ཁྱོད་རང་རྒས་དུས།

བེ་ལིམ་བྷ་ཐིལ*ཡེར་ཐྲིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-31

ཁྱོད་རང་རྒས་དུས། དབུ་སྐྲ་ཁ་བས་ཟོས་ཤིང་།  རྨོངས་མུན་གྱིས་ལུས་ཕུང་མནན་ནས།
ཆབ་ཚང་གི་འགྲམ་ནས་གཉིད་ལྕོགས་རེ་རྒྱག་དུས། ཁྱོད་ཀྱིས་སྙན་དེབ་འདི་ལག་ཏུ་བཟུང་ནས།
དལ་ལྷོད་ལྷོད་ཀྱིས་ངང་ནས་ཀློག་ཞོར། རང་ཉིད་ཀྱི་མིག་ཟུང་ལས་ཤོར་བའི་གཉོམ་དབང་དང་།
བག་ཆགས་ཀྱི་སྣང་བརྙན་མཐུག་སའི་ཁོ་བོ་ཚོའི་འདས་སོང་ལ་ཕྱིར་འདང་རེ་རྒྱོབས་དང་།
 
མི་གང་མང་ཞིག་ཁྱོད་ཀྱི་དགོད་ཁས་བསླུས་པའི་ལང་ཚོ་ལ་དུངས་པ་སྐྱེས་ཤིང་།
འཛུམ་མདངས་ཀྱིས་སྤུད་པའི་མཛེས་སྡུག་གིས་ཡིད་སེམས་འཕྲོག  ལྷད་མེད་ཀྱི་སེམས་པའམ་བཅོས་མའི་སེམས།
གང་ལྟར།  དེའི་ཁྲོད་ན་མི་ཁོ་གཅིག་པུ། ཁྱོད་ཀྱི་དཀར་གཙང་གིས་གྲུབ་པའི་རྣམ་ཤེས་ལ་དུངས་བ་ཟབ་ཅིང་།
དུས་ཚིགས་ཀྱིས་དེད་པའི་ཐོད་གཉེར་གྱི་བགྲེས་སོང་གི་ན་ཟུག་ལ་བརྩེ་བ་མཐུག
 
དམར་དུང་དུང་གི་སེམས་པ་བཞིན་འཕྱོ་བའི་ཐབ་ཚང་གི་འགྲམ་ནས།
མགོ་བོ་བྲང་ཁར་དཔྱངས་ཏེ། ཤོར་སོང་བའི་བརྩེ་བ་ལ་ཤུགས་དལ་མོས་སྐྱོ་གཞས་ལེན་དུས།
ཁོས་མགོ་བོ་ཡར་དགྱེས་སའི་རེ་བོའི་སྒང་ན། གོམ་པའི་འདེགས་འཇོག་བརྗེ་ཞོར།
སྐར་ཚོགས་མང་བོའི་ཁྲོད་ནས་ངོ་གདོང་དབྱིངས་རིམ་ལ་འཐིམ་གྲབས་བྱེད།
                        ༢༠༡༠ལོའི་ཟླ༤བའི་ཚེས༢༨ཉིན།

ཆེ་ཚང་མ་རྡོ་རྗེ་ཚེ་རིང ་གིས་བསྒྱུར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་རང་རྒས་དུས།

2010-05-31 བེ་ལིམ་བྷ་ཐིལ*ཡེར་ཐྲིས། ཀློག་གྲངས། མཆན ཡོད།

ཁྱོད་རང་རྒས་དུས། དབུ་སྐྲ་ཁ་བས་ཟོས་ཤིང་།  རྨོངས་མུན་གྱིས་ལུས་ཕུང་མནན་ནས།
ཆབ་ཚང་གི་འགྲམ་ནས་གཉིད་ལྕོགས་རེ་རྒྱག་དུས། ཁྱོད་ཀྱིས་སྙན་དེབ་འདི་ལག་ཏུ་བཟུང་ནས།
དལ་ལྷོད་ལྷོད་ཀྱིས་ངང་ནས་ཀློག་ཞོར། རང་ཉིད་ཀྱི་མིག་ཟུང་ལས་ཤོར་བའི་གཉོམ་དབང་དང་།
བག་ཆགས་ཀྱི་སྣང་བརྙན་མཐུག་སའི་ཁོ་བོ་ཚོའི་འདས་སོང་ལ་ཕྱིར་འདང་རེ་རྒྱོབས་དང་།
 
མི་གང་མང་ཞིག་ཁྱོད་ཀྱི་དགོད་ཁས་བསླུས་པའི་ལང་ཚོ་ལ་དུངས་པ་སྐྱེས་ཤིང་།
འཛུམ་མདངས་ཀྱིས་སྤུད་པའི་མཛེས་སྡུག་གིས་ཡིད་སེམས་འཕྲོག  ལྷད་མེད་ཀྱི་སེམས་པའམ་བཅོས་མའི་སེམས།
གང་ལྟར།  དེའི་ཁྲོད་ན་མི་ཁོ་གཅིག་པུ། ཁྱོད་ཀྱི་དཀར་གཙང་གིས་གྲུབ་པའི་རྣམ་ཤེས་ལ་དུངས་བ་ཟབ་ཅིང་།
དུས་ཚིགས་ཀྱིས་དེད་པའི་ཐོད་གཉེར་གྱི་བགྲེས་སོང་གི་ན་ཟུག་ལ་བརྩེ་བ་མཐུག
 
དམར་དུང་དུང་གི་སེམས་པ་བཞིན་འཕྱོ་བའི་ཐབ་ཚང་གི་འགྲམ་ནས།
མགོ་བོ་བྲང་ཁར་དཔྱངས་ཏེ། ཤོར་སོང་བའི་བརྩེ་བ་ལ་ཤུགས་དལ་མོས་སྐྱོ་གཞས་ལེན་དུས།
ཁོས་མགོ་བོ་ཡར་དགྱེས་སའི་རེ་བོའི་སྒང་ན། གོམ་པའི་འདེགས་འཇོག་བརྗེ་ཞོར།
སྐར་ཚོགས་མང་བོའི་ཁྲོད་ནས་ངོ་གདོང་དབྱིངས་རིམ་ལ་འཐིམ་གྲབས་བྱེད།
                        ༢༠༡༠ལོའི་ཟླ༤བའི་ཚེས༢༨ཉིན།

ཆེ་ཚང་མ་རྡོ་རྗེ་ཚེ་རིང ་གིས་བསྒྱུར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།