གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་ནི་མཐའ་ཡས་པའི་རྩྭ་ཐང་སྟེང་མཚོ་མོ་སླེབས་འོངས་པ་ཚོར་བྱུང༌།

2009-03-10 23:08:00 ཧེ་ཙི། ཀློག་གྲངས། མཆན ཡོད།


ང་ཡི་ཕྱག་ཟུང་གིས་རྩྭ་ཐང་ལ་རེག་བྱུང༌།
མདོག་ནག་པོའི་ཁེར་རྐྱང་གི་མཚན་གྱི་བུ་མོ།

ངས་ནི་རང་ཉིད་ཀྱི་སླད་དུ་རྩྭ་སྐྱ་སྐམ་པོ་གདན་དུ་བཏིངས།
མཚན་གྱི་བུ་མོ་ལགས།    ཁྱེད་ཀྱི་སླད་དུའང༌།

ལུག་རྫི་བུ་མོས་རང་ཉིད་ཀྱི་ཁ་ཕྱེས——
གཡང་དཀར་ནག་པོ་ཞིག
ཁྱོད་ཀྱི་ཕོ་བའི་སྟེང་དུ་ཙོག་གུམ་གནང༌།

ཅི་འདྲའི་དྲོད་ཁོལ་ལྡན་པའི་དམར་པོ་མེ་ཡི་བྲག་རྡོ།
ཅི་འདྲའི་འཇམ་མཉེན་ལྡན་པར་ཤིང་རྟ་འཁོར་ལོ་རུ་ཉལ།
ཟླ་བའི་གཟུགས་ཀྱི་རྟ་མཆོག་མཚོ་གཏིང་ལ་བྱིངས།

མཚན་ཞག་གཅིག་གི་རིང་ལ།  རྩྭ་ཐང་ནི་འདི་འདྲའི་རྒྱང་རིང་དང༌།  འདི་འདྲའི་དམ་ཟབ།  འདི་འདྲའི་ལྐོག་གྱུར་དུ་གྱུར།
མཚོ་མོ་ཡང་དེ་བཞིན་ནོ།
མཚན་ཞག་གཅིག་གི་རིང་ལ།
རྩྭ་ནི་ས་ཁར་གཏད་དེ་སྐྱེས།
ང་ཚོ་ཚང་མ་རྩྭ་ཡི་ཁྲོད་ཀྱི་ལུག་དག་ཡིན།

     (ལྡོང་བུས་བསྒྱུར)

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།