གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགུན་དུས་འདིར་ཁ་བ་བབས་མ་བྱུང༌།

2010-04-10 21:41:00 སེ་ཆེན་སྒྲོལ་མ། ཀློག་གྲངས། མཆན ཡོད།

ང་རང་མཚོ་ངོས་ལས་མཐོ་ཚད་མུས་སུམ་སྟོང་གི་ས་རུ་འགྲེང་སྟེ

རྒྱུས་ཡོད་པའི་གྲོང་རྡལ་གྱི་མཁའ་དབྱིངས་སུ་ཅེར་དུས

ཁྱོད་ཀྱི་གདོང་ལ་ཅི་འདྲའི་སྐྱོ་ཉམས་ཀྱིས་ཁེངས་ཨང

ངས་ལག་གཉིས་ཟླ་ལྔ་བའི་མཛེས་སྡུག་ལ་འཁྱུད་ཀྱང

ཁྱོད་ཀྱི་གདོང་ལ་ད་དུང་སྐྱོ་ཉམས་དེ་ལས་ཅི་ཞིག

 

 

ངའི་དུངས་འདང་གི་ལྷག་མ

ཁྱོད་ཀྱི་འདས་ཟིན་པའི་རྣམ་ཤེས་ཀྱི་རྒྱུན་ཏེ

མཚན་མོ་ཡོངས་བཀླུབས་པའི་འདབ་མ་དཀར་པོར་ཐོགས

དེ་ཡིས  ཡིད་ཀྱི་སྐྱོ་བ་དྭངས་བར་བྱེད་ཐུབ་པས

འོན་ཀྱང  དགུན་དུས་འདིར

ལས་ཀྱི་དབང་གིས་ཁ་བའི་མེ་ཏོག་བཞད་མ་སོང

                            མ་སངས་མཁའ་འགྲོས་རྒྱ་ཡིག་ལས་བསྒྱུར། 

 

རྩོམ་ཁུངས། ༢༠༠༩ལོའི་འོད་འབར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།