སྙན་ངག་རྐང་བཞི་མ།

        ༡   དྲན་གདུང༌།

སྐབས་འདི་ཡི་རླུང་བུ་དང་འདྲ་བར།
གློ་བུར་དུ་ལྡང་བྱུང༌།
ངས་ཁྱོད་རང་པང་དུ་བཟུང་ནས།
ཆང་ཕོར་དུ་བསྡད་ན་འདོད།

        ༢   སྐར་མ།

རྩྭ་ཐང་སྟེང་གི་མིག་ཆུ་རྡོག་གཅིག་དུ།
ཞེ་སྡང་དང་བརྙས་བཅོས་ཐམས་ཅད་འདུ་ཞིང༌།
མཆི་མ་ནི་མཆི་མ་ཐམས་ཅད་བགྲོད་ནས་ཚར་ཡང༌།
སྔར་བཞིན་རྡོག་པོ་གཅིག་ལགས།

         ༣   ངུ་བཤུམ་བྱེད་པ།

ངང་པ་དཀར་པོ་བདག་གི་སྐྲ་ལོ་ནག་པོ་དང་འདྲ་བར་མཚོ་མོ་རུ་འབར་གྱིན་འདུག
ངས་ནི་ཁྱོད་རང་བདག་གི་ཕ་ཡུལ་ལ་ཁྲིད་ནས་ཡོང༌།
ལྷ་ཡི་ཕོ་ཉ་གཉིས་ཀྱིས་ཡིད་སྐྱོ་བའི་གླུ་གཞས་གྱེར་ཤིང༌།
སྡུག་བསྔལ་གྱིས་ཕ་ཡུལ་གྱི་ཁང་བའི་ཀླད་དུ་ཕན་ཚུན་ལ་འཐམ་ནས་འདུག

       ༤   ཁྲུང་ཁྲུང༌།

ལྗང་ནེམ་ནེམ་གྱི་རྩྭ་ཐང་དུ།
སྨན་ཤར་ཡག་མ་ཞིག་གིས།
ཟླ་འོད་གསལ་བའི་ས་རུ།
སྙིང་ཉེ་བའི་མི།    བདེ་བར་བཞུགས་ཤིག་ཅེས་གསུངས་བྱུང༌།

                  ༥

ཇག་པས་ཞལ་ཆེམས་བཞག་པའི་རྗེས་སུ།
མཚན་གུང་ལ་ཁེར་རྐྱང་དུ་ཙོག་སྟེ།   ས་འོག་གི་ཁྲི་མུན་ཤིང་འབྲས་ར་བ་རུ་རློམ།
ཟླ་བས་ཇག་རྐུན་གྱི་རྟ་མཆོག་ཅིག་འབུད་ཅིང༌།
མཆི་མ་འདོན་གྱིན་འདུག

              ༦  ཧེ་ལོན།*1
མིག་ཞར་བའི་སྙན་ངག་པ་ཧི་མས།*2
བུ་མོ་ཐོབ་པར་རྨི་ལམ་རྨི་ཞིང༌།
ཕོར་བ་ལག་ཏུ་ཐོགས་ཏེ་ཁོ་མོ་མཐོང་བྱུང༌།
ང་རང་ཚོ་ཡི་ལག་པ་ཟུང་གིས་ཁོའི་མདུན་དུ་འགྲེང་ནས་ཡོད།

                                                   1987(?)
སྒྱུར་པ་པོའི་མཆན
*1 ཧེ་ལོན་ཟེར་བ་ནི་གནའ་བོའི་ཀེ་རི་སིའི་ལྷ་སྒྲུང་ཁྲོད་ཀྱི་བུད་མེད་མཛེས་མ་ཞིག་སྟེ།     བཤད་རྒྱུན་ལ་གནའ་བོའི་ཀེ་རི་སི་དང་ཐེ་ལའོ་དབྱི་རྒྱལ་
ཁབ་གཉིས་བར་དམག་འཁྲུག་འབྱུང་བའི་རྒྱུ་གཙོ་བོ་དེ་ཡིན་པར་གྲགས།    སྙན་ངག་པ་མིག་ཞར་ཧི་མས་བྲིས་པའི་ལོ་རྒྱུས་སྙན་རྩོམ་རིང་མོ<<ཧི་མའི་
ལོ་རྒྱུས་སྙན་རྩོམ>>གྱི་མི་སྣ་གཙོ་བོ་ཞིག་ལགས།
 
*2 སྙན་ངག་པ་ཧི་མ་ཟེར་བ་ནི་ཡོངས་གྲགས་སུ<<ཧི་མའི་ལོ་རྒྱུས་སྙན་རྩོམ>>གྱི་རྩོམ་པ་པོ་ཡིན་པར་གྲགས་མོད།   དེ་ལ་དོགས་པ་བྱེད་མཁན་ཡང་མང་
དུ་ཡོད་པ་ཞིག་རེད།  བཤད་རྒྱུན་ལ་སྙན་ངག་པ་ཧི་མ་ནི་མིག་གི་ནུས་པ་ཉམས་པའི་ཞར་བ་ཞིག་ཡིན་པར་བཤད། 
                                                                           (ལྡོང་བུས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་རྐང་བཞི་མ།

2009-03-19 ཧེ་ཙི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།