གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་ཤར།

2009-03-25 09:26:00 ཧེ་ཙི། ཀློག་གྲངས། མཆན ཡོད།

               
                   -----བདེ་སྐྱིད་བླ་ལྷག་ཏུ་ལྡན་པའི་ཞོགས་པ་ཞིག་གི་ཉི་ཤར་མཐོང་རྗེས།
མུན་ནག་གི་མཐའ་རུ།
ཉི་མས་ང་རང་བསྐྱོར་ནས་ཡར་ལ་ལངས་བྱུང༌།
ང་ཡི་ལུས་པོ་ནི་སྙིང་ཉེ་བའི་མེས་རྒྱལ་ཞིག་དང་འདྲ་བར། ཟུངས་ཁྲག་ཀུན་ཏུ་རྒྱས།
ངས་སླར་ཡང་ཁས་ལེན་མི་གནང་བ་མི་སྲིད་དེ།
ང་ནི་རྦད་དེ་བདེ་སྐྱིད་མཐའ་དག་ལྡན་པའི་མི་ཞིག་ལགས།
ང་ནི་རྦད་དེ་མི་འཐུས་ཚང་ཞིག་སྟེ་ང་ནི་བདེ་སྐྱིད་བླ་ལྷག་ཏུ་ལྡན་པའི་མི་ཞིག་ལགས།
ངའི་ལུས་ཡོངས་ལ་ཁྱབ་པའི་མུན་པ་ཉི་མ་ཡར་འཕགས་པ་དང་བསྟུན་ནས་སེལ་་་བར་བྱས།
ངས་སླར་ཡང་ཁས་ལེན་མི་གནང་བ་མི་སྲིད།   
ལྷ་ཡུལ་དང་རྒྱལ་ཁབ་ཀྱི་བརྗིད་ཉམས་ཆེ་ལ་ཡིད་དབང་འཕྲོག་པའི་ཡུལ་ལྗོངས་དང༌།
ཁོ་མོའི་གནས་པ……མུན་ནག་གི་མཐའ་རུ!

                        1987.8.30ཆང་གིས་བཟི་རྗེས་ཀྱི་ཞོགས་པར།
                                                            (ལྡོང་བུས་བསྒྱུར)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།