མཚོ་མོའི་ཁ་གཏད་དུ་དཔྱིད་ཀ་དྲོན་མོར་མེ་ཏོག་འཛུམ།

སང་ཉིན་ནས་བཟུང༌།   ང་རང་བདེ་སྐྱིད་ལྡན་པའི་མི་ཞིག་བྱེད།
རྟ་གསོ་ཞིང་བུད་ཤིང་གསེ་ལ།  འཛམ་བུའི་གླིང་ལ་ལྟ་བསྐོར་དུ་འགྲོ།

སང་ཉིན་ནས་བཟུང༌།    འབྲུ་རིགས་དང་སྔོ་ཚོད་ལ་དོ་ཁུར་གནང༌།
ང་ལ་ཁང་བ་ཞིག་ཡོད་ཅིང༌། 

སང་ཉིན་ནས་བཟུང༌།   གཉེན་ཉེ་རེ་རེ་ལ་འཕྲིན་པ་རེ་སྤྲིངས་ཏེ།
ཁོ་ཚོར་ང་ཡི་བདེ་སྐྱིད་འཆད་ཅིང༌།
གློག་འོད་འཁྱུག་ཙམ་གྱི་བདེ་སྐྱིད་དེས་ང་ལ་སྨྲས་ཟིན་པ་དག
ངས་སྐྱེ་བོ་ཐམས་ཅད་ལ་བརྗོད་པར་ངེས།

ངས་ནི་གཙང་པོ་དང་རི་སྒང་རེ་རེ་ལ་དྲོད་ཁོལ་གྱི་མིང་རེ་བཏགས་ཤིང༌།
ངོ་མི་ཤེས་པའི་མི།    ངས་ཁྱོད་ལའང་སྨོན་འདུན་ཞུ་ངེས་ཏེ།
ཁྱོད་ལ་འོད་སྣང་འཚེར་བའི་མདུན་ལམ་ཞིག་ཡོད་པར་རེ་ཞིང༌།
ཁྱོད་ཀྱི་བརྩེ་དུངས་ལྡན་པའི་སྐྱེ་བོ་ཀུན་གཉེན་དུ་འཁོར་བའི་སྨོན་ལམ་འདེབས།
ཁྱོད་རང་སྲིད་པའི་ཁམས་སུ་བདེ་སྐྱིད་དང་ལྡན་པར་ཤོག
ང་ནི་མཚོ་མོའི་ཁ་གཏད་དུ་དཔྱིད་ཀ་དྲོན་མོར་མེ་ཏོག་འཛུམ་པ་ཁོ་ན་འདོད།
                                  (ལྡོང་བུས་བསྒྱུར)

                                                               1989.1.13

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་མོའི་ཁ་གཏད་དུ་དཔྱིད་ཀ་དྲོན་མོར་མེ་ཏོག་འཛུམ།

2009-03-10 ཧེ་ཙི། ཀློག་གྲངས། མཆན ཡོད།

སང་ཉིན་ནས་བཟུང༌།   ང་རང་བདེ་སྐྱིད་ལྡན་པའི་མི་ཞིག་བྱེད།
རྟ་གསོ་ཞིང་བུད་ཤིང་གསེ་ལ།  འཛམ་བུའི་གླིང་ལ་ལྟ་བསྐོར་དུ་འགྲོ།

སང་ཉིན་ནས་བཟུང༌།    འབྲུ་རིགས་དང་སྔོ་ཚོད་ལ་དོ་ཁུར་གནང༌།
ང་ལ་ཁང་བ་ཞིག་ཡོད་ཅིང༌། 
མཚོ་མོའི་ཁ་གཏད་དུ་དཔྱིད་ཀ་དྲོན་མོར་མེ་ཏོག་འཛུམ།

སང་ཉིན་ནས་བཟུང༌།   གཉེན་ཉེ་རེ་རེ་ལ་འཕྲིན་པ་རེ་སྤྲིངས་ཏེ།
ཁོ་ཚོར་ང་ཡི་བདེ་སྐྱིད་འཆད་ཅིང༌།
གློག་འོད་འཁྱུག་ཙམ་གྱི་བདེ་སྐྱིད་དེས་ང་ལ་སྨྲས་ཟིན་པ་དག
ངས་སྐྱེ་བོ་ཐམས་ཅད་ལ་བརྗོད་པར་ངེས།

ངས་ནི་གཙང་པོ་དང་རི་སྒང་རེ་རེ་ལ་དྲོད་ཁོལ་གྱི་མིང་རེ་བཏགས་ཤིང༌།
ངོ་མི་ཤེས་པའི་མི།    ངས་ཁྱོད་ལའང་སྨོན་འདུན་ཞུ་ངེས་ཏེ།
ཁྱོད་ལ་འོད་སྣང་འཚེར་བའི་མདུན་ལམ་ཞིག་ཡོད་པར་རེ་ཞིང༌།
ཁྱོད་ཀྱི་བརྩེ་དུངས་ལྡན་པའི་སྐྱེ་བོ་ཀུན་གཉེན་དུ་འཁོར་བའི་སྨོན་ལམ་འདེབས།
ཁྱོད་རང་སྲིད་པའི་ཁམས་སུ་བདེ་སྐྱིད་དང་ལྡན་པར་ཤོག
ང་ནི་མཚོ་མོའི་ཁ་གཏད་དུ་དཔྱིད་ཀ་དྲོན་མོར་མེ་ཏོག་འཛུམ་པ་ཁོ་ན་འདོད།
                                  (ལྡོང་བུས་བསྒྱུར)

                                                               1989.1.13

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།