འདས་དོན་གྱི་ཤོག་ལྷེ་ཞིག

ཁབ་ཁ།༼ཨོ་ཟི་ཁྲི་རེ་ཡ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-11-22

    ཕར་བལྟས་ཚོད་ལ། མེས་རྒྱལ་སྲུང་སྐྱོབ་ཀྱི་བྱ་གཞག་གཅིག་པུར་བློ་སེམས་ཁྱོན་ནས་གཏད་པས་ལས་དོན་གང་མང་ཞིག་ཉམས་བཞག་ཡོད་མེད་ཀྱི་གླགས་དེར་སེམས་ཀྱི་ཧྲག་བར་ནས་བཞུད་སོང་། འདིའི་སྐོར་ལ་ད་ལྟའི་བར་དུ་ང་ཚོས་ཀྱང་བློ་ཞིབ་མོས་རྟོག་གཞིགས་མ་བྱས་མོད།  ཡིན་ནའང་ཉེ་ཆར་བྱུང་བའི་དོག་དག་ཁ་ཤས་ཀྱིས་སྔ་ན་མེད་པའི་སེམས་ཁྲལ་ཞིག་བསླངས་སོང་།
  ངས་གོང་མའི་ཕོ་བྲང་མདུན་གྱི་ཚོགས་ར་དང་ཁད་ཐག་ཉེ་སར་ལྷམ་ཚོང་ཁང་ཞིག་ཕྱེ། ཉིན་འདིའི་ཞོགས་པར་ཚོང་ཁང་གི་སྒོ་ཕྱེ་བའི་དུས། གནས་འདིར་ཕྱོགས་པའི་སྲང་ལམ་ཡོངས་ནི་དྲག་ཆས་སྤྲས་པའི་མི་ཚོགས་ཀྱི་དཔུང་ཆེན་པོ་ཞིག་གིས་རུབ་ནས་བདོག  ཁོ་ཚོ་ནི་རང་རེའི་རྒྱལ་ཁབ་ཀྱི་དཔུང་མ་ཡིན་ཏེ་ཕལ་ཆེར་བྱང་ཕྱོགས་ཀྱི་འབྲོག་ལས་གཉེར་སའི་ཡུལ་གྲུ་ནས་བརྟོལ་བ་འདྲ། གོང་མའི་ཕོ་བྲང་ནི་རྒྱལ་མཚམས་དང་ལེ་བར་ཁྲི་ཕྲག་གིས་ཆོད་པས་འདི་དག་ཇི་ལྟར་ངེད་ཅག་གི་རྒྱལ་སར་སླེབས་པ་ཡིན་ནམ། ངས་དངོས་གནས་གནད་འདི་རྟོགས་མ་སོང་། གང་ལྟར་ད་ནི་ཁོ་ཚོ་བསླེབས་པ་དང་མི་འབོར་མུ་མཐུད་མང་ནས་མང་དུ་འཕེལ་བཞིན་འདུག
    གོམས་སྲོལ་གྱི་མཐུས་མི་འདི་དག་ནི་ཁང་བར་མོས་པ་མི་བདོག  ནམ་རྒྱུན་མདའ་གཞོག་གྲི་བརྡོར་དང་། ཆིབས་རྩལ་སྦྱངས་པ་སོགས་ལ་བྲལ་ནས་སོས་དལ་ངང་གནས་པའི་དུས་གླགས་མི་གདའ་ཞིང་།འདི་ཚོས་བགྱིད་སྟངས་འདིས་དབེན་འཇགས་ཀྱི་ཡུལ་ཁམས་འདི་དང་འདིར་གནས་སེམས་ཅན་ཚོགས་ཀྱི་དྭངས་གཙང་བབ་ཆགས་ཀྱི་འཚོ་བའི་ཁོར་ཡུག་དེ་ཉིད་ཟང་ཟིང་གི་རྟ་རྒྱུགས་ར་བ་ཞིག་ཏུ་བསྒྱུར། ཐོག་མའི་དུས་ན་ང་ཚོས་རང་ནུས་ཡོད་རྒུས་ཕྱི་རུ་སོང་ནས་ཆེས་འབག་བཙོག་དང་ལྗན་ལྗིད་ཀྱིས་བསླད་པའི་གད་སྙིགས་འཁྲིགས་པའི་ཡུལ་གང་དེར་གད་བདར་གང་ལེགས་ཤིག་བྱ་འདོད་མོད། ཡིན་ནའང་ང་ཚོས་བགྱིས་པའི་བྱ་བ་གང་ནི་ངལ་བ་འབྲས་མེད་དུ་འཁུམས་པས་རྗེས་སོར་འདི་ལྟ་བུའི་ལས་ཀ་བསྒྲུབ་རྒྱུའང་ཉུང་ནས་ཉུང་དུ་བཏང་ལ། འདི་ལྟར་བྱས་ན་རྒྱུགས་རྟའི་རྨིག་ཁྲས་བསྣུམས་པ་དང་ཀླ་ཀློ་དག་གིས་རྟ་ལྕག་ཀྱིས་འཇིགས་སྐུལ་ལས་ང་ཚོ་གཡོལ་ཐུབ་སོང་།
      ཀླ་ཀློ་འདི་དག་དང་ཉེ་ས་ནས་གླེང་མོལ་བྱ་རྒྱུ་ནི་དཔེ་མི་སྲིད་པ་ཞིག་རེད། ང་ཚོས་ཅི་བཤད་པ་ཁོ་ཚོས་རྟོགས་མི་སྲིད་ལ། ཁོ་ཚོ་རང་ལ་སྐད་ཆ་མི་འདུག  ཁོ་ཚོས་ནང་ཁུལ་ནས་ཕན་ཚུན་བར་དུ་བརྡ་སྤྲོད་སྟངས་ནི་རི་ལ་གནས་པའི་བྱ་ཚོགས་དང་ཅི་ནས་མཚུངས། ངེད་ཅག་གི་འཚོ་བ་རོལ་སྟངས་དང་འཚོ་བའི་ཡོ་ཆས་དག་ལ་འདི་དག་གིས་རྒྱུས་ལོན་སྤུ་ཙམ་ཡང་མི་བྱེད་ལ། དེ་ལྟར་བྱ་འདོད་ཀྱི་འདུན་མའང་གཏིང་ནས་མི་གདའ།     དེའི་རྐྱེན་པས་ཁྱོད་ཀྱིས་ཕྱག་རྒྱ་སྣ་ཚོགས་ཀྱིས་བརྡ་ནི་ཅི་ཙམ་བསྟན་ཡང་ཁོ་ཚོས་ཧ་གོ་མི་སྲིད་ལ།ཐ་ན་ཁྱོད་ཀྱི་ཁའི་ཡ་མགལ་མ་མགལ་གྱི་གནས་ས་འཆོར་བའམ་ལུས་ཀྱི་ཡན་ལག་གང་ཞིག་གི་ཚིགས་སྤར་ཀྱང་ཁོ་ཚོས་དེ་ནི་ཅི་ཞིག་ཡིན་པ་མི་ཤེས་ལ་དེ་ནི་ནམ་ཡང་རྟོགས་མི་སྲིད་པ་ཞིག་ཀྱང་རེད། འདི་ཚོས་དུས་རྒྱུན་གདོང་ལ་རྣམ་འགྱུར་ཁྱད་མཚར་རོ་སྟོན་ཞིང་། མིག་གིས་དཀར་ལོག་གི་ཆ་ཕྱི་རུ་མངོན་པ། ཁ་ནས་མཆུ་ཕྱགས་འཕེན་པ་སོགས་བྱེད་ལ།  ཡིན་ནའང་ཁོ་རང་ཚོའི་འདུ་ཤེས་འཛིན་སྟངས་ལྟར་ན་འདི་ལྟར་བགྱིས་པ་ནི་རྒྱུན་འབྱམས་ཀྱི་གོམས་སྲོལ་ཙམ་དུ་ཟད་དེ་དོན་གཞན་ཅི་ཡང་མེད་ལ། གཞན་སུ་ལ་བསམ་གཟས་ནས་སྐྲག་སློང་བའང་མ་རེད། ནམ་རྒྱུན་རང་ཉིད་ལ་མཁོ་དངོས་ཅི་མཆིས་པ་རྣམས་འདི་ཚོས་འཁྱེར་འགྲོ་བ་དང་། ཁོ་ཚོས་དྲག་ཤུགས་ཤིག་གི་བགྱིད་པ་འདི་ལ་ལན་སློག་ཐུབ་མཁན་ནི་མི་མངའ།   བརྒྱ་ལ་ཀླ་ཀློ་རྣམས་དང་འཕྲད་དུས་ཡུལ་འབངས་རྣམས་ནི་གཞོགས་ཤིག་ཏུ་ཁུ་སིམ་མེར་བསྡད་ཏེ་ཁོ་ཚོས་རང་སྣང་གི་འདོས་མོས་ལྟར་བགྱིད་པར་མིག་ལྟོས་བྱེད་པ་ལས་བྱ་ཐབས་ཟད།
   ཁོ་ཚོས་ངས་མཛོད་ཁང་དུའང་ཅ་དངོས་མང་པོ་ཞིག་འཁྱེར་སོང་། ངས་ནི་དེར་འཁང་ར་དང་ལེ་བདའ་ཅི་ཡང་བྱེད་ཀིན་མེད། རྒྱུ་མཚན་ནི་ཁོ་ཚོས་མི་གཞན་ལ་མནར་གཅོད་བཏང་བའི་གནས་བབ་མིག་གིས་མཐོང་མྱོང་བས་ཡིན། དཔེར་ན་འདི་བའི་ཤ་འཚོང་སྦྱིན་བདག་ལ་མཚོན་ན། ཁོས་རང་གི་ཚོང་ཁང་དུ་ཤ་གསར་བ་ནང་འདྲེན་བྱས་མ་ཐག  ཀླ་ཀློ་འདི་དག་སྤྱང་ཀི་ལུག་ཁྱུར་ཕྱོགས་པ་ནང་བཞིན་ཇག་ལ་ཡོང་ནས་ཚོང་ཁང་སྟོང་བར་ཕུད་དེ་ཡོད་ཚད་སོ་སོའི་ལྟོ་བ་འགྲེང་བྱེད་དུ་བཟས་འགྲོ  འདི་ཚོའི་ཆིབས་རྟས་ཀྱང་ཤ་བཟའ་སྟེ་ནམ་རྒྱུན་རྟ་དང་མཉམ་དུ་ཤ་དུམ་བུ་རེ་ལ་མགོ་འཆའ་སུག་འཆའ་བྱེད་པ་མཐོང་ལམ་དུ་རྟག་པར་སྣང་། ཚོང་ཁང་འདིའི་སྦྱིན་བདག་གི་ངོས་ཐད་ནས་གླེང་ན་ཁོ་རང་ཚོང་འཚམས་འཇོག་པར་ཧ་ཅང་སྐྲག་་གིན་ཡོད། ཁོའི་གནས་སྟངས་དེར་ང་ཚོས་བསམ་ཤེས་་་་་བྱེད་ཐུབ་ལ་དེ་བས་ཚང་མས་ཁོར་ཞལ་འདེབས་སུ་དངུལ་ལོར་མཉམ་བསྡུས་བྱས་ཏེ་རོགས་རམ་བྱས། གལ་སྲིད་ཀླ་ཀློ་འདི་དག་ལ་ནམ་ཞིག་ཤ་བཟའ་རྒྱུ་མ་བྱུང་ཚེ་ཁོ་ཚོས་ཅི་ཞིག་བྱ་ངེས་ནི་གནམ་རྒན་མས་མ་གཏོགས་མི་ཤེས་ལ། འདི་དག་ལ་རྟག་ཏུ་ཤ་བཟའ་རྒྱུ་ཡོད་ནའང་སླད་མར་ཅི་བྱེད་པ་སུ་ཡིས་ཤེས་སམ།
    རྗེས་ནས་ཤ་འཚོང་སྦྱིན་བདག་གི་སེམས་པར་ཁོ་རང་ལ་མཚོན་ན་སྔ་མ་ལས་སྡིག་གཅོད་ཀྱི་ལས་ལ་ཞུགས་རྒྱུ་ཉུང་དུ་བཏང་བས་ན། ཞོགས་པ་སྔ་མོ་ནས་གསོན་ཟོག་ཅིག་དེད་ནས་དེ་དག་གི་སར་བསྐྱལ་བ་དང་།   དུས་དེ་ཉིད་ནས་བཟུང་རང་ཉིད་ཀྱིས་སྲོག་མི་གཅད་པའི་ཞེ་ཐག་བཅད། ཕལ་ཆེར་དུས་ཚོད་ཅིག་གིས་སྔ་རོལ་ནས་བཟུང་ང་རང་ཤ་ཚོང་ཁང་གི་པང་གཅལ་སྟེང་ལྭ་བ་དང་ཉལ་ཐུལ། སྔས་མགོ་སོགས་ཅ་ལག་གང་བདོག་ཡོད་ཚད་ཀྱིས་རང་ཉིད་བསྐྱིལ་ནས།སྒོ་ཟོག་དེས་འཆི་ཁ་མར་ངག་ནས་ཕྱུང་བའི་སྨེ་ངག་གི་འཁུན་སྒྲ་དང་ན་ཟུག་གི་འོ་དོད་མི་ཐོས་པར་འབད་ཅི་ཐུབ་བྱས། ཀླ་ཀློ་དེ་དག་ཕྱོགས་བཞི་ནས་སེམས་ཅན་དེའི་སྟེང་རུབ་ཅིང་། རྣོ་ལྕགས་བཏབ་འདྲའི་སོ་ཕྲེང་གིས་ལུས་དྲོད་མ་ཡལ་བའི་དབུགས་ལྡན་དེའི་ཤ་དུམ་བུ་དུམ་བུ་བྱས་ནས་བཟའ་བཞིན་མཆིས། ཡོད་ཚད་ཞི་འཇགས་སུ་གནས་རྗེས། ང་ད་གཟོད་སྙིང་སྟོབས་ཆེར་བསྐྱེད་སྒོས་ཕྱི་རུ་ཆས་ཤིང་ཀླ་ཀློ་དག་ནི་ཆང་རྫའི་གམ་དུ་ཆང་གིས་རབ་སྨྱོས་པའི་ཆང་སྐྱ་འགའ་ནང་བཞིན་ཁྲག་གིས་བརྫིས་པའི་རུས་ཀོང་གི་གསེབ་ན་གཡས་འགྱེལ་གཡོན་ལོག་ཏུ་གནས།
   ཏག་ཏག་སྐབས་འདིར། ངས་རྒྱལ་བོ་རང་ཕོ་བྲང་གི་ཀླད་ཀྱི་སྒེའུ་ཁུང་ཞིག་གི་གམ་དུ་སྡོད་པ་མཐོང་། ནམ་རྒྱུན་ཁོང་གནས་དེར་མི་ཕེབས་པར་ཕོ་བྲང་ནང་རོལ་དུ་བཞུགས་མོད། ཡིན་ནའང་ཐེངས་འདིར་སྒེའུ་ཁུང་འགྲམ་དུ་བསྡད་ནས་དེ་རིང་ཕོ་བྲང་གི་མདུན་དུ་བྱུང་བའི་སྐྱོ་གར་གྱི་རྣམ་པ་འདི་མིག་གིས་གཟིགས་པ་ང་ལ་ཡིད་ཆེས་ཡོད།དོན་འདི་སླད་མར་ཅིི་ལྟ་བུ་ཞིག་ཏུ་འགྱུར་རམ། འབངས་ཡོངས་ཀྱིས་ཕན་ཚུན་གཅིག་གིས་གཅིག་ལ་བྲིས། ༼འོས་འགན་དང་མནར་གཅོད་འདིར་ང་ཚོས་བཟོད་བསྲན་བྱས་ཏེ་ནམ་ཞིག་རྫོགས་ངེས་ཡིན་ནམ།༽ ཀླ་ཀློ་དག་ལ་ངར་བསླངས་པས། ད་ནི་རང་ས་མ་མོ་བྲང་མགོ་འདྲ་བོ་ནས་ཕྱིར་སྐྲོད་གཏོང་ཐབས་མི་འདུག  གོང་མོའི་ཕོ་བྲང་གི་སྒོ་ཆེན་ནི་སྔར་བཞིན་ལྕགས་ཟྭས་མདུད་དེ་གཏན་བརྒྱག་བྱས་འདུག་ལ། སྔོན་གྱི་དུས་ན་གཟི་ཉམས་ཆེ་ཆེར་བདོག་པའི་ཕོ་བྲང་དུ་ཡར་འགྲོ་མར་ཕེབས་བགྱིད་པའི་སྲུང་དམག་དག་གིས་ལྕགས་ཀྱི་སྒེའུ་ཁུང་ནང་རོལ་སྲུང་ནས་བསྡད་འདུག  དེ་བས་ང་ཚོ་མགར་བཟོི་དང་ཚོང་ལས་ལ་གཞོལ་མཁན་དག་གིས་མེས་རྒྱལ་སྐྱོབ་པའི་ལས་འགན་རླབས་པོ་ཆེ་འདི་ཕྲག་ཏུ་བླངས་ལ། ཡིན་ནའང་འདི་ལྟ་བུའི་ལས་འགན་ང་ཚོས་ལྕོགས་ཐབས་མི་འདུག  ང་ཚོས་ཀྱང་རང་ཉིད་ཀྱི་ནུས་སྟོབས་ལ་ཚད་འདས་ཀྱི་བསྟོད་བསྔགས་སོགས་གཞི་ནས་བྱས་མྱོང་མེད། འདི་ནི་ཕལ་ཆེར་གོ་འཛོལ་ཐེབས་ཐེངས་ཤིག་རེད་མོད། ཡིན་ཡང་ང་ཚོས་འདི་ཉིད་རྩ་གཏོར་དུ་གཏང་ངེས།
                                           
   ※ ཁབ་ཁ།(Franz Kafka,1883་་7་་3—1924་་6་་3)དུས་རབས་ཉི་ཤུའི་ནང་འཛམ་གླིང་རྩོམ་སྟེགས་ལ་ཤུགས་ཆེན་ཆེ་བའི་རྩོམ་རིག་སྨྲ་བའི་ཁྱུ་མཆོག་ཅིག  ཁོང་གི་བརྩམས་ཆོས་ལ་༼འདྲི་གཅོད༽(Das Urteil)དང༼་གཟུགས་འགྱུར་ཟིན་ཐོ༽(Die Verwandlung)༼ཞིང་གྲོང་གི་སྨན་པ༽》(Ein Landarzt ) སོགས་ཡོད།
                                                                                (སེང་ཆེན་གྱིས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདས་དོན་གྱི་ཤོག་ལྷེ་ཞིག

2011-11-22 ཁབ་ཁ།༼ཨོ་ཟི་ཁྲི་རེ་ཡ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།