གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་ཚོད་ནི་སྒོར་མོ་ལས་ཀྱང་རྩ་ཆེ་བ་ཞིག་རེད།

2011-09-03 10:21:00 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

   ཡུས་ཐེ་མི་ལ་མཚོན་ན་དུས་ཚོད་ནི་ཚོང་ཟོག་རེད།ཡུས་ཐེ་བས་ཉོ་ཚོང་ཁྲོད་ན་ཆེས་མེད་དུ་མི་རུང་པ་ནི་དུས་ཚོད་འཕྲོ་བརླག་མ་བྱེད་ཅེས་པ་དེ་རེད་ལ།ཡེས་ཐེ་མི་ཡིས་བསམ་ན་དུས་ཚོད་ནི་ཚད་ཡོད་ཅིག་དང་སྒོར་མོ་ནི་ཚད་མེད་ཅིག་ཏུ་དགོངས་ཤིང་།ཚད་ཡོད་ཀྱི་དུས་ཚོད་བཀོལ་ནས་ཚད་མེད་ཀྱི་རྒྱུ་ནོམ་དང་སྒོར་མོ་ལ་བསྙེག་ན་མཐའ་མཇུག་དུས་ཚོད་དང་སྒོར་མོ་གཉིས་ཀྱིས་རྡོག་ཕྲེས་བསྐྲུན་པ་རེད།དེར་བརྟེན་སྒོར་མོ་ནི་བསོག་ཉར་བགྱི་ཆོག་ལ་ཚོང་ཟོག་ཀྱང་བསྐྲུན་ཆོག་མོད།འོན་ཀྱང་དུས་ཚོད་ནི་བསྐྱར་དུ་ཡོང་མི་སྲིད་པས།དུས་ཚོད་ནི་ཚོང་ཟོག་དང་སྒོར་མོ་ལས་ཀྱང་གལ་ཆེ་ཤོས་དེ་རེད།ཨ་རིའི་ཉིའུ་ཡོ་ནས་ཝ་བྷེ་ཨིར་ཟེར་བ་ཞིག་གིས་ལག་འདོགས་ཆུ་ཚོད་ཅིག་བཏགས་འདུག་ལ་ཆུ་ཚོད་ཀྱི་རྒྱབ་ཏུ་(དུས་ཚོད་ལ་གཅེས་སྤྲས་བགྱི་དགོས་ཞེས་གསེར་འོད་འཁྱུག་པའི་ཡིག་འབྲུ་བརྐོས་འདུག  སློབ་དཔོན་ཆེན་མོ་གཞན་ཞིག་གིས་ཝ་བྷེ་ཨིར་གྱི་ལག་འདོག་ཆུ་ཚོད་དེ་ཁྱེར་ནས་སློབ་མ་ཚོར་བསྟན་མོད།འོན་ཀྱང་སློབ་མ་ཚོར་མཚར་སྣང་ཅི་ཡང་མེད་ལ་ཆུ་ཚོད་དེ་ནི་སྤྱིར་བཏང་གི་ནོམ་པ་ཙམ་ཡིན་པས་རྣམ་འགྱུར་བསྟན།     སྐབས་དེར་ཝ་བྷེ་ཨིར་གྱིས་ཨ་རི་ལ་མཚོན་ན་འདི་ལྟ་བུའི་གཏམ་དཔེ་ཞིག་ཡོད་པ་རེད།དུས་ཚོད་ནི་སྒོར་མོ་ཡིན་ཞེས་པ་རེད།ཡིན་ནའང་ངས་བསམ་ན་འདི་ལྟ་བུའི་གཏམ་དཔེ་དང་བཤད་རྒྱུན་ནི་ཅུང་འཐུས་ཚང་ཞིག་མ་ཡིན་དེ།རྒྱུ་མཚན་འདི་སྟ་བུའི་སྐད་ཆས་མི་རྣམས་ལ་མགོ་སྐོར་གཏོང་སླ་བོ་རེད།གལ་ཏེ་དུས་ཚོད་ནི་སྒོར་མོ་རེད་ཟེར་ན།ང་ཚོའི་བློ་ཡུལ་ནས་བྱ་བ་གཉིས་ཁྲུན་ཐག་གཅོད་བཏུབ།གཅིག་ནི་དུས་ཚོད་ཇི་ལྟར་བཀོལ་མི་ཤེས་པའི་མི་དང་།གཞན་ཞིག་ནི་སྒོར་མོ་ཇི་ལྟར་སྤྱོད་མི་ཤེས་པའི་མི་དེ་རེད།འོན་ཀྱང་།རིན་ཐང་གི་ངོས་ནས་བཤད་ན་དུས་ཚོད་ནི་སྒོར་མོ་ལས་ཀྱང་རིན་ཐང་ཆེ་བ་རེད།སྒོར་མོ་ནི་བསོག་ཉར་བགྱི་ཆོག་པ་དང་དུས་ཚོད་ནི་ནམ་ཡང་འཁོར་མཚམས་འཇོག་མི་སྲིད་ལ།དུས་ཚོད་སོང་རྗེས་ཕྱིར་གཏན་ནས་ཡོང་མི་སྲིད་པས།དེ་བས་དུས་ཚོད་ནི་སྒོར་མོ་ཡིན།ཞེས་པ་ལས་དུས་ཚོད་ནི་ཚེ་སྲོག་རེད་ཅེས་པར་བསྒྱུར་ན་ཤིན་ཏུ་འོས་མཚམས་ཤིག་རེད་ལ།ཡང་ན་དུས་ཚོད་ནི་མི་ཚེ་རེད་ཅེས་བརྗོད་ན་འགྲིག་གི་འདོད།ཝ་བྷེ་ཨིར་གྱིས་འདི་ལྟར་ཟབ་ནན་གྱིས་གསལ་བཤད་ཅིག་བྱས་ཚར་རྗེས།སློབ་མ་ཚོས་ཅི་ཞིག་རྟོགས་སོང་འདྲ་བར་ཁ་རོག་ལ་དགོངས་འདུག
                          (སྲིན་པོས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།