ཧའེ་ཛིའི་སྙན་ངག་ཁག་བཞི།

     ༼སྤྲིན་པ༽
བོད་ལྗོངས་ཀྱི་གྲོང་ཚོ།
ངོ་མཚར་གྱི་གྲོང་ཚོ།
ཡིད་སྐྱོ་བའི་གྲོང་ཚོ།
ཁྱོད་ལམ་ནང་དུ་ཉལ་དུས།
ཁྱོད་ཀྱི་མག་པ་དེ།
སྤྲོ་ཐུང་ཞིག་ཡིན་ནམ།
ངོ་མཚར་བའི་གྲོང་ཚོ།
སེམས་སྐྱོ་བའི་གྲོང་ཚོ།
ཁྱོད་ལ་བྱིས་པ་དུ་སྐྱེས་སོང་།
བུ་མོ་ག་ཚོ་ཐག་རིང་དུ་གནའ་མར་བུད་སོང་།
ངོ་མཚར་བའི་གྲོང་ཚོ།
སྡུག་བསྔལ་བའི་གྲོང་ཚོ།
 
དར་ལྕོག་གཡུགས་པའི་སྒྲ་གྲག་ཚེ།
ཁྱོད་ནི་འཚོ་སྡོད་བྱེད་པའི་མི་མེད་ཀྱི་གྲོང་ཚོ་དང་ཀུན་ནས་མཚུངས།
དཀར་སེར་དམར་ལྗང་གི་དར་ལྕོག་རྨས་སྐྱོན་ཤོར་བའི་ངའི་སྐྲ་ལོ་བཞིན་རླུང་འགྲོས་དང་
ལྷན་དུ་སྐྱོད་དུས།

བོད་པ་རྣམས་ཁང་འོག་ཏུ་གཉིད་ལ་ཡུར་དུས།

ཉེ་འཁོར་གྱི་གྱང་ངོས་ནི་སྙིང་རྗེ་ཅན་གྱི་ལྷ་རིས་ཀྱིས་གང་དུས།

                       ༡༩༨༦ལོའི་ཟླ་༡༢པའི་ཚེས་༡༥ཉིན་ཧའེ་ཛི་ཡིས་བྲིས།
                            ༢༠༡༡ལོའི་ཟླ་༩པའི་ཚེས་༢༣ཉིན་མེ་ཞགས་ཀྱིས་བསྒྱུར།
 
             ༼བོད་ལྗོངས།༽
ང་ཚོའི་རི་གྲོང་ན་ལོག་འགྲོ།
གྲང་ཞིང་སྟོང་བའི་མཐོ་སྒང་གི་ལྷ་ཚོགས་ཀྱི་མེ་འོད།
          ༡༩༨༧ལོར་ཧའེ་ཛི་ཡིས་བྲིས།

བོད་ལྗོངས།  རྡོ་ལེབ་ཁེར་རྐྱང་ཞིག་གི་སྟེང་དུ་ནམ་མཁའ་གང་བོར་བསྡད་ཡོད།
མཚན་མོ་གང་གིས་ཀྱང་ང་གཉིད་མ་བཅུག
སྐྱ་རེངས་གང་གིས་ཀྱང་ང་སད་མ་བཅུག
 
རྡོ་ལེབ་ཁེར་རྐྱང་ཞིག་གི་སྟེང་དུ་ནམ་མཁའ་གང་བོར་བསྡད་ཡོད།
ཁོས་བཤད་པ། ལོ་ངོ་སྟོང་གི་ནང་ནས་ང་ང་གཅིག་པུ་ལ་དགའ།
 
མིག་ཆུ་གང་གིས་ཀྱང་ང་མེ་ཏོག་ཏུ་མ་བསྒྱུར།
རྒྱལ་པོ་གང་གིས་ཀྱང་ང་རྒྱལ་ཁྲི་རུ་མ་བྱས།
      ༡༩༨༩ལོའི་ཟླ་༨པར་ཧའེ་ཛི་ཡིས་བྲིས།

    ༼ཞི་བདེའི་རྒྱ་མཚོར་སྤྲིང་བ།༽
 ངའི་གཉེན་སྟོན་གྱིས་ཞི་བདེའི་རྒྱ་མཚོ་དམར་པོར་བསྒྱུར།
ངའི་བག་མ་ནི་ཞི་བདེའི་རྒྱ་མཚོ་ཡིན།
དེར་མ་ཟད་ཡ་གླིང་ཡང་སྐྱོ་ཞིང་ཁུ་སིམ་དུ་གནས་པའི་ངའི་བག་མ་ཡིན།
སྐྱོ་ཤས་ཅན་གྱི་དཀོན་མཆོག་གི་བག་མ།  ཁྱོའི་ཁྲག་གིས་དམར་པོ་བྱས།
ནམ་མཁའ།  ཁྱོའི་ནང་རོལ་གྱི་ཁེར་རྐྱང་གི་རྒྱ་མཚོ།
ཁྱོའི་མཛེས་ཤིང་སྡུག་པའི་སྐྲ་ལོ་དེ།
ཞི་བདེའི་རྒྱ་མཚོ་ཡི་ས་སྲོས་དང་མཚུངས།
        ༡༩༨༩ལོའི་ཟླ་༢པར་ཧའེ་ཛི་ཡིས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཧའེ་ཛིའི་སྙན་ངག་ཁག་བཞི།

2011-10-01 ཧའེ་ཛི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།