རླུང་དམར་འདི།

 
ཁོ་མོས།ལོ་རྒྱུས་ནི་ཅི་ཞིག་རེད།
ཁོས། ལོ་རྒྱུས་ནི་ལྷ་ཡི་ཕོ་ཉ་དེ་རླུང་དམར་འདིས་
མ་འོངས་པར་འཁུར་གྱིན་པ་དེའོ། །
ཁོས། ལོ་རྒྱུས་ནི་རོ་མ་དག་གཅིག་ཏུ་སྤུངས་བའོ། །
ལྷའི་ཕོ་ཉ་ཕྱིར་ལོག་སྟེ་ཆག་རལ་དུ་གྱུར་བའི་ཅ་ལག་ཡོད་ཚད་ལ་ཞིག་གསོ་རྒྱག་བསམ།
འོན་ཀྱང་དག་པའི་ཞིང་ནས་རླུང་དམར་འཚུབ་ཡོང༌།
རླུང་དམར་ལ་བར་མཚམས་མེད་པར་ལྷ་ཡི་ཕོ་ཉ་ཉིད་མ་འོངས་པར་སྤུར་གྱིན་འདུག
རླུང་དམར་འདི་ལ།   རླུང་དམར་འདི་ལ།
ཀུན་གྱིས་མདུན་སྐྱོད་ཅེས་སུ་སྨྲའོ།  །
 
མཆན།བརྩམས་སྒྲུང་འདི་ཨ་རི་དེང་རབས་ཕྱི་མའི་སྒྲུང་ཐུང་ཕྱོགས་བསྒྲིགས་ཞེས་པའི་རྒྱའི་དཔེ་དེབ་ཅིག་ལས་བསྒྱུར།     ཀློག་པ་པོ་མང་པོ་ཞིག་དང་ལྷག་པར་དུ་སྲོལ་རྒྱུན་དུ་གྱུར་བའི་སྒྲུང་གཏམ་དང་འགྲོགས་ཡུན་རིང་བ་ཞིག་ལ་མཚོན་ན་སྒྲུང་ཐུང་འདི་སྒྲུང་ཐུང་ཞིག་ཏུ་བརྩི་བར་མི་སྲིད་ལ།     དེ་ལས་སྙན་ངག་ཅིག་ཏུ་ཀློག་པར་ངེས།   དེ་ལྟ་ནའང་སྐྱོན་ཅི་ཡང་མི་མཐོང་སྟེ་སྒྲུང་གཏམ་ནི་སྙན་ངག་མ་ཡིན་པའི་སྙན་ངག་གཞན་ཞིག་ཏུ་རློམ་པས་ན།   འགལ་འདུ་འདི་དག་ཁོང་དུ་སྦེད་དེ་བརྩམས་ཆོས་ལེགས་པོ་རེ་ལ་རོལ་མྱོང་བྱ་རྒྱུ་ནི་ཀློག་པ་པོ་ཞིག་དང་ཁྱད་པར་དུ་རྩོམ་པ་པོ་ཞིག་གི་ཐོག་མའི་ལས་ཀའོ།   །གཞན་སྒྲུང་གཏམ་སྒྱུ་རྩལ་གྱི་འགྱུར་བས་བརྙན་རིས་སོགས་སྒྱུ་རྩལ་གཞན་རིགས་ཀྱང་དེའི་ནང་དུ་འདྲེས་ཤིང་ཐུན་མོང་མ་ཡིན་པའི་དོན་སྙིང་མཚོན་ཐུབ་པར་འདུག    དེ་བས་བདག་གི་ལས་ཀ་ནི་སྒྲུང་གཏམ་ཞེས་པ་འདིའོ་ཟེར་བ་དེ་མིན་པར་དེ་ཉིད་གསང་བའི་མེ་ལོང་ཅིག་གམ་སྒྱུ་མའི་ཕོ་བྲང་ཞིག་ཏུ་ངོས་འཛིན་རྒྱུ་དེའོ།  །
                                       (ལྡོང་བུས་བསྒྱུར)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླུང་དམར་འདི།

2010-11-16 Laurie Anderson(ཨ་རི) ཀློག་གྲངས། མཆན ཡོད།

 
ཁོ་མོས།ལོ་རྒྱུས་ནི་ཅི་ཞིག་རེད།
ཁོས། ལོ་རྒྱུས་ནི་ལྷ་ཡི་ཕོ་ཉ་དེ་རླུང་དམར་འདིས་
མ་འོངས་པར་འཁུར་གྱིན་པ་དེའོ། །
ཁོས། ལོ་རྒྱུས་ནི་རོ་མ་དག་གཅིག་ཏུ་སྤུངས་བའོ། །
ལྷའི་ཕོ་ཉ་ཕྱིར་ལོག་སྟེ་ཆག་རལ་དུ་གྱུར་བའི་ཅ་ལག་ཡོད་ཚད་ལ་ཞིག་གསོ་རྒྱག་བསམ།
འོན་ཀྱང་དག་པའི་ཞིང་ནས་རླུང་དམར་འཚུབ་ཡོང༌།
རླུང་དམར་ལ་བར་མཚམས་མེད་པར་ལྷ་ཡི་ཕོ་ཉ་ཉིད་མ་འོངས་པར་སྤུར་གྱིན་འདུག
རླུང་དམར་འདི་ལ།   རླུང་དམར་འདི་ལ།
ཀུན་གྱིས་མདུན་སྐྱོད་ཅེས་སུ་སྨྲའོ།  །
 
མཆན།བརྩམས་སྒྲུང་འདི་ཨ་རི་དེང་རབས་ཕྱི་མའི་སྒྲུང་ཐུང་ཕྱོགས་བསྒྲིགས་ཞེས་པའི་རྒྱའི་དཔེ་དེབ་ཅིག་ལས་བསྒྱུར།     ཀློག་པ་པོ་མང་པོ་ཞིག་དང་ལྷག་པར་དུ་སྲོལ་རྒྱུན་དུ་གྱུར་བའི་སྒྲུང་གཏམ་དང་འགྲོགས་ཡུན་རིང་བ་ཞིག་ལ་མཚོན་ན་སྒྲུང་ཐུང་འདི་སྒྲུང་ཐུང་ཞིག་ཏུ་བརྩི་བར་མི་སྲིད་ལ།     དེ་ལས་སྙན་ངག་ཅིག་ཏུ་ཀློག་པར་ངེས།   དེ་ལྟ་ནའང་སྐྱོན་ཅི་ཡང་མི་མཐོང་སྟེ་སྒྲུང་གཏམ་ནི་སྙན་ངག་མ་ཡིན་པའི་སྙན་ངག་གཞན་ཞིག་ཏུ་རློམ་པས་ན།   འགལ་འདུ་འདི་དག་ཁོང་དུ་སྦེད་དེ་བརྩམས་ཆོས་ལེགས་པོ་རེ་ལ་རོལ་མྱོང་བྱ་རྒྱུ་ནི་ཀློག་པ་པོ་ཞིག་དང་ཁྱད་པར་དུ་རྩོམ་པ་པོ་ཞིག་གི་ཐོག་མའི་ལས་ཀའོ།   །གཞན་སྒྲུང་གཏམ་སྒྱུ་རྩལ་གྱི་འགྱུར་བས་བརྙན་རིས་སོགས་སྒྱུ་རྩལ་གཞན་རིགས་ཀྱང་དེའི་ནང་དུ་འདྲེས་ཤིང་ཐུན་མོང་མ་ཡིན་པའི་དོན་སྙིང་མཚོན་ཐུབ་པར་འདུག    དེ་བས་བདག་གི་ལས་ཀ་ནི་སྒྲུང་གཏམ་ཞེས་པ་འདིའོ་ཟེར་བ་དེ་མིན་པར་དེ་ཉིད་གསང་བའི་མེ་ལོང་ཅིག་གམ་སྒྱུ་མའི་ཕོ་བྲང་ཞིག་ཏུ་ངོས་འཛིན་རྒྱུ་དེའོ།  །
                                       (ལྡོང་བུས་བསྒྱུར)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།