སར་བསྡད་དེ་རྒྱང་ལ་བལྟ་བ།

ཧེ་ཐུ་མན། ༼ཨ་མེ་རུ་ཀ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-12

  ང་རང་སར་བསྡད་དེ་འཇིག་རྟེན་འདིའི་སྐྱོ་སྡུག་ཡོད་རྒུ་དང་།གཉའ་གནོན་དང་ངོ་ཚ་ཇི་སྙེད་ཅིག་ལ་རྒྱང་བལྟ་བགྱིས་པ་ཡིན།
 ངས་ན་གཞོན་རྣམས་ཀྱིས་རང་གིས་བགྱིས་པའི་བྱ་བར་གནོངས་འགྱོད་སྐྱེས་ནས་བློ་མ་བདེ་བར་གསང་བའི་སྒོ་ནས་ངག་འདར་འདར་བྱེད་ཀྱིན་པ་ཐོས།
 ངས་དབུལ་ཕོངས་ཁྲོད་ཀྱི་མ་ཡུམ་གྱིས་བྱིས་པ་ཚོའི་སླད་དུ་མནར་གཅོད་དང་ཡིད་ཆད།སྐམ་རིད་ཁྱད་དུ་བསད་དེ།དབུགས་ཧད་ཧད་ངང་འཆི་བདག་ལ་སྒུག་པ་དང་བདག་མེད་ཁེར་རྐྱང་དུ་གྱུར་པ་མཐོང་།
 ངས་སྐྱེས་པས་མ་བརྩེ་བའི་ཆུང་མ་དང་།བུད་མེད་ཚོར་འཕྲད་པའི་ཁ་དན་མེད་པའི་མགོ་སྐོར་མཁན་དེ་ཚོ་མཐོང་བྱུང་།
 ངས་ཕྱི་ལ་མ་མངོན་པའི་ཕྲག་དོག་དང་འཇིག་རྟེན་མཐུན་མཇུག་མ་བརྙེས་པའི་ཁེར་ཧྲེང་གི་སྡུག་བསྔལ་ཚོར། ངས་ས་ཆེན་སྟེང་གི་འདི་སྣང་ཡོད་དོ་ཅོག་མཐོང་བྱུང་། 
 ངས་འཐབ་འཁྲུག་དང་ནད་ཡམས། སྲིད་དབང་གདུག་རྩུབ་ཅན་གྱི་མཇུག་འབྲས་མཐོང་། ཆོས་ལུགས་ལ་སྲོག་ གཅེས་སུ་འབུལ་མཁན་དང་བཙོན་མ་མཐོང་བྱུང་།
 ངས་མཚོ་སྟེང་གི་མུ་གེ་མཐོང་བྱུང་།ཆུ་བ་རྣམས་ཀྱིས་འཚོ་བ་རྒྱུན་བསྲིངས་པའི་ཕྱིར་ཤི་གསོན་གཏའ་མ་འཇོག་གིན་པ་མཐོང་།
 ངས་རང་ཆེར་རློམ་པའི་མི་རྣམས་ཀྱིས་བཟོ་བ་དང་མེད་པོ།མི་ནག་བཅས་ལ་འཕྱ་སྨོད་དང་མཐོང་ཆུང་བྱེད་ཀྱིན་པ་མཐོང་།
 ང་རང་སར་བསྡད་དེ་འདི་ཡོད་ཚད་ལ་རྒྱང་བལྟས་བགྱིས་པ་ཡིན།བསམ་སྦྱོར་ངན་པ་དང་སྡུག་བསྔལ་ཅི་རིགས་ལ།
 ངས་མིག་གིས་བལྟས།རྣ་བས་བླགས།ཡིན་ཡང་ང་ལ་བཤད་རྒྱུ་ཅི་ཡང་མི་འདུག
                                                                                                 བསེ་ཆང་སངས་རྒྱས་དོན་གྲུབ་ཀྱིས་བསྒྱུར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སར་བསྡད་དེ་རྒྱང་ལ་བལྟ་བ།

2010-06-12 ཧེ་ཐུ་མན། ༼ཨ་མེ་རུ་ཀ༽ ཀློག་གྲངས། མཆན ཡོད།

  ང་རང་སར་བསྡད་དེ་འཇིག་རྟེན་འདིའི་སྐྱོ་སྡུག་ཡོད་རྒུ་དང་།གཉའ་གནོན་དང་ངོ་ཚ་ཇི་སྙེད་ཅིག་ལ་རྒྱང་བལྟ་བགྱིས་པ་ཡིན།
 ངས་ན་གཞོན་རྣམས་ཀྱིས་རང་གིས་བགྱིས་པའི་བྱ་བར་གནོངས་འགྱོད་སྐྱེས་ནས་བློ་མ་བདེ་བར་གསང་བའི་སྒོ་ནས་ངག་འདར་འདར་བྱེད་ཀྱིན་པ་ཐོས།
 ངས་དབུལ་ཕོངས་ཁྲོད་ཀྱི་མ་ཡུམ་གྱིས་བྱིས་པ་ཚོའི་སླད་དུ་མནར་གཅོད་དང་ཡིད་ཆད།སྐམ་རིད་ཁྱད་དུ་བསད་དེ།དབུགས་ཧད་ཧད་ངང་འཆི་བདག་ལ་སྒུག་པ་དང་བདག་མེད་ཁེར་རྐྱང་དུ་གྱུར་པ་མཐོང་།
 ངས་སྐྱེས་པས་མ་བརྩེ་བའི་ཆུང་མ་དང་།བུད་མེད་ཚོར་འཕྲད་པའི་ཁ་དན་མེད་པའི་མགོ་སྐོར་མཁན་དེ་ཚོ་མཐོང་བྱུང་།
 ངས་ཕྱི་ལ་མ་མངོན་པའི་ཕྲག་དོག་དང་འཇིག་རྟེན་མཐུན་མཇུག་མ་བརྙེས་པའི་ཁེར་ཧྲེང་གི་སྡུག་བསྔལ་ཚོར། ངས་ས་ཆེན་སྟེང་གི་འདི་སྣང་ཡོད་དོ་ཅོག་མཐོང་བྱུང་། 
 ངས་འཐབ་འཁྲུག་དང་ནད་ཡམས། སྲིད་དབང་གདུག་རྩུབ་ཅན་གྱི་མཇུག་འབྲས་མཐོང་། ཆོས་ལུགས་ལ་སྲོག་ གཅེས་སུ་འབུལ་མཁན་དང་བཙོན་མ་མཐོང་བྱུང་།
 ངས་མཚོ་སྟེང་གི་མུ་གེ་མཐོང་བྱུང་།ཆུ་བ་རྣམས་ཀྱིས་འཚོ་བ་རྒྱུན་བསྲིངས་པའི་ཕྱིར་ཤི་གསོན་གཏའ་མ་འཇོག་གིན་པ་མཐོང་།
 ངས་རང་ཆེར་རློམ་པའི་མི་རྣམས་ཀྱིས་བཟོ་བ་དང་མེད་པོ།མི་ནག་བཅས་ལ་འཕྱ་སྨོད་དང་མཐོང་ཆུང་བྱེད་ཀྱིན་པ་མཐོང་།
 ང་རང་སར་བསྡད་དེ་འདི་ཡོད་ཚད་ལ་རྒྱང་བལྟས་བགྱིས་པ་ཡིན།བསམ་སྦྱོར་ངན་པ་དང་སྡུག་བསྔལ་ཅི་རིགས་ལ།
 ངས་མིག་གིས་བལྟས།རྣ་བས་བླགས།ཡིན་ཡང་ང་ལ་བཤད་རྒྱུ་ཅི་ཡང་མི་འདུག
                                                                                                 བསེ་ཆང་སངས་རྒྱས་དོན་གྲུབ་ཀྱིས་བསྒྱུར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།