ཆང་ཕོར།

ཁྱོད་ཀྱི་མིག་ཆུས་ང་ཡི་དོན་དུ་ས་རྡུལ་དང་ཁེར་རྐྱང་གཙང་ཕྱགས་བྱས།
ཁྱོད་ཀྱི་མིག་ཆུ་ང་ཡི་སླད་དུ་གནམ་གྲུ་འབབ་སའི་ཉེ་འཁོར་གྱི་འབྲས་སོབ་དུ་     གཅེས་ཉར་མཛད།
ཆང་ཕོར།   ཁྱོད་སྟེ་རྡོ་བ་ཡི་སྨན་ཤར།  རྡོ་བ་ཡི་བཙོན་ཁང༌།  རྡོ་བ་ཡི་གདུགས།

ཨ་རག    རྡོ་བ་ཡི་བཙོན་ཁང་དུ་བཅུག་ཤིང་བཀྲོལ་ལ་གང་སར་ལང་ལོང་འཁྱུག་པའི་གློག་དམར།
མདང་ནུབ་གསལ་ཞིང་འཚེར་བའི་གློག་དམར་གྱིས་ང་ཡི་ཕོར་བ་བཀང་བ་ནས་  སླར་ཡང་སྟོང་བར་བྱས།
ལྟོས་དང༌།  གཙང་པོས་ཁྱེར་ནས་ཐོན་པའི་བྱེ་འདམ་གྱིས་བརྩིགས་པའི་ཁེར་རྐྱང་གི་ཁང་བ།

ལྟོས་དང༌།   ཁྱོད་ཀྱི་ཁང་བ་ཆུང་དྲགས་ཏེ་ཆང་ཕོར་ཞིག་དང་ཀུན་ནས་མཚུངས།
ཁྱོད་ཀྱི་ཁང་བ་ཆུང་དྲགས་ཏེ་རྡོ་བ་ཡི་གདུགས་ཞིག་དང་ཀུན་ནས་མཚུངས།

ཆུ་འཛིན་མོད་པའི་གནམ་འོག་ཏུ།  བརླན་གཤེར་གྱི་རླུང་བུས་སྐམ་དུ་བཅུག་པའི་བགྲོད་ལམ།
ཁྱོད་ཀྱིས་ང་རང་རྙེད་མ་བྱུང༌།  ཁྱོད་ཀྱིས་དངོས་གནས་ང་རང་རྙེད་མ་བྱུང༌། ཁྱོད་ཀྱིས་ཇི་ལྟར་ཀྱང་ང་རང་རྙེད་མ་བྱུང༌།

སྔོན་ཆད་ཀྱི་རི་སྒང་སྟེང་གི་ལུག་ཁྱུའི་ཁྲོད།
ཆང་ཕོར།  ཁྱོད་ནི་རལ་ཞིང་ནག་པོར་གྱུར་བའི་སློབ་ཁང་རྙིང་བ་ཞིག
མཚོ་མོ་ཞིག་ཏུ་ནུབ་ནས་ཡོད།

                      1989(?).1.14
                                                (ལྡོང་བུས་བསྒྱུར)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆང་ཕོར།

2009-03-20 ཧེ་ཙི། ཀློག་གྲངས། མཆན ཡོད།

ཁྱོད་ཀྱི་མིག་ཆུས་ང་ཡི་དོན་དུ་ས་རྡུལ་དང་ཁེར་རྐྱང་གཙང་ཕྱགས་བྱས།
ཁྱོད་ཀྱི་མིག་ཆུ་ང་ཡི་སླད་དུ་གནམ་གྲུ་འབབ་སའི་ཉེ་འཁོར་གྱི་འབྲས་སོབ་དུ་     གཅེས་ཉར་མཛད།
ཆང་ཕོར།   ཁྱོད་སྟེ་རྡོ་བ་ཡི་སྨན་ཤར།  རྡོ་བ་ཡི་བཙོན་ཁང༌།  རྡོ་བ་ཡི་གདུགས།

ཨ་རག    རྡོ་བ་ཡི་བཙོན་ཁང་དུ་བཅུག་ཤིང་བཀྲོལ་ལ་གང་སར་ལང་ལོང་འཁྱུག་པའི་གློག་དམར།
མདང་ནུབ་གསལ་ཞིང་འཚེར་བའི་གློག་དམར་གྱིས་ང་ཡི་ཕོར་བ་བཀང་བ་ནས་  སླར་ཡང་སྟོང་བར་བྱས།
ལྟོས་དང༌།  གཙང་པོས་ཁྱེར་ནས་ཐོན་པའི་བྱེ་འདམ་གྱིས་བརྩིགས་པའི་ཁེར་རྐྱང་གི་ཁང་བ།

ལྟོས་དང༌།   ཁྱོད་ཀྱི་ཁང་བ་ཆུང་དྲགས་ཏེ་ཆང་ཕོར་ཞིག་དང་ཀུན་ནས་མཚུངས།
ཁྱོད་ཀྱི་ཁང་བ་ཆུང་དྲགས་ཏེ་རྡོ་བ་ཡི་གདུགས་ཞིག་དང་ཀུན་ནས་མཚུངས།

ཆུ་འཛིན་མོད་པའི་གནམ་འོག་ཏུ།  བརླན་གཤེར་གྱི་རླུང་བུས་སྐམ་དུ་བཅུག་པའི་བགྲོད་ལམ།
ཁྱོད་ཀྱིས་ང་རང་རྙེད་མ་བྱུང༌།  ཁྱོད་ཀྱིས་དངོས་གནས་ང་རང་རྙེད་མ་བྱུང༌། ཁྱོད་ཀྱིས་ཇི་ལྟར་ཀྱང་ང་རང་རྙེད་མ་བྱུང༌།

སྔོན་ཆད་ཀྱི་རི་སྒང་སྟེང་གི་ལུག་ཁྱུའི་ཁྲོད།
ཆང་ཕོར།  ཁྱོད་ནི་རལ་ཞིང་ནག་པོར་གྱུར་བའི་སློབ་ཁང་རྙིང་བ་ཞིག
མཚོ་མོ་ཞིག་ཏུ་ནུབ་ནས་ཡོད།

                      1989(?).1.14
                                                (ལྡོང་བུས་བསྒྱུར)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།