གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིག་ཆུ་འབྱིནརོགས།

2009-11-19 14:48:00 པོ་ནེ་རྡི.ཏ་རྡོ་གཡུ་ཡིས་བརྩམས། ཀློག་གྲངས། མཆན ཡོད།

ཨ་ཧྥེ་རི་ཀ    མིག་ཆུ་འབྱིད་རོགས

ཁྱོད་ཀྱི་གཅེས་ཕྲུག་དག་མྱུར་ཏུ་ཕྱིར་ལོག་ཡོང

ཐོབ་ཆ་མེད་པའི་ཡུལ་གྱར་ཐེངས་ཤིག་གི་རྗེས་སུ

ཐོག་དང་དྲག་ཆར་བརྒྱུད་ནས་ཐོན་ཡོང

 

རྦ་རླབས་ཀྱི་དགོད་སྒྲ་དང་བསིལ་རླུང་གི་ལྡབ་ལྡིབ་ལ་གཏད་ནས

ཉི་གཞོན་གྱི་འོད་ཟེར་ཁྲོད་དུ

ཉི་ནུབ་ཀྱི་མཚམས་སྤྲིན་ཀློང་དུ

རང་ཉིད་མཐོ་བར་རློམ་པའི་རི་རྩེའི་ལྟག་རྒྱབ

 

ཉི་འོད་ཀྱིས་བསྲེགས་པའི་ཚ་ཁུལ་རྩྭ་ཐང་ནས་ཁྱོད་ཕྱོགས་སུ་བསླེབ་ཡོང

ཐོབ་ཆ་མེད་པའི་ཡུལ་གྱར་ཐེངས་ཤིག་གི་རྗེས་སུ

ཐོག་དང་དྲག་ཆར་བརྒྱུད་ནས་ཐོན་ཡོང

 

ཨ་ཧྥེ་རི་ཀ   མིག་ཆུ་འབྱིན་རོགས

འུ་ཚོའི་སེམས་རྒྱུད་ཀྱིས

དཀའ་སྡུག་གི་ལས་དབང་དང

འོད་ཟེར་དང་འགྲོགས་པའི་གཙང་ཆུ་ཡོད་ཚད་བཏུང་ཚར་ཡོད

ང་ཚོས་སེམས་རྒྱུད་ཀྱི་སྒོ་འཕར་ཕྱེ་ནས

ཁྱོད་ཀྱི་མཛེས་སྡུག་ལ་ཕྱོགས་ནས་འཚེར་གྱིན་ཡོད

ཁྱོད་ཀྱི་ནགས་ཚལ་གྱི་དྲི་བསུང

ཁྱོད་ཀྱི་བཞུར་རྒྱུན་གྱི་མཐུ་སྟོབས

ཁྱོད་ཀྱི་ནམ་མཁའ་ཡི་སྔོ་བསངས

ཁྱོད་ཀྱི་འོད་སྣང་གི་བྱམས་བརྩེ

ཟིལ་བའི་ཁྲོད་གནས་པའི་ལྗང་མདོག་གི་ཆང་ཕོར

 

ཨ་ཧྥེ་རི་ཀ   མིག་ཆུ་འབྱིན་རོགས

ཁྱོད་ཀྱི་གཅེས་ཕྲུག་དག་མྱུར་ཏུ་ཕྱིར་ལོག་ཡོང

ཁྱོ་ཚོའི་ལག་ཏུ་ལེགས་སྐྱེས་བསྣམས་ནས

སེམས་སུ་བརྩེ་བ་བཀྱགས་ནས

ཕྱིར་ལོག་པ་ནི     ཁྱོད་ལ་ཕུགས་བསམ་དང་རེ་འདུན་གྱི་འཕྱོར་ལྭ་ཞིག་སྐོན་པའི་ཕྱིར་ཏུའོ

          (རྭ་ཅོ་ནག་པོས་བསྒྱུར) 

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།