བདེ་མོ་བྱོས།

ཨེད་བུ་སྒྲེ་ནེ་འོ་རྡི་ཨན་རྡ་རེ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-01-20

ལམ་རིང་བོར་ངེད་གཉིས་ཀྱིས་བརྒྱ་བཤད་སྟོང་བཤད་བྱས་ཚར    

བདག་གི་དགའ་མ

ད་ལྟ་ངེད་གཉིས་ལ་ལྷག་པ་དེས

ཕྱོགས་བཞིའི་གྱང་ལྡེབས་ལ་འབྱར་བའི་གྲང་ངར་འདིའང་སྤྲོད་ཐབས་དབེན

ངེད་གཉིས་ཀྱིས་ཡོད་ཚད་བློས་བཏང་ཚར་བས   

ད་ལྟ་ཁུ་སིམ་པ་ཉིད་ལས་ཅི་ཡང་ལྷག་མེད

ངེད་གཉིས་ཀྱི་མིག་ཟུང་བཙའ་ཡིས་གཡོགས་པ  

མིག་ཆུའི་ཁྲོད་ཀྱི་ལན་ཚྭ་སྤྱད་ཚར་སོང་བས་ཡིན་ལ

ངེད་གཉིས་ཀྱི་ལག་ཟུང་གཙུབས་བརྡར་ཀྱིས་ཟད་པ

ཡར་སྔོན་དམ་པོར་འཇུ་དྲགས་པས་ཡིན

ངེད་གཉིས་ཀྱིས་དུས་སྐར་ཡོངས་སུ་གྲོན་ཟིན་ཏེ   

ལམ་སྣེ་ཕ་གིར་བསྐྱུར་བའི་རྡོ་བ་དེ་ལའང   

ད་ནི་རེ་མེད་དུ་སྒུགས་པར་བྱས

ངས་ལག་པས་ཁུག་མར་སྔོགས་ནའང    ལག་འབབ་གང་ཡང་མི་འདུག་སྟེ

ཡར་སྔོན་ངེད་གཉིས་ཕྱུག་དྲགས་པས་ཕན་ཚུན་ལ་འབུལ་བ་ཕུན་སུམ་ཚོགས

ངེད་གཉིས་ལ་འཇིག་རྟེན་འདིའི་ཡོད་ཚད་དབང་བ་ཇི་བཞིན

ཁྱེད་ལ་ཇི་ཙམ་བྱིན་པ་དེ་སྲིད་དུ་ཁྱེད་ལ་སྟེར་དགོས་པའང་ཧ་ཅང་མང་པ་དང་འདྲ

སྐབས་རེར་ཁྱེད་ཀྱིས

ཁྱོད་ཀྱི་མིག་ཟུང་ནི་ལྗང་མདོག་གི་ཉ་མོའོ་ཞེས་ཤོད་སྐབས

ང་རང་རྨང་ནས་དོགས་པ་སྐྱེས་མི་སྲིད

ང་རང་ཡིད་ཆེས་པ་ཉག་གཅིག་ནི

ཁྱེད་དང་མཉམ་དུ་འཚོ་པའི་དབང་གིས

ད་གཟོད   འཇིག་རྟེན་འདིའི་ཡོད་དགུ་ལག་ཏུ་འཐོབ་པས་ཡིན

ཡིན་ནའང     འདི་ཡོད་ཚད་དུས་ཚོད་ཀྱི་གསང་བའི་བར་སྐབས་སུ་བྱུང་སོང

དེ་དུས་ཁྱེད་ཀྱི་ལུས་པོ་ཆུ་ཡི་ཕོ་བྲང་ཞིག་ཡིན་ལ

ང་ཡི་མིག་ཟུང་དངོས་གནས་ལྗང་མདོག་གི་ཉ་མོ་ཞིག་ཡིན

དེ་རིང    ང་ཡི་མིག་ཟུང་ནི་ང་ཡི་མིག་ཟུང་ཁོ་ན་སྟེ

གཞན་གྱི་མིག་ཟུང་དང་མི་འདྲ་བ་ཅི་ཡང་མེད་པ་དེའོ

ངེད་གཉིས་ཀྱི་བརྒྱ་བཤད་སྟོང་བཤད་མཇུག་རྫོགས་སོང

ངས  བདག་གི་དགའ་མ

ད་ནས་བཟུང་བྱ་བ་གང་ཡང་འབྱུང་མི་སྲིད  ཅེས་ཤོད་སྐབས

སྐད་ཆ་འདི་རྙིངས་བར་མ་གྱུར་བའི་ཡར་སྔོན

ངའི་སེམས་གཏིང་གི་དབེན་སིམ་དག

འཇིག་རྟེན་གྱིས་ཁྱེད་ཀྱི་མིང་ཡིག་བཟློས་པ་ལས་ཀྱང

ཡུན་རིང་དུ་འདར་སྲིད་པར

ང་ཞེ་གཏིང་ནས་ཡིད་ཆེས་ཡོད

ངེད་གཉིས་ལ་ད་ནས་བཟུང་ཕན་ཚུན་ལ་འབུལ་རྒྱུ་གང་ཡང་མེད

ཁྱེད་ཀྱི་སེམས་པས་ཀྱང

ད་ནས་བཟུང་ང་ལས་གཙང་ཆུ་རེ་མི་སྲིད

འདས་ཟིན་པ་དེས་ནུས་པ་ཅི་ཡང་འདོན་མི་སྲིད་དེ

དེ་ནི་རས་ལྷན་ཐེད་པོ་ཞིག་དང་ཡང་ཤིན་ཏུ་མཚུངས

ངས་ཁྱེད་ལ་བཤད་མྱོང་སྟེ

བརྒྱ་བཤད་སྟོང་བཤད་སྔར་ནས་མཇུག་རྫོགས་ཟིན

ད་བདེ་མོ་བྱོས།
 
        (གཅན་མེ་སྟག་གིས་བསྒྱུར)

རྩོམ་ཁུངས། ཧི་གཟུགས་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེ་མོ་བྱོས།

2010-01-20 ཨེད་བུ་སྒྲེ་ནེ་འོ་རྡི་ཨན་རྡ་རེ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།