ད་ལྟའི་ངའི་གནས་བབ་དང་རང་ཉིད་གླེང་བ།

ཚེ་དབང་ནོར་བུས་བརྩམས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-20

འདི་ནི་སེན་མོ་ལྟར་ཆུང་བའི་ས་ཆ་ཞིག་སྟེ
བྱིས་པ་ཚོའི་རྫབ་རྫོབ་ཀྱི་ངོ་གདོང་ས་གཞིར་གླན་ཞིང
བུད་མེད་མཐོང་ལམ་དུ་དབེན
ཁོ་ཚོའི་རེ་སྨོན་ཡོད་ཚད་ནི   སྐྱ་མདོག་གི་ས་གཞི་འདིར
ལྷ་སྒྲུབ་སོན་དུ་བཏབ་ཅིང་འཆི་བ་འབྲས་བུར་བསྡུ་རྒྱུ་ལགས
ཁོ་ཚོ་སྐྱེ་བོ་སྡིག་ཅན་ཡིན་པ་ནི་ལས་དབང་སྟེ
ཁོ་ཚོས་མི་ཚེ་གང་བོར་སྟོང་འཕྲུལ་ཁྲོད་དུ
གསུང་རབ་བརྐོས་ཡོད་པའི་རྡོ་རིང་དེ་དག་ལ་བྱིལ་བྱིལ་བྱས་ཤིང
འགྱུར་ལྡོག་ངེད་མེད་ཀྱི་དུས་ཚིགས་ལ་དད་པའི་གུས་ཕྱུག་ཕུལ
ས་གཞི   གྲོ་ནས    རྡོ   ནམ་མཁའ
ད་ལྟ་ང་རང་ས་གཞི་ལེབ་མོ་འདིའི་སྟེང་དུ
སོ་ནམ་པ་ལས་ལྷག་པར་ཧུར་བརྩོན་གྱིས་ཞིང་ལས་ལ་བྲེལ་ཞིང
ང་རང་འཚོ་ཞིང་གཞེས་པའི་སྙིང་བོ་ཡོད་ཚད་ནི
ནམ་ཡང་ང་ཚོའི་མཐོང་ལམ་དང་ཚུད་པར་དཀའ་བའི་ཡུལ་གྲུ་གང་དང་རྒྱ་ཆེ་བའི་སྟོང་ཉིད་དེའི་ཕྱིར་དུའོ
སིང་སྡུག་རང་ས་གཞིར་གཤེགས་ཤིང   འདས་སོང་བའི
ཆེས་ཐོག་མའི་བརྩེ་དུངས    ང་ཡི་རྩ་ལམ་རེ་རེར་སིམ
ད་ལྟ་ངས་བཏབ་པ་མེ་ཏོག་མིན་ལ
ཐོན་འབྲས་ཤིང་ཏོག་ཀྱང་མིན
ཉི་མ་ཤར་དུས་ལས་ལ་བརྩོན་ཞིང   ཉི་མ་ནུབ་ཚེ་ངལ་དུ་གསོས
རྡོ་ལྟར་ཁུ་སིམ་པའི་ཕ་མེས་དེ་དག་དང་བསྡུར་ན
ང་ནི་སྡིག་བཤགས་མེད་པའི་ཉེས་ཅན་ཞིག
དབྱར་ཁར   རྩྭ་ལྡུམ་ཐར་ཐོར་ཇི་ལྟར་དུས་ཚིགས་བརྒལ་ནས
ཤུགས་དྲགས་ངང་གཡོ་འགུལ་བྱེད་པར་བལྟས་ཤིང
དགུན་ཁར  གནམ་ས་གཡོགས་པའི་ཁ་བ་ཆེན་པོ
ཇི་ལྟར་ངའི་ཕྲག་སྟེང་དུ་བབས་ཤིང
ཤར་མར་བཞུར་བའི་མིག་ཆུ་རུ་གྱུར་བར་བལྟས
འོན་ཀྱང་ད་ལྟ    ང་ལ་མིག་ཆུ་ལར་ནས་མེད
སྐྱེས་པ་ཞིག་ཡིན་པའི་ཆ་ནས   ཤུགས་ཟད་པའི
ལག་ཟུང་འདིས
ལས་དབང་གི་འཇག་རྩྭ་ཡེ་ནས་འཛིན་མ་ནུས
སྐམ་དྲགས་པའི་གྲམ་གཞུང་ལ་ཁ་གཏད་ཚེ
འགོག་མེད་ཀྱི་མིག་ཆུ་དེ་གཞི་ནས་མེད་པར་གྱུར
ཕ་མེས་ཚོ་བཞིན་དུ    ང་ཡང་ས་གཞི་ལེབ་མོ་འདིའི་སྟེང
བསྡད་དེ    སྐོམ་གདུང་གི་མགོ་བོ་དགྱེས་ནས་མིག་ཟུང་ནམ་མཁར་ཅེར
ཉི་འོད་ཀྱིས་ང་རང་ཁུ་སིམ་པར་བཏང
དེ་སྔ་གཏིང་དུ་འཇུག་ཐབས་བྲལ་བའི་འདས་ཟིན་པའི་ལོ་ཟླ
ད་ལྟ་དལ་བ་དལ་བུར་ངའི་ཚེ་སྲོག་ཏུ་ཞུགས
ང་འདི་ལྟར་རྡོ་བ་ལས་ཀྱང་ཨུ་ཚུགས་ཀྱི་ཚུལ་དུ་ཙོག་ནས
མཚན་མོར    ཕ་མེས་ཚོ་དང་ལྷན་དུ
མུན་སྟུག་པའི་ནམ་མཁའ་དང་ཁ་གཏད་དེ
འཁྲེང་སེམས་གླེང་ཞིང    ཡང་ན་སྐད་དམའ་མོས་གླུ་ཆུང་གྱེར
                     མཁའ་འབུམ་རྒྱལ་གྱིས་བསྒྱུར།

རྩོམ་ཁུངས། ༢༠༠༠གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ད་ལྟའི་ངའི་གནས་བབ་དང་རང་ཉིད་གླེང་བ།

2010-08-20 ཚེ་དབང་ནོར་བུས་བརྩམས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།