མིང་མེད།


བདག་ཉིན་བཞིན་ལམ་བུ་མི་འདྲ་བ་དག་ལ་བཞུགས
སྐབས་རེ་རེར
ནགས་གསེང་གི་སྤངས་ཐོག་ཅིག་ཏུ་འབྱོར
ལན་རེར   ཆུ་མགོའི་འགྲམ་དུ་སླེབས
མཚམས་རེར    སེ་དྲེགས་ཆགས་པའི་བྲག་རི་རྩེ་མོར་འཛེགས
རི་རྩེ་ནས་ཐག་རིང་གི་བྱང་ཐང་ལ་བལྟས
ཡིན་ནའང   མཛེས་སྡུག་གི་མི་ལགས
ཉི་འོད་ཁྲོད་ཁྱོད་མཐོང་ཐབས་མི་འདུག

བསིལ་རླུང་ཁྲོད་དུ་སྐད་ཆ་དག་མེད་པར་གྱུར
སྔོན་ཆད་ང་རང་ངག་འཇམ་གྱི་ཚིག་ལ་འགྲོགས་མྱོང

ཁྱོད་ཐག་རིང་དུ་ལོག་ཟིན    བདེ་སྐྱིད་ལྡན་པའི་བཞིན་རིས
ཁྱོད་ཀྱི་ཚེ་སྲོག་གི་དྲི་ཟའི་རོལ་མོ་ཆད་པ་ནས
ངས་གཏན་དུ་མི་ཐོས་པར་གྱུར

ཁྱོད་རང་ཚོའི་ཆེད་དུ་འཇམ་ཐིང་ཐིང་དུ་གྱུར་བ་ནི
ཡིད་དབང་འགུགས་པའི་གླུ་གཞས་ཏེ
སྔོན་ཆད་ལྷའི་དབང་བོའི་ལྷིང་འཇགས་ཀྱིས
བདག་གི་སེམས་ཀྱི་གླུ་གཞས་གཏོང་བར་སེམས་གསོ་བྱས

རྒྱང་ཐག་རིང་སྟེ   ཅི་འདྲའི་རྒྱང་ཐག་རིང་བ་ལ
ལང་ཚོ་གཞི་ནས་རྒས་འདུག
ཐ་ན་དང་ཐོག་བདག་ལ་བརྩེ་བའི་འཛུམ་མདངས་ངོམས་པའི
ས་ཆེན་པོའི་བཞིན་རིས་ཀྱང་འགྱུར་འདུག

ཀྱི་ཧུད
བདག་གི་རྣམ་ཤེས་ཉིན་བཞིན་ཁྱོད་ལ་བཀྱེད་འགྲོ
ཡང་བསྐྱར་ཁྱོད་ཀྱི་འཁྲིས་སུ་ལོག་སྟེ
བདག་གི་མིག་ཟུང་ཁྱོད་ཀྱི་ཆེད་དུ་ངུ་ཞིང
སླར་ཡང་དེ་ཉིད་འོད་ཆེམ་ཆེམ་དུ
ཁྱོད་རང་གཏན་དུ་འགྲེངས་པའི་གནས་དེར་ཕྱོགས་སོང
                 ༼སྒྱུར་མཁན།   གངས།༽
                 ༢༠༡༡་་་༡༠་་་༥ཉིན་ལན་གྲུ་ནས་བསྒྱུར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིང་མེད།

2011-10-08 ཧིར་དྷི་ལེན། ཀློག་གྲངས། མཆན ཡོད།


བདག་ཉིན་བཞིན་ལམ་བུ་མི་འདྲ་བ་དག་ལ་བཞུགས
སྐབས་རེ་རེར
ནགས་གསེང་གི་སྤངས་ཐོག་ཅིག་ཏུ་འབྱོར
ལན་རེར   ཆུ་མགོའི་འགྲམ་དུ་སླེབས
མཚམས་རེར    སེ་དྲེགས་ཆགས་པའི་བྲག་རི་རྩེ་མོར་འཛེགས
རི་རྩེ་ནས་ཐག་རིང་གི་བྱང་ཐང་ལ་བལྟས
ཡིན་ནའང   མཛེས་སྡུག་གི་མི་ལགས
ཉི་འོད་ཁྲོད་ཁྱོད་མཐོང་ཐབས་མི་འདུག

བསིལ་རླུང་ཁྲོད་དུ་སྐད་ཆ་དག་མེད་པར་གྱུར
སྔོན་ཆད་ང་རང་ངག་འཇམ་གྱི་ཚིག་ལ་འགྲོགས་མྱོང

ཁྱོད་ཐག་རིང་དུ་ལོག་ཟིན    བདེ་སྐྱིད་ལྡན་པའི་བཞིན་རིས
ཁྱོད་ཀྱི་ཚེ་སྲོག་གི་དྲི་ཟའི་རོལ་མོ་ཆད་པ་ནས
ངས་གཏན་དུ་མི་ཐོས་པར་གྱུར

ཁྱོད་རང་ཚོའི་ཆེད་དུ་འཇམ་ཐིང་ཐིང་དུ་གྱུར་བ་ནི
ཡིད་དབང་འགུགས་པའི་གླུ་གཞས་ཏེ
སྔོན་ཆད་ལྷའི་དབང་བོའི་ལྷིང་འཇགས་ཀྱིས
བདག་གི་སེམས་ཀྱི་གླུ་གཞས་གཏོང་བར་སེམས་གསོ་བྱས

རྒྱང་ཐག་རིང་སྟེ   ཅི་འདྲའི་རྒྱང་ཐག་རིང་བ་ལ
ལང་ཚོ་གཞི་ནས་རྒས་འདུག
ཐ་ན་དང་ཐོག་བདག་ལ་བརྩེ་བའི་འཛུམ་མདངས་ངོམས་པའི
ས་ཆེན་པོའི་བཞིན་རིས་ཀྱང་འགྱུར་འདུག

ཀྱི་ཧུད
བདག་གི་རྣམ་ཤེས་ཉིན་བཞིན་ཁྱོད་ལ་བཀྱེད་འགྲོ
ཡང་བསྐྱར་ཁྱོད་ཀྱི་འཁྲིས་སུ་ལོག་སྟེ
བདག་གི་མིག་ཟུང་ཁྱོད་ཀྱི་ཆེད་དུ་ངུ་ཞིང
སླར་ཡང་དེ་ཉིད་འོད་ཆེམ་ཆེམ་དུ
ཁྱོད་རང་གཏན་དུ་འགྲེངས་པའི་གནས་དེར་ཕྱོགས་སོང
                 ༼སྒྱུར་མཁན།   གངས།༽
                 ༢༠༡༡་་་༡༠་་་༥ཉིན་ལན་གྲུ་ནས་བསྒྱུར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།