས་སད་དུས
ཁ་ཁུ་སིམ་པའི་བྱེའུ་ཚོགས་དེས་བདེ་ལྕག་འཁྱུག་པའི་ངང་ནས་ལྡིང་སྐོར་བརྒྱབ་ཅིང་
ཨ་སྔོན་དབྱིངས་ན་འཕུར་བའི་ཤུ་སྒྲ་དེ་ང་རང་ཡིན
ང་ནི་མཚན་མོའི་འོད་མདངས་མག་མོག་གི་སྐར་ཚོགས་དེ་ཡིན
མ་ངུ་ཞིག
ང་འདི་ན་མེད
ང་ཤི་མེད
                      (བདེ་སྦྱིན་བཟང་མོས་བསྒྱུར།)
 
རྩོམ་ཁུངས། དམངས་ཁྲོད་ཚགས་པར

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་དུར་སའི་མདུན་ལ་ལངས་ཏེ་གདུང་བས་མ་ངུ་ཞིག

2008-10-30 མིང་མེད། ཀློག་གྲངས། མཆན ཡོད།

ངའི་དུར་སའི་མདུན་ལ་ལངས་ཏེ་གདུང་བས་མ་ངུ་ཞིག
ང་འདི་ན་བསྡད་མེད
ང་གཉིད་བསྡད་མེད
ང་ནི་ལྷགས་རླུང་ཁྲི་སྟོང་ལྡང་བ་དེ་ཡིན
ང་ནི་གངས་ངོས་ཀྱི་ཕ་ལམ་ཁྲ་ཆིལ་ལེ་བ་དེ་ཡིན
ང་ནི་སྙེ་མའི་རྩེ་ན་འཚེར་བའི་ཉི་འོད་དེ་ཡིན
ང་ནི་སྟོན་ཟླ་ར་བའི་སྦྲང་ཆར་བསིལ་མ་དེ་ཡིན
ནམ་ཞིག་སྐྱ་རེངས་ཀྱི་དབེན་འཇགས་ཁྲོད་ནས་ཁྱེད་རང་གཉིད་ལས་སད་དུས
ཁ་ཁུ་སིམ་པའི་བྱེའུ་ཚོགས་དེས་བདེ་ལྕག་འཁྱུག་པའི་ངང་ནས་ལྡིང་སྐོར་བརྒྱབ་ཅིང་
ཨ་སྔོན་དབྱིངས་ན་འཕུར་བའི་ཤུ་སྒྲ་དེ་ང་རང་ཡིན
ང་ནི་མཚན་མོའི་འོད་མདངས་མག་མོག་གི་སྐར་ཚོགས་དེ་ཡིན
མ་ངུ་ཞིག
ང་འདི་ན་མེད
ང་ཤི་མེད
                      (བདེ་སྦྱིན་བཟང་མོས་བསྒྱུར།)
 
རྩོམ་ཁུངས། དམངས་ཁྲོད་ཚགས་པར

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།