བདག་པོ།
ཁྱོད་ཀྱིས་ཉ་མོ་འཚོང་སར།
ཟླ་བ་མར་ངོ་འཚོལ།
ང་ནི་ཟླ་འོད་འོག་ཏུ།
གཙང་པོ་ཆུང་ཆུང་བརྒྱུད།
ཁྱོད་ཀྱིས་གཉེན་སྟོན་སྟེང་དུ།
ཐུར་མ་དམར་པོ་བཀོལ།
ངས་ནི་ལྷོ་ཡི་སྒང་དུ།
སྨྱུག་ཤིང་བསྟར་གཉིས་བཙུགས།
ཁྱོད་ཀྱི་མཚན་མོར།
བདག་པོ་ཡིད་དུ་འོང༌།
ང་ཡི་ཉིན་དཀར།
མགྲོན་པོ་ཁོབ་པོར་གྱུར།
1985.1
(ལྡོང་བུས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།