གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཇིང་བར་བཞགས་པའི་བྱང་ཆུབ་སེམས་དཔའ་ལ་བྲིས་པ།

2009-03-25 09:23:00 ཧེ་ཙི། ཀློག་གྲངས། མཆན ཡོད།


དབུགས་འབྱིན་རོགས།  དབུགས་འབྱིན་རོགས།
ང་ཚོ་ནི་དབུགས་ཚ་མོ་ནང་དུ་བཅུག་པའི།
དམ་བི་ཆུང་ཆུང་གཉིས་ཏེ།
བྱང་ཆུབ་སེམས་དཔས་མཉམ་གཅིག་ཏུ་བཞག

བྱང་ཆུབ་སེམས་དཔའ་ནི།
རོགས་རམ་བྱེད་པར་ཧ་ཅང་དགའ་བའི།
ཤར་ཕྱོགས་ཀྱི་བུད་མེད་ཅིག་སྟེ།
ཚེ་གཅིག་ཏུ་ཁྱོད་ལ་རོགས་རམ་ལན་གཅིག་བྱེད།

འདིས་ཀྱང་འདང་སོང༌།
ཁོ་མོ་བརྒྱུད་དེ།
ང་རང་ཉིད་ཀྱང་བརྒྱུད་དེ།
ལག་པ་གཉིས་ཀྱིས་ཁྱོད་ལ་རེག་བྱུང༌།   ཁྱོད་ཀྱི།

དབུགས་འབྱིན་རྔུབ།

འགུལ་ཙམ་བྱེད་པའི་གཡོར་རས་དམར་པོ་གཉིས།
ངའི་མཆུ་སྒྲོས་ཀྱི་བར་དུ།
བྱང་ཆུབ་སེམས་དཔས་ཤེས་ངེས།
བྱང་ཆུབ་སེམས་དཔའ་སྨྱུག་མའི་ཚལ་དུ་བཞུགས།
ཁོ་མོས་ཅི་ཡང་ཤེས་ངེས།
དོ་ནུབ་ཤེས་ངེས་ལ།
བཀའ་དྲིན་ཐམས་ཅད་ཀྱང་ཤེས།
མཚོ་མོ་ང་ཡིན་པའང་ཤེས།
ཁྱོད་ཀྱི་སྨིན་མ་བཀྲུ་ཞིང༌།
ཁྱོད་ཀྱིས་བདག་གི་ལུས་སྟེང་དུ་དབུགས་འབྱིན་རྔུབ་བྱེད་པའང་ཤེས།

བྱང་ཆུབ་སེམས་དཔའ་འཐད་དེ།
བྱང་ཆུབ་སེམས་དཔའ་སེམས་སུ་ཧ་ཅང་འཐད་པ་ཡིན།
ང་རང་སྐྱེ་རུ་བཅུག་ཅིང༌།
ངའི་ནར་སོན་པའི་ལུས་པོ་རུ།
བརླན་གཤེར་གྱི་ཁྱོད་རང་བཀལ་ནས་བཞག
 
                           1985.4
                                       (ལྡོང་བུས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།