སང་ཉིན་གཉིད་ལས་སད་དུས་ང་རང་རྐང་ལྷམ་གང་དུ་གནས།


ང་ཧ་ཅང་སེམས་ཆུང་ངང་འཚོ་བཞིན་ཡོད་པར་བསམ།
ང་ཡི་རྐང་བའི་མཛུབ་མོ་བཅུ་པོ་ཆད་ལྷག་མེད་པར་ཡོད་ཅིང༌།
ལག་པའི་མཛུབ་མོ་བཅུ་པོའང་ཆད་ལྷག་མེད་པར་ཡོད།
ང་མའི་མངལ་ལས་ལྷུང་དུས་ཐེངས་འགའ་ངུས་ཤིང༌།
ང་འཆི་བའི་དུས་སུའང་སྐྱེ་བོ་གཞན་དག་ངུ་ངེས།
ང་ལ་གྲག་འགུལ་ཅི་ཡང་མེད་པར།
རང་ཉིད་ཟེར་བའི་རྡོག་ཁྲེས་འདི་ཁུར་ནས་ཡོང༌།
སྤྱིར་ན་ང་རང་རྡོག་ཁྲེས་འདི་ལ་སྤྲོ་བ་སྐྱེ་མ་མྱོང་མོད།
ངས་སྔར་བཞིན་ཁ་རོག་གེར་དེ་ཡི་ཁ་ཕྱེས།

ང་ནི་ས་སྲོས་སུ་གོ་ལའི་སྟེང་དུ་ཙོག་པུར་བསྡད།
ངས་འདི་ལྟར་བཤད་ཚེ་མཚན་མོ་མི་མཚོན་པ་ག་ལ་ཡིན།
ང་རང་གོ་ལ་འདི་རུ་མེད་པའི་ཚེ་ནའང༌།   ཞོགས་པ་ཐམས་ཅད་ནང་བཞིན།
གོ་ལ་འདི་ཁྱོད་ཀྱི་རྐུབ་འོག་ན།
བདེ་མོ་བརྟན་པོར་བཞུགས།
ནམ་ཡང་འཇིག་པ་མེད་པའི་ས་ཡི་གོ་ལ་རིལ་བོ།   ཁྱོད་བདེ་མོ།

ཡང་ན་ང་རང་ནི་མཐའ་གཅིག་ཏུ་ཤིང་སྡོང་གི་ཡལ་ག་ལགས།
སྔོན་ཆད་མུན་པ་ཡི་ཤུན་ལྤགས་སུ་ཉལ་ཞིང༌།
ང་ཡི་མགོ་བོ་རང་ནི་ང་ཡི་མཐའ་མཚམས་ཏེ།
སིལ་ཏོག་རྡོག་པོ་ཞིག
རང་དུ་གྲུབ་ངེས་པའི་ཡར་སྔོན་ལ།
ང་ནི་དྲོ་འཁྱག་ཤེས་པའི་མེ་ཏོག་དཀར་པོ་ཞིག་ལགས།

ཡང་ན་ང་ཡི་མགོ་བོ་ནི་བྱི་ལ་ཞིག་སྟེ།
ཕྲག་པའི་སྟེང་དུ་བདེ་བར་བཞག་ནས།
ང་རང་བཟོ་བའི་བདག་མོ་པད་མའི་ཟླ་བ་རྒྱང་དུ་ཆས་ཤིང༌།
ཚོགས་པ་དང་ཚོགས་པ་བྱས་པའི་ཉི་འོད་དག་བྱི་ལ་ཆེ་ཆུང་ཀུན་ལ་སྤྲོ།
ང་ཡི་དབུགས་དབྱུང་གིས་དུས་རྟག་ཏུ།
སྡོང་ལོ་ལྡེམ་ལྡེམ་གཡོ་བ་ལ་བདེན་དཔང་བྱེད།

ང་ཡིས་བདེ་སྐྱིད་བསྐྱུར་བར་མི་རུང༌།
ཡང་ན་ལྡོག་སྟེ།
ང་ནི་སྡུག་བསྔལ་གྱི་སླད་དུ་གསོན།
ཕྱེད་ཀ་དུར་དུ་སྦས་ནས།
སྡེ་བའི་འདབས་སམ་རི་མགོ་རུ་སླེབས་ཤིང༌།
སྐྱེ་བོ་ཀུན་ལ་བཙན་གྱིས་མིག་ཟུང་ཅེར།
ཨ།  མཁྲེགས་པོར་གྱུར་པའི་ས་སེར།
མི་རྟ་རྒྱས་ཤིང་འཕེལ།

                   (ལྡོང་བུས་བསྒྱུར)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སང་ཉིན་གཉིད་ལས་སད་དུས་ང་རང་རྐང་ལྷམ་གང་དུ་གནས།

2009-03-10 ཧེ་ཙི། ཀློག་གྲངས། མཆན ཡོད།


ང་ཧ་ཅང་སེམས་ཆུང་ངང་འཚོ་བཞིན་ཡོད་པར་བསམ།
ང་ཡི་རྐང་བའི་མཛུབ་མོ་བཅུ་པོ་ཆད་ལྷག་མེད་པར་ཡོད་ཅིང༌།
ལག་པའི་མཛུབ་མོ་བཅུ་པོའང་ཆད་ལྷག་མེད་པར་ཡོད།
ང་མའི་མངལ་ལས་ལྷུང་དུས་ཐེངས་འགའ་ངུས་ཤིང༌།
ང་འཆི་བའི་དུས་སུའང་སྐྱེ་བོ་གཞན་དག་ངུ་ངེས།
ང་ལ་གྲག་འགུལ་ཅི་ཡང་མེད་པར།
རང་ཉིད་ཟེར་བའི་རྡོག་ཁྲེས་འདི་ཁུར་ནས་ཡོང༌།
སྤྱིར་ན་ང་རང་རྡོག་ཁྲེས་འདི་ལ་སྤྲོ་བ་སྐྱེ་མ་མྱོང་མོད།
ངས་སྔར་བཞིན་ཁ་རོག་གེར་དེ་ཡི་ཁ་ཕྱེས།

ང་ནི་ས་སྲོས་སུ་གོ་ལའི་སྟེང་དུ་ཙོག་པུར་བསྡད།
ངས་འདི་ལྟར་བཤད་ཚེ་མཚན་མོ་མི་མཚོན་པ་ག་ལ་ཡིན།
ང་རང་གོ་ལ་འདི་རུ་མེད་པའི་ཚེ་ནའང༌།   ཞོགས་པ་ཐམས་ཅད་ནང་བཞིན།
གོ་ལ་འདི་ཁྱོད་ཀྱི་རྐུབ་འོག་ན།
བདེ་མོ་བརྟན་པོར་བཞུགས།
ནམ་ཡང་འཇིག་པ་མེད་པའི་ས་ཡི་གོ་ལ་རིལ་བོ།   ཁྱོད་བདེ་མོ།

ཡང་ན་ང་རང་ནི་མཐའ་གཅིག་ཏུ་ཤིང་སྡོང་གི་ཡལ་ག་ལགས།
སྔོན་ཆད་མུན་པ་ཡི་ཤུན་ལྤགས་སུ་ཉལ་ཞིང༌།
ང་ཡི་མགོ་བོ་རང་ནི་ང་ཡི་མཐའ་མཚམས་ཏེ།
སིལ་ཏོག་རྡོག་པོ་ཞིག
རང་དུ་གྲུབ་ངེས་པའི་ཡར་སྔོན་ལ།
ང་ནི་དྲོ་འཁྱག་ཤེས་པའི་མེ་ཏོག་དཀར་པོ་ཞིག་ལགས།

ཡང་ན་ང་ཡི་མགོ་བོ་ནི་བྱི་ལ་ཞིག་སྟེ།
ཕྲག་པའི་སྟེང་དུ་བདེ་བར་བཞག་ནས།
ང་རང་བཟོ་བའི་བདག་མོ་པད་མའི་ཟླ་བ་རྒྱང་དུ་ཆས་ཤིང༌།
ཚོགས་པ་དང་ཚོགས་པ་བྱས་པའི་ཉི་འོད་དག་བྱི་ལ་ཆེ་ཆུང་ཀུན་ལ་སྤྲོ།
ང་ཡི་དབུགས་དབྱུང་གིས་དུས་རྟག་ཏུ།
སྡོང་ལོ་ལྡེམ་ལྡེམ་གཡོ་བ་ལ་བདེན་དཔང་བྱེད།

ང་ཡིས་བདེ་སྐྱིད་བསྐྱུར་བར་མི་རུང༌།
ཡང་ན་ལྡོག་སྟེ།
ང་ནི་སྡུག་བསྔལ་གྱི་སླད་དུ་གསོན།
ཕྱེད་ཀ་དུར་དུ་སྦས་ནས།
སྡེ་བའི་འདབས་སམ་རི་མགོ་རུ་སླེབས་ཤིང༌།
སྐྱེ་བོ་ཀུན་ལ་བཙན་གྱིས་མིག་ཟུང་ཅེར།
ཨ།  མཁྲེགས་པོར་གྱུར་པའི་ས་སེར།
མི་རྟ་རྒྱས་ཤིང་འཕེལ།

                   (ལྡོང་བུས་བསྒྱུར)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།