ཡིག་འབྲུ་ལྔ་བརྒྱ།

ཀོའུ་ཁྲིན་གྱིས་བརྩམས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-12-28

  རྩོམ་རིག་ལ་ས་ཁོངས་ཤིག་དང་སྤྱི་ཚོགས་ཀྱི་གོ་དོན་ཞིག་སྟེར་རྒྱུ་ནི་མིག་གིས་བལྟ་ས་གཙོ་བོར་གྱུར་བའི་གནད་དོན་ཞིག་རེད།དེ་ནི་ཟླ་བ་འཆར་བ་བཞིན་དུ།ལ་ལས་ཟླ་བ་ནི་ཆུ་ནང་དང་ལ་ལས་ཟླ་བ་ནི་སྡོང་བོའི་ཡལ་ག་སྟེང་ན་ཡོད་འདོད་པ་ཇི་བཞིན།ཡོད་ཚད་ཆོག་ནི་རེད།དེ་ཡིས་ཟླ་བ་རང་ངོས་ལ་བཀག་འགོག་ཅི་ཡང་ཐེབས་མི་སྲིད།   ང་རང་ལ་མཚོན་ནས་བཤད་ན།ལྷིང་འཇགས་ཀྱིས་བརྩམས་ཆོས་སྤེལ་བའི་སེམས་ཁམས་ལ་རྒྱལ་མཚམས་དང་བགྲོད་ལམ་མེད།ཁོ་མོ་ནི་ཟླ་བ་འཆར་སྐབས་ཀྱི་བྱ་དངོས་ཡོད་ཚད་ལ་ཐུར་བལྟས་བྱས་པ་བཞིན།ཁོ་མོས་རང་ཉིད་ཀྱི་ཆུ་ལ་ལྷུང་བའི་གྲིབ་གཟུགས་མཐོང་ཐུབ།ཆུ་ནང་གི་གྲིབ་གཟུགས་ལ་གས་ཆག་ཤོར་སོང་རུང་མེ་ལོང་ནང་གི་གྲིབ་གཟུགས་སྔར་ལྟར་མཛེས་སྡུག་ལྡན་པ་བཞིན།ཁོ་མོར་འགྱོད་གདུང་ཡོད་མི་སྲིད། 
 ང་ནི་ཨུ་ཚུགས་ཅན་གྱི་མི་ཞིག་སྟེ།སྔོན་ཆད་ཆུ་འགྲམ་ནས་ཟླ་བ་བཟུང་མྱོང་།ཟླ་བ་བཟུང་ནས་ཁྱིམ་ལའང་ཁྱེར་འདོད་མྱོང་།ང་རང་འདོད་ལྷའི་འོད་སྣང་ལ་དགའ།ངས་ཐེངས་མ་རེ་རེ་བཞིན་ཧུར་བརྩོན་བྱས་མྱོང་ཞིང་ཐེངས་མ་རེ་རེ་བཞིན་ཕམ་ཁ་ཉོས་མྱོང་།དོན་དག་འདི་ཅི་ལྟར་ལེགས་པོར་སྒྲུབ་དགོས་པ་ད་དུང་ཡང་མི་ཤེས། 
 རྗེས་ནས།ང་རང་ཞི་བདེ་རྒྱ་མཚོ་ཆེན་པོའི་མེ་རི་གླིང་ཕྲན་ཆུང་ཆུང་ཞིག་གི་སྟེང་དུ་ཐོན་ཟིན།དེ་ནས་འཚོ་བ་རོལ་ཞིང་དེ་ནས་ཤིང་བཟོས་མྱོང་།ཉི་ཟླའི་འཆར་ནུབ་དང་མེ་ཏོག་གི་བཞད་རྙིངས་ཚང་མ་རང་བྱུང་གི་དོན་དག་རེད།ངས་ཐོག་དང་བོར་མི་ནི་དེ་འདྲའི་གཙོ་བོ་ཞིག་མིན་པ་རྟོགས་སོང་།ང་ནི་ཡོད་ཆོག་ལ་མེད་ཀྱང་ཡང་ཆོགསྔོན་ཆད་འདིའི་ཕྱོགས་ཀྱི་བསམ་གཞིགས་ཡོད་ཚད་ལ་ཧ་ཅང་སྐྲགསྒྱུ་མར་སྐྲག་པས་མངོན་སུམ་དམ་དུ་བཟུང་ན་འདོད།འདིའི་སྐབས་སུ་སྒྱུ་མར་ལུས་ཟིན་པ་དེ་ནི་ད་ལྟའི་ལྷིང་འཇགས་ཀྱི་ས་གནས་དེ་ཡིན་པ་རྟོགས།མིས་མེད་པར་གྱུར་བའི་དངོས་པོ་དེ་དག་ལ་གཏོར་བརླག་བྱེད་མི་ཐུབ།དུ?་ཚོད་ཀྱིས་ཀྱང་བྱེད་མི་ཐུབ།དེའི་ཕྱིར་སྒྱུ་མ་དེ་འཇིག་རྟེན་སྟེང་གི་བྱ་དངོས་ཐ་དག་ལ་འཕྲུལ་འགྱུར་བྱེད་ཐུབ། 
  བར་མཚམས་མེད་པར་སྙན་ངག་བྲིས།གནས་ལུགས་མང་བོ་ཞིག་གཏན་ནས་མི་དགོས།སྐད་བརྡའི་རང་བྱུང་གི་སྐྱེས་སྟོབས་ཀྱིས་ཡོད་ཚད་ཉིང་དུ་བསྡུས་ཟིན།ཉ་མོའི་ཆུ་ནང་གི་བདེ་བ་དང་བརྔོ་བསྲེགས་ཀྱི་སྡུག་བསྔལ་ནི་དོན་དག་གཉིས་རེད།  ང་ཚོ་ཉིན་རྒྱུན་དུ་གཡོས་ཁང་ནང་ན་ཁོམ་གྱིན་མེད་ནའང་།
                                             ༡༩༩༣ལོའི་ཟླ༡པོའི་ཚེས༡ཉིན། 
ཆེ་ཚང་མ་རྡོ་རྗེ་ཚེ་རིང་གིས་བསྒྱུར།
※ཡིག་འབྲུ་ལྔ་བརྒྱ་ཡི་ནང་ནས་རྩོམ་རིག་གླེང་གིན་པས་ཁ་བྱང་ལ་དེ་ལྟར་བཏགས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡིག་འབྲུ་ལྔ་བརྒྱ།

2010-12-28 ཀོའུ་ཁྲིན་གྱིས་བརྩམས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།