གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཧི་མ་ལ་ཡ།

2009-03-25 09:06:00 ཧེ་ཙི། ཀློག་གྲངས། མཆན ཡོད།

མཐོ་སྒང་ནམ་མཁའི་དབྱིངས་སུ་དཔྱངས་ཤིང༌།
ནམ་མཁའ་ངའི་ཕྱོགས་སུ་འགྲིལ་ནས་ཡོང༌།
ངས་ཡོད་ཚད་བོར་བརླག་བཏང་རྗེས།
མིག་མདུན་དུ་མཚོ་མོ་ཁོ་ན་ལྷག

ང་ནི་ང་རང་ཉིད་ཀྱི་རྒྱང་རིང་ན།
ང་ཕ་ཡུལ་གྱི་མཚོ་འབྱིངས་སུ།
འཇིག་རྟེན་དུ་ཆེས་མཐོ་བའི་གནས་ཡུལ་བརྒྱུད།
ཧི་མ་ལ་ཡ།   ཧི་མ་ལ་ཡ།

ཁྱོད་སུ་ཡིན།
ལྟོགས་སྐོམ་དང༌།
མངལ་སྦྲུམ་པ།
ཟད་མཐའ་བྲལ་བའི།
ནམ་མཁའ་རུ་འགྲིལ་བའི་མགོ་བོ་དག
ཕྱིར་ནམ་མཁའ་ལ་བཞག

ང་རང་མཚོ་མོ་ནས་ནུབ་ཁ་ཡི་ཉི་མའི་དཀྱིལ་སྙིང་ལ་སླེབས་ཤིང༌།
ཨ་སྔོན་ཡོངས་སུ་འཕུར་ཚར་ཡང་རྐང་བ་རེག་ས་ཞིག་ཀྱང་རྙེད་རྒྱུ་མ་བྱུང༌།
ད་ལྟ་འབྲུ་རིགས་ཡོད་ལ་ལྟོགས་སྐོམ་ནི་མེད་སོང༌།
དེ་རིང་གི་འབྲུ་རིགས་ཨ་སྔོན་ཡོངས་སུ་འཕུར་ཡང༌།
ལྟོགས་སྐོམ་གྱི་ཕོ་བ་ཞིག་ཀྱང་རྙེད་རྒྱུ་མ་བྱུང༌།
ལྟོགས་སྐོམ་ནི་འབྲུ་རིགས་ཀྱིས་གསོ་བ་ལགས།
སྔར་ལས་ལྟོགས་ཤིང་སྐོམ་ལ།   དབུགས་རྟ་རྔ་ཙམ་ལས་མི་འདུག
རྩྭ་ཐང་སྟེང་གི་ནམ་མཁའ་ཡོངས་སུ་འགོག་ཐབས་བྲལ་སོང༌།

མཆུ་སྒྲོས་དང་ངེད་གཉིས་ཀྱིས་གཙང་པོ་པང་དུ་བཟུང༌།
མགོ་བོ་དང་ཁོའི་གཅེན་མོ་གཅུང་མོ་དག
ཆུ་ཀླུང་ཆེན་པོའི་གཏིང་ནས་མཚོ་མོ་ལ་གཏད།
མགོ་བོ་བྲེགས་ཟིན་པའི་ལུས་པོ་ད་དུང་མི་ཡུལ་དུ་གནས།
ཆེས་མཐོ་བའི་ལྷུན་པོ་ཞིག
ད་དུང་ཡང་ཡར་ལ་འཕགས་བཞིན་ཡོད།

                                                            1988(?)
                                                     (ལྡོང་བུས་བསྒྱུར)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།