གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤེས་ཡོན་གྱི་བཅིངས་འགྲོལ།

2011-01-05 18:36:00 ཨོའོ་ཞོ།༼རྒྱ་གར༽ ཀློག་གྲངས། མཆན ཡོད།


    ཤེས་ཡོན་ནི་བཅིངས་གྲོལ་གྱི་ཐབས་ལམ་ཞིག་ཡིན་མོད། འོན་ཀྱང་། དེ་ནི་འཇིག་རྟེན་ཧྲིལ་བོར་དངོས་སུ་ལག་བསྟར་བྱས་མྱོང་མེད། བཅིངས་གྲོལ་ཟེར་བ་ནི་བསམ་བློ་བཅིངས་གྲོལ་གཏོང་བ་ལ་གོ་དགོས། དེ་ནི་འདས་ཟིན་པའི་ཆབ་སྲིད་ཀྱི་ལྟ་བ་དང་། ཆོས་ལུགས་ཀྱི་རྣམ་གཞག་ལས་བསམ་བློ་དེ་གྲོལ་བར་འཁུམས། འདི་འདྲའི་བསམ་བློ་བཅིངས་གྲོལ་གཏོང་བའི་ཤེས་ཡོན་གྱི་ལམ་ཁའི་ཁྲོད་ནས་སློབ་བུ་ཞིག་བསྐྱེད་བསྲིང་བྱེད་སྐབས། སློབ་བུ་དེ་ནི་ཕྱོགས་ལྷུང་བྲལ་ཞིང་ཡང་དག་པའི་འཚོལ་ཞིབ་པ་ཞིག་ཏུ་འགྱུར་ངེས།
 
     རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ཞིག་གི་སྒོ་ཆེན་སྟེང་དུ་ངོ་མཚར་ལྡན་པའི་སྒོ་བྱང་སྟེ། ཤེས་ཡོན་ནི་བསམ་བློ་བཅིངས་གྲོལ་གཏོང་བྱེད་དེ་ཡིན་ཞེས་བཀོད་ཡོད་ལ། འདི་ཡིས་འགྲོ་བ་མིའི་གོ་རྟོགས་ཇི་ལྟར་སད་མ་ཐུབ་པ་སྟོན་པས། གཙུག་ལག་ཁང་འདི་ཉིད་ཀྱི་སློབ་མ་ཚོའི་སེམས་ཁོངས་སུ་ཕྱོགས་ལྷུང་གི་འདུ་ཤེས་དང་བག་ཆགས་ངན་པ་ཞིག་ལྡན་ཚེ། བཅིངས་གྲོལ་ནི་ནམ་ཡང་ཡོང་ཐབས་བྲལ་བར་གྱུར་བ་རེད། དེ་བས་དང་པོར་གཙུག་ལག་སློབ་གཉེར་ཁང་འདི་ནས་ཧིན་རྡུ་དང་ཁ་ཆེ།  གཅེར་བུ་དང་ཡེ་ཤུ་ཆོས་ལུགས་བཅས་ཀྱི་མཚན་བྱང་རྣམས་རྨང་ནས་བསུབ་དགོས་ལ། གཉིས་པ། རྒྱ་གར་ནང་དུ་གཙུག་ལག་སློབ་གཉེར་ཁང་བརྒྱ་ཕྲག་ལས་བརྒལ་བ་ཡོད་ཀྱང་། དེ་དག་ལ་དོན་སྙིང་དབེན་པའི་རྒྱུ་རྐྱེན་ནི་ཤེས་ཡོན་གྱི་ཚད་གཞི་ཉམས་རྒུད་དུ་གྱུར་བས་ཡིན། ཤེས་ཡོན་གྱི་ཚད་གཞི་ཉམས་རྒུད་དུ་གྱུར་བའི་གཙུག་ལག་སློབ་གཉེར་ཁང་མང་པོ་ཞིག་ཡོད་སྟབས། ཁྱེད་ལ་སློབ་དཔོན་ཆེན་མོ་ལྟ་བུའི་མཆོག་ཏུ་གྱུར་བའི་ཤེས་ཡོན་པ་ཞིག་རྙེད་དཀའོ།།
 
     དེའི་ཕྱིར་མི་ཁ་ཅིག་ལ་གཙུག་ལག་སློབ་གཉེར་ཁང་གི་ལག་ཁྱེར་ལྡན་པ་ནི་ཤེས་ཡོན་སློབ་ཁྲིད་ཀྱི་གནས་ཚད་དང་ལྡན་པར་གོ་བར་མི་རིགས་ཏེ། སློབ་ཁྲིད་ནི་སྒྱུ་རྩལ་ལས་ཡོངས་སུ་འགལ་བ་ཡིན་པས  ཡིག་རྒྱུགས་ལོན་པ་ནི་དེའི་ཟུར་གཅིག་ཡིན་ལ། སློབ་ཁྲིད་གནང་བར་རང་ཉིད་ལ་སྒྲ་དག་གསལ་གསུམ་དང་ཤེས་ཡོན་གྱི་ཚད་གཞི་ངེས་ཅན་ཞིག་ལྡན་དགོས། ངས་བརྗོད་འདོད་པ་ནི་ཁྱེད་ཀྱིས་སློབ་གཉེར་ཁང་དུ་ཀློག་དེབ་ཁོ་ན་བལྟ་ཀློག་བྱེད་པ་ཙམ་མིན་པར། རྒྱུན་འཁྱོངས་ཀྱི་རྣམ་པའི་སྒོ་ནས་གསར་བྱུང་གི་ཤེས་བྱའི་སྐོར་དང་ལྷན་དུ་ཞོར་འཕྲོས་གླེང་དགོས། ལོ་ངོ་སུམ་ཅུའི་ཡར་སྔོན་དུ་རང་ཉིད་ཀྱི་ཉམས་ཞིབ་སྡེ་ཚན་ཁྲོད་ཅི་ཞིག་བྱུང་ཟིན་པའི་སྐོར་ལ་མགོ་འཐོམ་མེར་གནས་པ་ཙམ་མ་ཡིན་པར། ལོ་ངོ་སུམ་ཅུ་རིང་མི་འགའ་ཤས་ཀྱིས་སློབ་དཔོན་གྱི་ལག་ཁྱེར་ལེན་པ་དང་ཡང་ན་ལྷ་རམས་པར་ཆགས་པར་འབད་རྩོལ་བྱེད་དགོས། ད་ལྟའི་ལོ་ངོ་སུམ་ཅུ་རིང་གི་འགྲོ་བ་མིའི་ཤེས་རིག་ནི་འདས་ཟིན་པའི་ལོ་ངོ་སུམ་སྟོང་ལས་ལྷག་པའི་ཡར་རྒྱས་གཏོང་དགོས། ཡར་རྒྱས་ཀྱི་ལོ་ངོ་སུམ་ཅུ་གོ་རྟོགས་དབེན་པའི་དེང་གི་ཆེད་ལས་པ་ནི་འཇོན་ཐང་མེད་པར་མངོན་སུམ་དུ་གྱུར་བ་རེད།
 
     ཕྱོགས་གང་ཅིའི་ཐད་ནས་གསར་དུ་བྱུང་བའི་དེང་དུས་ཀྱི་ཅ་དངོས་དང་། རྩོམ་རིག  སྙན་ངག་སོགས་ནིི་སློབ་ཁྲིད་གནང་དགོས། གཙུག་ལག་སློབ་གཉེར་ཁང་འདི་རྣམས་ལ་འདོད་བློ་ཚིམ་པའི་ཚོར་ཤེས་སྐྱེན་པོ་ཞིག་ཀྱང་མངའ་དགོས་ཏེ། ལོ་རེར་འདི་རུ་བརྩམས་སྒྲུང་གསར་བ་རེ་དང་། རོལ་མོ་གསར་བ་རེ། ཞབས་བྲོ་གསར་བ་བཅས་ནི་གཏན་འབེབས་སློབ་ཚན་གྱི་ཆ་ཤས་སུ་ངེས་པར་དུ་ལེན་དགོས། འདི་དག་ནི་གཙུག་ལག་སློབ་གཉེར་ཁང་རྣམས་ཀྱི་དུས་རྒྱུན་ཤུལ་དུ་ལྷག་པའི་སྟོང་ཆ་ཞིག་རེད།
 
     སྨྲ་བརྗོད་ནི་སྒྱུ་རྩལ་ཞིག་ཡིན་ཕྱིར་ཆེད་ལས་པ་ནི་ངེས་པར་དུ་སྒྱུ་རྩལ་མཁན་ཞིག་ཡིན་དགོས། ཁོའི་གཏམ་བཤད་ནི་གྲོང་ཚིག་ཕལ་བ་མ་ཡིན་པར། གཏམ་བཤད་ལ་སྤྲོ་སྣང་དང་ལྡན་པའི་སྙན་ཚིག་རེ་ཡང་སྦྱོར་དགོས། ཆེད་ལས་པ་དང་སློབ་མ་རྣམས་ཀྱི་ངེས་པར་དུ་སྒོམ་གྱི་ཐབས་ལམ་སྟབས་བདེ་རེ་སྦྱོང་དགོས། འདིར་སྒོམ་གྱི་ཐབས་ལམ་བརྒྱ་དང་བཅུ་གཉིས་ཁྲོད་ནས་ཞི་གནས་ནི་ལས་སླ་ཤོས་དེ་ཡིན་པས་གདམ་ང་འོས་ཤིང་འཚམ་པར་སྙམ། གཏམ་འབེབས་སློབ་ཚན་གྱི་ཆ་ཤས་ཤིག་ལ་ཞི་གནས་སྣོན་དགོས། སློབ་མ་ཞིག་ཞི་གནས་ཀྱི་རྒྱུགས་གཞི་མ་སོན་པར་དུ་ལག་ཁྱེར་རེག་མི་ནུས་པར་བཟོ་དགོས། ཐབས་ལམ་དེ་ནི་གཡོ་ཟོལ་མེད་པའི་ཤེས་ཡོན་རྣལ་མ་ཞིག་ཆགས་ངེས། ཕྱིས་སུ་དེ་ནི་བཅིངས་གྲོལ་གྱི་རྐྱེན་ཞིག་ཀྱང་ཡིན་ངེས། དེར་བརྟེན། ཞི་གནས་ཀྱིས་ཁྱེད་རང་ཁྱེད་ཀྱི་རྒྱལ་ཁབ་ནས་རིགས་རྒྱུད་དང་། རིགས་རྒྱུད་ནས་ཆོས་ལུགས་བཅས་ལས་ཡོངས་སུ་བཅིངས་གྲོལ་འཐོབ་པར་མ་ཟད། དེ་ཡིས་ཁྱེད་རང་མི་བུ་སྒེར་ཞིག་ཏུ་བསྐྲུན་ངེས།
 
     སྒོམ་ནི་འགྲོ་བ་མིའི་འཚོ་སྡོད་སླད་དུ་རྩོད་མེད་ཀྱི་མཁོ་གནད་ཅིག་ཡིན་རུང་། སློབ་ཚན་གཞན་དག་ངེས་པར་དུ་སློབ་དགོས། སྒོམ་ནང་བཞིན་དེ་འདྲའི་གལ་ཆེན་རང་བཞིན་ལྡན་པའི་སློབ་ཚན་གཞན་ཞིག་མེད་ཀྱང་སྒོམ་སློབ་ཁྲིད་བྱེད་བཞིན་པའི་གཙུག་ལག་སློབ་གཉེར་ཁང་གཅིག་ཀྱང་མེད། གལ་སྲིད་གཙུག་ལག་སློབ་གཉེར་ཁང་གི་སློབ་ཐོན་པ་རྣམས་མཉམ་བཞག་གི་སེམས་ཁམས་དང་ལྷན་དུ་སློབ་མཐར་ཕྱིན་པ་ཡིན་ན། ཁོ་ཚོས་སྤྱི་ཚོགས་ཀྱི་སྒྲོམ་གཞི་དང་འཛུགས་བསྐྲུན་ཧྲིལ་བོར་འཕོ་འགྱུར་གཏོང་ཐུབ།
 
     འདི་དག་ནི་ངའི་བསམ་ཚུལ་ཕལ་བ་ཞིག་དང་ཁ་ཡོད་ལག་ཡོད་ཀྱི་རང་བཞིན་ཞིག་ཀྱང་ཡིན་ལ། དོན་དམ་པའི་ལག་ལེན་གྱི་རང་བཞིན་ཏུ་འཁུམས་པས། དེ་དག་ལ་རྟོག་འཆར་གྱི་རང་བཞིན་གང་ཡང་མེད་དོ།། 
                                                   (ཁྲི་ཆུ་བཟང་རྒྱ་མཚོས་ཨིན་ཡིག་ནས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།