ས་ཟ་བའི་གཞོན་ནུ་མ།

     ལོ་ན་༡༩ལོན་པའི་གཞོན་ནུ་མ་ཞིག་བཟའ་བཏུང་རིགས་གང་ལའང་མངར་མེད་སྐྱུར་མེད་དུ་གྱུར་ཏེ་ང་ཚོའི་ཁ་ཟས་ལ་བྲོ་བ་ཡལ། རྒྱུ་མཚན་ནི་མོས་ས་ཟ་བར་ཤིན་ཏུ་དགའ་ཞིང་ཉིན་རེར་ཟ་ཐེངས་གསུམ་ངེས་ཅན་བྱེད་དགོས། དཔེར་ན་རྒྱུན་ལྡན་གྱི་མི་ཞིག་གིས་ཁ་ཟས་དང་བྲལ་མི་ཕོད་པ་ལྟར་མོ་ཡང་ས་དང་བྲལ་ཐབས་མེད།  ས་ལ་བྲོ་ལྡན་ཟས་མཆོག་ཏུ་སྣང་བའི་གཞོན་ནུ་མ་དེ་ནི་ནང་སོག་ནས་ཡིན་ཞིང་དངོས་མིང་ལ་དབུས་ཆེས་པ་ལ་ཆེས་ཆེས་དང་གཅེས་མིང་ལ་པོ་པོ་ཞེས་འབོད།  ཚན་རིག་དང་གསོ་རིག་གང་གིས་ཀྱང་འགྲེལ་བཤད་རྣལ་མ་ཞིག་མ་ཕོག་པའི་མོའི་ཐུན་མིན་གྱི་དགའ་ཕྱོགས་ལ་གསལ་བཤད་ཅིག་ཡོད་པ་ནི་མོས་ལོ་མང་སེམས་ཁོངས་སུ་ཉར་བའི་རེ་བ་ཉག་ཅིག་ཡིན།
 
    དེའི་རྐྱེན་གྱིས་ཟླ་༤པའི་ཚེས་༢༤ཉིན་པོ་པོ་ཡིས་གསར་འགོད་པ་དག་ལ་གསར་འགྱུར་སྡེ་ཁག་ཞིག་གི་བདག་རྐྱེན་ལ་བརྟེན་ནས་མོའི་དགའ་ཕྱོགས་འདི་ཇི་ལྟར་ཡིན་ཚུལ་གྱི་ལན་རྣལ་མ་ཞིག་འཚོལ་འདོད་ཀྱི་རེ་བ་ཤིན་ཏུ་ཆེ་ཞེས་བཤད་པ་དང་གལ་སྲིད་རྒྱ་ཆེ་མང་ཐོས་དག་ལ་པོ་པོ་ཡི་སོམ་ཉི་སེལ་བྱེད་ཀྱི་ལན་ཞིག་ཡོད་ན་ཨང་གྲངས་འདིའི་སྟེང་དུ་༦༥༨༨༣༠༠༠༠འབྲེལ་བ་གནངས་ཏེ་པོ་པོ་ཡི་མི་ཤེས་པའི་འདུད་བརྒྱ་བཀྲོལ་རོགས་ཤེས་རེ་འབོད་བྱས།པོ་པོ་སྐྱེས་ནས་ལོ་བདུན་བར་རྒྱུན་ལྡན་གྱིམི་བུ་ལྟར་ས་ཟ་མ་མྱོང་། ཡིན་ནའང་ལོ་བདུན་ལོན་པའི་ཉིན་ཞིག་ལ་གློ་བུར་དུ་རིན་གོང་མི་དགོས་པའི་རོ་བརྒྱ་ཟས་མཆོག་རྙེད་པ་རེད།པོ་པོ་བཤད་པ། ང་ཆུང་ཆུང་དུས་སུ་ཆུ་འགྲམ་ནས་རྩེ་མོ་རྩེ་འདུག་པའི་སྐབས་ཤིག་ལ་ས་ཟ་འདོད་ཀྱི་ཀུན་སློང་ཤུགས་དྲག་པོར་སྐྱེས་ནས་ང་བཟོད་མ་ཐུབ་པར་ཁམ་གང་ཟོས་པ་ཡིན། ཨ་ངོ་མཚར་བ་ཞིག་ནི། ས་ནི་ཆེས་ཞིམ་མངར་དང་ལྡན་པ་ཞིག་རེད་འདུག་དེ་ཉིན་ནས་བཟུང་ཏེ་ངས་ལྟོགས་པ་སངས་ཕྱིར་ནམ་རྒྱུན་ཁུག་མའི་ནང་དུ་ས་ཉུང་ཙམ་བླུགས་ནས་འགྲོ་བ་ཡིན།ས་ཟོས་ནས་ལོ་གཅིག་འགོར་རྗེས་ངས་ཟ་གྲངས་མང་བའི་རྐྱེན་གྱིས་སྐབས་ཤིག་ལ་ཕ་མ་གཉིས་ཀྱིས་མཐོང་ནས་ཧ་ལས་ཧང་སངས་ཏེ་དེ་མ་ཐག་ཏུ་སྨན་ཁང་ནང་དུ་ཁྲིད།  རྟགས་དཔྱད་མ་བྱས་གོང་དུ་སྨན་པས་འཚོ་བཅུད་སོོགས་གང་རུང་མ་འདང་བ་ཡིན་ཚོད་རེད་ཅེས་བཤད་ཀྱང་རྟགས་དཔྱད་བྱས་རྗེས་ལུས་ཁམས་འབྱུང་བཞི་སོགས་ཐམས་ཅད་བདེ་ཞིང་འཚམས་པོར་འཆིས། ཡིན་ནའང་ཕ་མ་གཉིས་ངའི་ཐུན་མིན་གྱི་དགའ་ཕྱོགས་ལ་མ་མོས་པས་སློབ་གྲོགས་དང་དགེ་རྒན་དག་ལ་མངག་གཏམ་ཞུས་ཏེ་ས་ཟ་བར་བཙན་བཀག་བྱས། བཀག་ཀྱང་ང་ལ་ས་མ་གཏོགས་བྲོ་ལྡན་གྱི་ཟས་མཆོག་མེད་པས་ཐ་ན་བསང་སྤྱོད་ཁང་དང་གད་སྙིགས་འདོར་གནས་སོགས་ནས་རྐུ་ཟ་བྱེད་པ་ནི་རྒྱུན་ལྡན་ཡིན།  རིམ་གྱིས་ནར་སོན་བཞིན་ངས་ཟ་མ་ཟ་དགོས་པ་མ་ཟད་ས་ཡང་ཟ་དགོས། ཉིན་རེ་ཉུང་མཐའ་སྲང་གཉིས་གསུམ་ཟ་དགོས། མང་དུས་རྒྱ་མ་གཉིས་གསུམ། མ་ཟོས་ན་གཉིད་མི་ཁུག། ཁམས་མི་དྭངས། ལྟོགས་པའི་སྣང་བ་འཆར་རྒྱུ་སོགས་སྐྱོན་མང་དུ་མཐོང་བས་ཕ་མས་ཀྱང་བཀག་འགོག་མ་བྱས། ཆ་སྙོམས་ཉིན་རེ་སྲང་༧རེ་རྩིས་ན་ལོ་༡༡གི་རིང་ལ་རྒྱ་མ་༣༠༠༠ལ་ཉེ་བ་ཟོས་ཡོད་པ་འདྲ། ས་ཡོད་ཚད་ཡང་དེ་ཙམ་བྲོ་བ་ཞིམ་པོ་མི་འདུག་དཔེར་ན་རླན་ཚད་ལྡན་པའི་ས་དང་ཁ་དོག་ནག་པོ་ཅན་སོགས་དེ་བཞིན་དུ་ཞིང་སྨན་གྱིས་ལྷད་པའི་གྲོང་ཁྱེར་ནང་གི་ཞིང་ས་རྣམས་ལྟ་ཅི་སྨོས།ངས་ཤིན་ཏུ་ཟ་འདོད་པ་ནི་ས་ཡི་རང་མདོག་སེར་ཁ་ཐོན་ལ་ས་རྒྱུ་སྲབ་པའི་ས་དཔེར་ན་གྲོ་ལྟ་བུ་ས་ཕྱེ་སྐམ་པོ་དེ་ཡིན།  གྲོང་སྲིབ་ཀྱི་ལ་ལུང་གཙང་མ་སོགས་ནས་མ་གཏོགས་གྲོང་ཁྱེར་ནང་ནས་ཞིང་སྨན་དང་ལུད་ཡང་ན་རྫས་འགྱུར་རིགས་སོགས་ཀྱིས་ལྷད་དེ་རོ་མཆོག་གི་ས་གཙང་མ་ཤིན་ཏུ་དཀོན་ཟེར།
 
     ཡང་དགོད་ཤོར་བའི་གཏམ་ཞིག་བཤད་ན། ༢༠༠༤ལོར་པོ་པོ་གྲོང་སྲིབ་ཀྱི་ཡུལ་ཚོ་ཞིག་ལ་ཕྱིན་ནས་ས་ཁང་རྙིང་བ་ཞིག་གི་རྒྱབ་ངོས་སུ་མོས་ཆེས་ཟ་བར་འདོད་པའི་སེར་ཁ་ཐོན་པའི་ས་མཐོང་དུས་ལམ་སང་དེར་རྒྱུགས་ཏེ་གྱང་ངོས་ནས་ས་བརྐོས། རྐོ་བཞིན་སྐབས་ཁང་བདག་གིས་མཐོང་འགྲོ་བར་སུས་ཤེས། སྐྱེས་པ་ཞིག་པོ་པོའི་ཕྱོགས་སུ་རྒྱུག་བཞིན་རྐུ་མ་ཟེར་ཞོར་པོ་པོ་བཟུང་ཏེ་སྤྱི་བདེ་ལས་ཁུངས་སུ་འགྲོ་ཟེར།  པོ་པོས་ང་རྐུ་མ་མིན་ངས་ས་ཟ་རྒྱུ་བརྐོས་པ་ཡིན་ཞེས་བཤད་དུས་ཁང་བདག་གིས་རྫུན་སྨྲ་མི་ཤེས་པའི་བཻས་པ་ཟེར་ནས་ལྷག་ཏུ་ཡིད་མ་ཆེས།  པོ་པོས་ཅི་བཤད་མེད་པས་མྱུར་མགྱོགས་ཀྱི་ངང་ནས་ཟ་ཁམ་གང་ཟོས་ནས་ཅི་འདྲ་ཞིམ་པ་ལ་ཟེར།  དེ་ནས་ཁང་བདག་དེ་ཡུན་རིང་དུ་མིག་ཟུང་པོ་པོ་ལ་ཧ་རེེར་ཅེར་ནས་ཅི་བྱ་གཏོར་མེད་དུ་གྱུར།དེ་ནས་པོ་པོས་ཅི་ཡང་བཤད་མ་དགོས་པར་ས་ཅུང་ཟད་ཁྱེར་ཏེ་ཁྱིམ་དུ་ལོག ཡང་པོ་པོའི་ལས་རོགས་གཤོ་ལོས་ཀྱིས་ཐེངས་ཤིག་ལ་པོ་པོས་ཞིམ་ཞིམ་སྣག་སྣག་གི་ངང་ནས་ས་ཟ་བར་མཐོང་དུས་མོས་ཀྱང་ཅུང་ཟད་ཟོས་པས་ན། ས་ནི་ས་རང་ཡིན་པས་བྲོ་བ་ཅུང་ཙམ་ཡང་མ་ཚོལ་བར་མ་ཟད་དུས་ཚོད་གཅིག་གཉིས་འགོར་རྗེས་བློ་སེམས་ལྗིད་ཏིག་ཏིག་ཏུ་གྱུར་ཏེ། སྤྲི་གོར་ཟ་ཆེ་སོང་བ་ལྟར་ཁམས་མ་དྭངས་ཤེས་བཤད།
      ཡང་པོ་པོའི་དགའ་རོགས་གཤོ་ཕིས་ཀྱིས་བཤད་པ། མོས་ཟ་མ་མ་ཟོས་ན་ཆོག་ཀྱང་ས་མ་ཟོས་ན་གཏན་ནས་མི་ཆོག ང་ཁྱིམ་ནས་ཐེངས་རེར་ཡོང་དུས་ས་ཁྱེར་མེད་ན་ཁྲོ་ཡོང་བར་ཐེ་ཚོམ་མེད། ངའི་གྲོགས་པོ་དག་གིས་ང་ལ་རྩེད་གཏམ་གྱི་ཚུལ་དུ་པོ་པོ་དགའ་རོགས་རྩལ་བ་ནི་རྒྱུ་ནོར་བསོག་པའི་ཐབས་མཁས་རེད་ཅེས་ཟེར། 
                                        ༢༠༡༠ལོའི་ཟླ་༧པའི་ཚེས་༥ཉིན་མེ་ཞགས་ཀྱིས་རྔ་བ་ནས་བསྒྱུར།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།