ཕ་སྐད།

               ____ཕྱི་སོག་གི་སྙན་ངག་པ་པཱ་ལ་ཧྭ་པ་སུའུ་རོང་ལགས་ལ།

ཁྱོད་དོན་དམ་སུ་ཡིན
རང་ས་རང་ཡུལ་དུ་
ཁྱོད་ཀྱིས་ཉི་མ་བསྟན་པས་ཉི་མ་དང་
ཟླ་བ་བསྟན་པས་ཟླ་བར་འཛིན
སྙན་དབྱངས་མ་བླངས་རང་གྲུབ   ཐ་སྙད་ཨ་འགྲིག་ཆ་འགྲིག
 
ཁྱོད་དོན་དམ་སུ་ཡིན
ཚོར་མེད་ངང་ཡབ་མེས་ཀྱིས་གནངས་པའི་བསོད་ནམས་ལ་རོལ་ཆོག
དཀྱེལ་ཡངས་ཀྱིས་   
རི་རབ་རེ་རེ་དང་རྩྭ་རྐང་རེ་རེའི་རྣམ་ཤེས་འཚོལ་ཆོག
དེ་འདྲའི་བགས་ཡངས་ངང་རིགས་རྒྱུད་དེ་ཡོངས་སུ་དབང་ཆོག་པ
ད་དུང་དུས་ཚོད་ཀྱི་བཞུར་རྒྱུན་ཁྲོད
ཁྱོད་ཀྱི་ཆེད་ཡང་ཡང་བཅུད་དུ་བསྲུབས་པའི་སྐད་ཡིག
དེ་བས་ཀྱང་ཚེ་གང་བོར་ཕ་སྐད་ཀྱིས་སྙན་ངག་བྲིས་ཆོག་པ
 
ཨ་མའི་ཕང་བར་ཐོབ་པ་ནི་
ཚེ་སྲོག་གི་ཆེས་རྩ་ཆེ་བའི་ངོ་བོའོ
ཡིན་ནའི     ང་སུ་ཡིན་ཨང་
ཇི་མི་སྙམ་པར་       ངས་དེ་ཉིད་ཀྱང་རླུང་ལ་འཁྱེར་དུ་བཅུག་སོང་
                                           2009.9.3
         ༼གཡུ་ཆུང་གིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་སྐད།

2012-02-10 ཞི་མུ་རོང་། ཀློག་གྲངས། མཆན ཡོད།

               ____ཕྱི་སོག་གི་སྙན་ངག་པ་པཱ་ལ་ཧྭ་པ་སུའུ་རོང་ལགས་ལ།

ཁྱོད་དོན་དམ་སུ་ཡིན
རང་ས་རང་ཡུལ་དུ་
ཁྱོད་ཀྱིས་ཉི་མ་བསྟན་པས་ཉི་མ་དང་
ཟླ་བ་བསྟན་པས་ཟླ་བར་འཛིན
སྙན་དབྱངས་མ་བླངས་རང་གྲུབ   ཐ་སྙད་ཨ་འགྲིག་ཆ་འགྲིག
 
ཁྱོད་དོན་དམ་སུ་ཡིན
ཚོར་མེད་ངང་ཡབ་མེས་ཀྱིས་གནངས་པའི་བསོད་ནམས་ལ་རོལ་ཆོག
དཀྱེལ་ཡངས་ཀྱིས་   
རི་རབ་རེ་རེ་དང་རྩྭ་རྐང་རེ་རེའི་རྣམ་ཤེས་འཚོལ་ཆོག
དེ་འདྲའི་བགས་ཡངས་ངང་རིགས་རྒྱུད་དེ་ཡོངས་སུ་དབང་ཆོག་པ
ད་དུང་དུས་ཚོད་ཀྱི་བཞུར་རྒྱུན་ཁྲོད
ཁྱོད་ཀྱི་ཆེད་ཡང་ཡང་བཅུད་དུ་བསྲུབས་པའི་སྐད་ཡིག
དེ་བས་ཀྱང་ཚེ་གང་བོར་ཕ་སྐད་ཀྱིས་སྙན་ངག་བྲིས་ཆོག་པ
 
ཨ་མའི་ཕང་བར་ཐོབ་པ་ནི་
ཚེ་སྲོག་གི་ཆེས་རྩ་ཆེ་བའི་ངོ་བོའོ
ཡིན་ནའི     ང་སུ་ཡིན་ཨང་
ཇི་མི་སྙམ་པར་       ངས་དེ་ཉིད་ཀྱང་རླུང་ལ་འཁྱེར་དུ་བཅུག་སོང་
                                           2009.9.3
         ༼གཡུ་ཆུང་གིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།