གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱི་དང་སྤོས་ཆུ།

2009-03-21 11:04:00 བྷོ་དྷི་ལེར། ཀློག་གྲངས། མཆན ཡོད།

      "ངའི་ཁྱི་ཡག་པོ། ངའི་ཁྱི་བཟང་བོ། ངའི་ཁྱི་གཅེས་པོ། ཚུར་ཡོང་སྟེ་དྲི་ཞིམ་སྤོས་ཆུ་འདི་ལ་སྣོམས་ཤིག  འདི་ནི་གྲོང་ཁྱེར་ཧྲིལ་བོའི་དྲི་ཞིམ་སྤོས་ཆུ་
འཚོང་ས་ལེགས་ཤོས་དེ་ལས་ཉོས་ཡོང་བ་ཡིན། "
          ཁྱི་ཡིས་མཇུག་མ་གཡུག་གཡུག་གནང་ཞིང་ང་ཡི་སྣང་ངོར་དེ་ནི་སྙིང་རྗེ་བའི་དུད་འགྲོ་འདི་འཛུམ་དམུལ་ལེར་གད་མོ་དགོད་པ་དང་འདྲ། དེ་
ནས་ཁྱི་ཚུར་ཡོང་ཞིང་ཡ་མཚར་བའི་ངང་རློན་པར་གྱུར་བའི་སྣ་ཉིད་ཁ་གཅོད་བླངས་པའི་སྤོས་ཆུའི་དམ་བུའི་སྟེང་དུ་བཞག་ལ་དེའི་རྗེས་སུ་བྲེལ་འཚུབ་
ཀྱིས་ཞེད་སྣང་ཞིག་སྒོར་ཕྱུང་ཞིང་ཕྱིར་བཀྱེད་ནས་ང་ལ་བལྟས་ཏེ་སྡང་ཟུག་འདོན་པར་བྱེད།
          "ཀྱེ་མ། ངའི་ཁྱི་སྙིང་ལ་རྗེ་བོ། གལ་ཏེ་ངས་ཁྱོད་ཀྱི་མདུན་སར་སྐྱག་པ་ཁུག་མ་གང་ཁྱེར་ཡོང་ཚེ་ཁྱོད་ཀྱིས་དེ་ལ་དང་བ་ཆེན་པོས་བསྣམ་པར་ 
ངེས་ལ་ཁ་ལ་ལེན་ཐེངས་གཅིག་གིས་ཁྱུར་མིད་གཏོང་ཡང་སྲིད། ཁྱོད་ཡ། ཁྱོད་ཀྱིས་ང་ཡི་སྐྱིད་ལ་སྡུག་པའི་མི་ཚེ་སྐྱེལ་རོགས་གང་ནས་ཉན།
ཁྱོད་ནི་མང་ཚོགས་དེ་ཚོ་དང་འདྲ་སྟེ་ཁོ་ཚོའི་མདུན་དུ་རིན་ཐང་ཆེ་བའི་དྲི་ཞིམ་སྤོས་ཆུ་བཤམས་ཚེ་མི་འདོད་པའི་རྣམ་འགྱུར་སྟོན་པར་ངེས་པས་
ཁོ་ཚོ་ལ་མི་གཙང་འདམ་ལས་བཏོན་པའི་གད་སྙིགས་རྫོབ་པོ་དེ་སྟེར་དགོས་སོ།།"
                                            (སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།