ཁྱོད་ཀྱི་ལག་པ།

བྱང་ཕྱོགས་ཀྱིས་ཁྱོད་ཀྱི་ལག་པ་ནས་འཐེན།
ལག་པ་སྟེ།
ལག་ཤུབས་ཕུད་པ་ན།
ཁོ་མོ་གཉིས་ནི་སྒྲོན་མེ་ཆུང་ཆུང་གཉིས་རེད།

བདག་གི་ཕྲག་པ་ནི།
ཁང་བ་རྙིང་ཞིང་རལ་བ་གཉིས་ཡིན་ཏེ།
དེ་འདྲ་མང་པོ་ཞིག་ཁོང་དུ་ཆུད་པ་དང༌།
ཐ་ན་མུན་པའང་ཁོང་དུ་ཆུད།
ཁྱོད་ཀྱི་ལག་པ་ནི་ཁོའི་སྟེང་དུ་གནས་ཏེ།
ཁོ་ཚོ་འོད་དང་ལྡན་པར་བྱས།

དེའི་ཕྱིར་ཁ་བྲལ་རྗེས་ཀྱི་ཞོགས་པ་དེ་ཡོད་ཅིང༌།
ཞོགས་པའི་འོད་སྣང་ཁྲོད་དུ།
བདག་གིས་འབྲས་ཐུག་དཀར་ཡོལ་གང་བཏེགས་ཏེ།
རི་ཆུས་བཅད་པའི་བྱང་ཕྱོགས་སུ།
སྒྲོན་མེ་ཆུང་ཆུང་གཉིས་ཡོད་པ་དྲན་བྱུང༌།

རྒྱང་ཐག་རིང་ས་ནས་བྱིལ་བྱིལ་གཏོང་བ་ཁོ་ན་ལགས།

                                               1985.2

            (ལྡོང་བུས་བསྒྱུར)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ཀྱི་ལག་པ།

2009-03-08 ཧེ་ཙི། ཀློག་གྲངས། མཆན ཡོད།

བྱང་ཕྱོགས་ཀྱིས་ཁྱོད་ཀྱི་ལག་པ་ནས་འཐེན།
ལག་པ་སྟེ།
ལག་ཤུབས་ཕུད་པ་ན།
ཁོ་མོ་གཉིས་ནི་སྒྲོན་མེ་ཆུང་ཆུང་གཉིས་རེད།

བདག་གི་ཕྲག་པ་ནི།
ཁང་བ་རྙིང་ཞིང་རལ་བ་གཉིས་ཡིན་ཏེ།
དེ་འདྲ་མང་པོ་ཞིག་ཁོང་དུ་ཆུད་པ་དང༌།
ཐ་ན་མུན་པའང་ཁོང་དུ་ཆུད།
ཁྱོད་ཀྱི་ལག་པ་ནི་ཁོའི་སྟེང་དུ་གནས་ཏེ།
ཁོ་ཚོ་འོད་དང་ལྡན་པར་བྱས།

དེའི་ཕྱིར་ཁ་བྲལ་རྗེས་ཀྱི་ཞོགས་པ་དེ་ཡོད་ཅིང༌།
ཞོགས་པའི་འོད་སྣང་ཁྲོད་དུ།
བདག་གིས་འབྲས་ཐུག་དཀར་ཡོལ་གང་བཏེགས་ཏེ།
རི་ཆུས་བཅད་པའི་བྱང་ཕྱོགས་སུ།
སྒྲོན་མེ་ཆུང་ཆུང་གཉིས་ཡོད་པ་དྲན་བྱུང༌།

རྒྱང་ཐག་རིང་ས་ནས་བྱིལ་བྱིལ་གཏོང་བ་ཁོ་ན་ལགས།

                                               1985.2

            (ལྡོང་བུས་བསྒྱུར)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།