གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་པར་འཇིགས་ཞུམ་བྲལ་བའི་གནས་དེ་རུ།

2010-07-13 09:56:00 ར་བྷིན་ཌ་ར་ནྰ་ཋི ཋེ་གྷོར། ཀློག་གྲངས། མཆན ཡོད།

གང་དུ་སེམས་པར་འཇིགས་ཞུམ་མེད་ཅིང་མགོ་འཕངས་མཐོ་རུ་བཏགས་པའི་གནས་དེ་རུ
གང་དུ་ཤེས་ཡོན་རིན་མེད་དུ་ཐོབ་པའི་གནས་དེ་རུ
གང་དུ་གུ་དོག་པའི་ས་གནས་ཀྱི་བར་གྱང་དག་གིས་
འཇིག་རྟེན་དུམ་བུར་གཏོར་མེད་པའི་གནས་དེ་རུ
གང་དུ་སྐད་ཆ་ནི་བདེན་ལུགས་ཀྱི་ཟབ་ས་ནས་འབྱུང་བའི་གནས་དེ་རུ
གང་དུ་ངལ་བ་མེད་པའི་དཔུང་བ་ནི་ཕུལ་བྱུང་གི་ཕྱོགས་སུ་བརྩོན་པ་བསྐྱེད་པའི་གནས་དེ་རུ
གང་དུ་གནས་ལུགས་ཀྱི་གཙང་ཆབ་ཀྱིས་གོམས་གཤིས་ཤི་བོའི་མྱ་ངམ་བྱེ་ཐང་དུ་
རང་ཉིད་ཀྱི་ལམ་བུ་བོར་མེད་པའི་གནས་དེ་རུ
གང་དུ་སེམས་པ་ནི་མུ་མཐའ་མེད་པའི་བསམ་བློ་དང་བྱ་སྤྱོད་ཀྱི་ཕྱོགས་ནས་
རང་དབང་གི་ལྷ་ཡུལ་དེའི་ཕྱོགས་སུ་ཁྱེད་ཀྱིས་སྣེ་ཁྲིད་པའི་གནས་དེ་རུ་
བདག་གི་ཡབ་ཆེན་ལགས ངའི་རྒྱལ་ཁབ་འདི་གཉིད་ལས་སློང་རོགས།
                                      (འདྲེ་རིག་ལྡན་གྱིས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།