གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་ན་བཅུ་དྲུག་ལ་སོན་པའི་ཨ་རིའི་རྐང་རྩེད་སྤོ་ལོ་བ་ཞིག་གི་སྙན་ཚིག་གསུམ།

2012-04-29 16:36:00 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

   ཊམ་ཀ་གཅིག  གློ་གཉིས།
ཞི་བདེ་ཡི་བྱིའུ་ཆུང་དཀར་པོ བདག་སྐྱོབ་ཏུ་ཕེབས་གྲབས་མེད་དམ        
བདག་རང    མྱ་ངན་གྱི་གདུང་བས་ཁྱུར་མིད་བཏང་ཉིན་ནས  
མཛེས་སྡུག་གི་རང་དབང་ཇི་འདྲིའི་མཁོ་ཆེ་ཨང                 
གཤེད་མའི་བྱིའུ་ནག་ཆུང  ལྕེབས་ཐག་གི་ཨ་ལོང
བདག་སྐེས་ལ་བསྐོན་མི་ཡོང་ངམ                              
ཤོ་ངོས་ཀྱི་རྒྱལ་པོ་རྒྱལ་མོ མཚོ་གྲུའི་ཁྱམས་ཁ་རུ་འགྱེལ
གཟབ་ཏུ་ཚུད་པའི་བྱིའུ་ཆུང་དག་གི་ཁྲོད                    
ཁེར་རྐྱང་གི་བྱིའུ་དེ  འཇིག་རྟེན་དང་གྱེས་སྲིད་ན                      
དེ་ལ་ནི རང་དབང་གི་སྦྱོར་བ་བརྩམས་ཏེ                                       
ཁྱེད་ཀྱི་བཀབ་པའི་མིག་ལྕིབས་ཟུང                        
ཡངས་བའི་ཟབ་མཐར་དབྱེ་རུ་འཇུག་རོགས

        བྱིས་སེམས་གཉོམ་པོ།
ཐེངས་གསུམ་ལ་གཡུལ་ལས་ཐར་མྱོང་བའི་གནའ་མི་ཞིག  
སྐད་ཅིག་མར་སྐར་མདའ་བཞིན་བྲལ                               
ནམ་རྒྱུན་གྱི་རྒོལ་འཛིང་ཁྲོད ཉིན་རྒྱུན་གྱི་འཁྲུག་རྩོད་ཀློང                  
དཔའ་སྤོབས་ཀྱི་མགོ་འཕང་དུད་མ་མྱོང་བའི་ཁོ་བོ
ལྷགས་རླུང་ལྡོམ་པོ་ཞིག་དང་ལྷན་དུ་བཞུད་རྗེས
གཏན་དུ་ནས་ཕྱིར་ཡོང་མེད་སོང                                              
མི་ཚོས  གོ་རིམ་དེ་རྒས་འཁོགས་ཤིག་ཏུ་འགྲེལ་ཞིང་མཆིས་དུས          
ང་ལ་ངུ་རྒྱུ་ཞིག་བྱུང  བྲལ་དགོས་པའི་རྗེས་མ་བོ་སུ་ཡིན་ནམ་སྙམ

          འགྲུལ་བཞུད།
ཟེའུ་ལྷ་ཁང་ཞིག་གི་འཁྲིས་སུ
ཁོ་བོས་ལམ་བུ་ཕྱགས་རྗེས
འཛུམ་རིས་གྲོལ་བའི་ཉི་ཧོང་རྒྱ་སེ་ཞིག་སར་བཞག
ཡང་ན ཀ་མེ་ལི་ཡའི་འདབ་ལོ་ཟགས་པའི་བར་གསེང་ནས
གད་ཕྱི་བྱས་ཀྱང་སྲིད
       26/4/2012 ཉིན་གྱི་མཚན་མོར་རང་ཤག་ཏུ།
             ༼ན་བུན་གྱིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།