གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོ་འབྲས་སྨིན་སོང་།

2009-03-25 09:12:00 ཧེ་ཙི། ཀློག་གྲངས། མཆན ཡོད།

ལོ་དེར།
ལན་གྲུ་རྒྱུད་ཀྱི་གྲོ་འབྲས་གསར་བ།
སྨིན་ཐག་ཆོད།

གཙང་པོའི་ངོགས་སུ།
ལོ་ངོ་སུམ་ཅུ་ལ་འཁྱམ་པའི་ཨ་ཕ།
ཕྱིར་ཕ་ཡུལ་ལ་ཐོན།

ལུག་ལྤགས་ཀྱི་ཀོ་གྲུར་བསྡད་དེ།
ཕྱིར་ཕ་ཡུལ་ལ་ཐོན།

མི་ཞིག་གིས་འབྲུ་རིགས་རྒྱབ་ཏུ་ཁུར་ཤིང༌།
མཚན་མོར་སྒོ་མོ་ཕྱེ་ནས་ཡོང༌།

སྣུམ་སྒྲོན་གྱི་འོག་ཏུ།
དེ་ནི་ཁུ་བོ་གསུམ་པ་ཡིན་པ་ཤེས།

སྤུན་ཟླ་གཉིས་ཀར།
མཚན་ལམ་རིང་མོར་སྐད་ཆ་མི་འདུག

ཆུ་ཁོལ་གདུ་བའི་སླ་ང་ཁོ་ནས།
གུའུ་ལུའུ་གུའུ་ལུའུ་ཡི་ཟིར་སྒྲ་འབྱིན།

སུ་ཡི་སེམས་ངལ་ཡང༌།
སྲབ་མཐུག་རན་པའི་ས་སེར་འདི་ཡིན་ཨང༌།
གྲོ་འབྲུ་སྨིན་སོང!
1985.1.20
                     (ལྡོང་བུས་བསྒྱུར)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།