རི་ཁུག་གི་བྲག་ཅ།

ཤོ་ཤར་ཚེ་རིང་རྒྱལ་པོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-22

རི་ཁུག། ངའི་ངོས་ནས་བཤད་ན། རྒྱུད་མངའ་ཆེ་ཤོས་དེ་ཡིན།
གང་ཡིན་ཟེར་ན། ངའི་ཆེས་ཐོག་མའི་ངུ་སྒྲ་དེ་རི་ཁུག་ནས་སྒྲོགས་མྱོང་།
རི་ཁུག། མ་གཞི་ནས། ཆེས་མཛེས་ཤོས་ཀྱི་ས་ཆ་ཞིག།
དེ་ན། གྲོང་ཁྱེར་ལྟ་བུའི་ཟང་ཟིང་གི་འདུ་འཛི་མེད་ལ།
དེ་བས། བཟོད་མི་ཐུབ་པའི་རྫས་འགྱུར་འབག་བཙོག་མེད།
ང་། ལྷ་ཡི་བཟོ་བོ་བི་ཤ་ཀརྨས་བསྐྲུན་འདྲའི་རི་ཁུག་གི་མཛེས་ལྗོངས་དེ་ཚོར་ལྟ་འདོད།
ང་།དྲི་ཟའི་གླུ་དབྱངས་ལ་འགྲན་བཟོད་པའི་རི་ཁུག་གི་རང་བྱུང་སྒྲ་སྐད་ཐམས་ཅད་སྒྲ་འཛིན་བུ་གའི་བཅུད་དུ་འགྲུབ་ན་འདོད།
དེ་ནི། སྨྱོ་ཧམ་གྱིས་གཏམས་པའི་དུས་རབས་འདིར།
དེ་བས་རི་ཁུག་གི་དབེན་འཇམ་ཞི་ལྷོད་འདི་ལྷག་པར་རིན་བྲལ་དུ་གོ་བས་ཡིན།
འོན་ཀྱང་། བློ་ཕམ་པ་ཞིག་ལ།
རི་ཁུག་གི་གནམ་གཤིས་འདི་འཕོ་འགྱུར་ཆེ་བས།
མི་ཚོས་སྔོན་དཔག་རྩ་བ་ནས་མི་ཐུབ།
སྐབས་རེ། གློ་བུར་རླུང་བུ་གང་ཡིན་མེད་པར་འཚུབ་འཚུབ་ཏུ་ལྡང་ཞིང་།
ཡང་ཡུད་ཙམ་ནས་ཁ་ཆར་འདྲེས་མར་ལྷབ་ལྷུབ་ཏུ་བབ་འོང་།
བཟོད་ཐབས་བྲལ་བའི་གནམ་གཤིས་དེས།
ང་ཐེངས་མང་པོར་ཅི་བྱ་གཏོལ་མེད་དུ་གྱུར་མྱོང་།
ཅི་བྱ་གཏོལ་མེད་དུ་གྱུར་ཐེངས་རེ་རེར།
ངས་སྐད་ཤུགས་ཆེན་པོས་རི་ཁུག་ན་འབོད་མྱོང་།
འདི་ལྟར་འབོད་ན། གཞི་ནས་རི་ཁུག་གི་བྲག་ཆ་དེས།
ངའི་དངངས་འཚབ་ཀྱི་སྙིང་སྒྲ་གསལ་པོ་དེ།
རེ་ཞིག་མི་ཐོས་པར་བྱས་པས་བདེ་ལྷོད་ཀྱི་སྣང་བ་ཞིག་དེ་མར་སྐྱེས་འོང་།
ང་། ངོ་མ། རི་ཁུག་གི་བྲག་ཆ་དེར་སེམས་འགུལ་ཚད་མེད་ཐེབས་འོང་།
དེས་ངའི་ཡིད་ཀྱི་དབང་པོར་དབེན་འཇམ་ཞི་ལྷོད་ཀྱི་ཞིང་ཁམས་དེ་ཐེངས་མང་བསྐྲུན་ཡོད།
ནམ་རྒྱུན། ངས་འཛེར་སྐད་དམ་ཡང་ན་བཙིར་སྐད་སོགས་གང་ཞིག་ནས་འབོད་ཀྱང་།
དེས་གང་འབོད་པ་ཇི་བཞིན་པར་བྲག་ཆའི་ཨ་ལན་དེ་སློག་གི་ཡོད།
རི་ཁུག་གི་བྲག་ཆ། ཚངས་སྲས་ཀྱི་གླུ་དབྱངས་ལས་སྙན་ཞིང་།
དེ་ནི། ལྷད་མེད་ཟོལ་མེད་ཀྱི་སྐད་ལན་དང་།
གཡོ་རྫུ་ཕྲན་ཙམ་མེད་པའི་ཆེས་དྭངས་གསལ་གྱི་ཨ་ལན་ཞིག།
དེ་ནི། རང་བྱུང་ཁམས་ཀྱིས་ཁོ་བོར་སློག་པའི་དྲང་གཏམ་གྱི་ཨ་ལན་འབའ་ཞིག།
ངས་དགའ་སྙམ་དང་ཡང་ན་དམད་རའི་ཚུལ་གྱིས་འབོད་ཐེངས་རེ་རེར།
རི་ཁུག་གི་བྲག་ཆར་ཞིབ་ཉན་བྱེད་དུས།
རི་ཁུག་གི་བྲག་ཆ་དེ། སྐབས་རེ་ཆེ་ཞིང་ཡང་མཚམས་རེ་ཆུང་།
སྐབས་རེ་འཇམ་ཞིང་ཡང་མཚམས་རེ་གྱོང་གྱོང་པོ་ཞིག་ཐོས་འོང་།
དེ་ནི། རང་བྱུང་ཁམས་ཆེན་པོའི་དངོས་ཡོད་དང་མཐོངས་ཡངས་ཀྱིས།
ང་ཚོའི་ཡིད་བརྟན་འཕྲོག་པ་དང་གཉིས་སུ་མེད།
རི་ཁུག་གི་བྲག་ཆས། གོམ་པ་རེ་ལ་རྐང་རྗེས་རེ་རེ་འཇོག་མྱོང་བའི་ཁོ་བོར།
བདེན་རྫུན་མཉམ་འདྲེས་ཀྱི་སྤྱི་ཚོགས་འདིར།
གོམ་པ་རེ་ལ་གོམ་སྒྲ་ཡོད་དགོས་པ་ནི།
ཆེས་རྩ་ཆེན་ཡིན་པ་དང་། ཆེས་ངེས་པར་དུ་དགོས་ངེས་ཡིན་པ་བསྟན་མྱོང་།
རི་ཁུག་གི་བྲག་ཆ། ཁྱེད་ཀྱིས། ཁོ་བོར་སྒྲ་སྐད་ཀྱི་ཉམས་སྟོབས་ཤེས་སུ་བཅུག་ཅིང་།
དེ་བས་རང་བྱུང་ཁམས་ནི་བདེན་བཟང་མཛེས་གསུམ་ཡིན་པ་རྟོགས་སུ་བཅུག།
ངོ་མ།་་་ ང་།  རི་ཁུག་གི་བྲག་ཆར་སྙིང་དབུས་ནས་ཞེན་པ་སྐྱེས།
དུས་དེ་ནས་བཟུང་། ལྷད་མེད་ཟོལ་མེད་ཀྱི་རི་ཁུག་གི་བྲག་ཆ།
ངའི་མི་ཚེ་འདིའི་དྲན་གསོ་བྱ་ཡུལ་ཞིག་ཏུ་འགྱུར།།
     ༢༠༡༢ལོའི་ཟླ་༣ཚེས་༢ཉིན།དགོང་མོ་རྒྱ་ཡིག་མ་རྩོམ་ནས་བསྒྱུར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་ཁུག་གི་བྲག་ཅ།

2012-03-22 ཤོ་ཤར་ཚེ་རིང་རྒྱལ་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།