གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མདོག་ཡལ་བའི་འཇའ་ཚོན།

2012-04-12 10:52:00 བཱེ་ཐེ་བཱེ་ཐེ། ཀློག་གྲངས། མཆན ཡོད།


   _____ འདི་ནི་ཨེ་རག་ནང་ཨ་རིའི་ཟིང་འཁྲུག་ཁྲོད་ཀྱི་གསར་འགོད་པ་གྲགས་ཅན་བཱེ་ཐེ་བཱེ་ཐེ་ཡི་སྙན་ཚིག་ཅིག་ཡིན།

བར་གླེགས་ཀྱི་གྲིབ་གཟུགས་རྣམས                        
བྱེ་ཐང་གི་སྐོམ་པས་གདུང་དྲགས་པས                              
ཡིད་འོང་གི་ཁ་དོག་ཤོར་བའི་འཇའ་རིས་དག་ཡིན་འོས                                 
ཁོ་བ་ཚོས   ན་ཟུག་གི་གཏིང་ལ་འཁུ་བའི                       
  དྲོད་ཀྱི་རྨ་ཁ་རེ་གང་སར་ཁུར་ཡོང
ཡུན་རིང་འཚོས་མྱོང་བའི  རེ་བཞག་སྣུམ་པོ་དག་ཀྱང                    
 ཞི་དུལ་གྱི་ལྐོག་གཡོ་གཞན་ཞིག
ར་རོའི་ཀློང་གི་མིག་རྒྱུ་བརྣན་པའང གཏན་དུ                                 
འུ་ཅག་ཚོ ཙོག་པུར་སྡོད་འཇུག་པའི་ཨང་གསར་ཡིན་ཨང                         
རང་རེ་རྣམས་ཀྱང ཀུན་དང་འདྲ་བར      
དྲན་སྣང་གི་སེམས་རྩ་དབུ་རྩེར་བཏེགས་ཏེ
འཆར་སྣང་ཀློང་གི་རི་བོར་ཧུར་གྱིས་འཛེགས་ཡང  
དོན་དམ་ན དེའུ་འབུར་ཞིག་གི་གདོང་ན་རིལ་འདུག     
ཉེས་ཆད་ཀྱི་ཚུལ་དུ་འགྱེལ་སོང་བའི་ང་ཚོ             
ཡིད་ངོར་བབས་པའི་རྟོགས་བཏགས་ཀྱི་རི་རྩེ་དེར 
འགྲེལ་ལྡོག་ལན་གཅིག་བྱས་རུང                                     
ལྷར་ཡང་ཟགས་བྱུང
   12/4/2012 གླས་ཤག་ཏུ།
       
            ༼ན་བུན་གྱིས་བསྒྱུར༽


   

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།