གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱིན་ཡིག་སློབ་པ།

2011-08-03 14:57:00 གྷན་རྡི། ཀློག་གྲངས། མཆན ཡོད།


  ཁེ་ལས་དང་ཆབ་སྲིད་ཀྱི་མཁོ་སྙེག་གི་རྐྱེན་པས།   ཁ་སང་དེ་རིང་དབྱིན་ཡིག་ལ་མང་མང་གིས་སྦྱངས་བརྩོན་བྱེད་ཀྱིན་ཡོད་པ་རེད།    སྐྱེས་བ་བུ་ཚོ་ལ་འདི་འདྲའི་བསམ་ཚུལ་ཤིག་གདའ་སྟེ། དེང་གི་སྤྱི་ཚོགས་འདི་ནས་དབྱིན་ཡིག་དང་ཁ་གྱེས་ཚེ།    གཞུང་གི་རྐུབ་སྟེགས་ཤིག་རག་རྒྱུ་ དང་ཟ་མ་ཞིག་བཟའ་རྒྱུ་ནི་སྟོང་བསམ་དུ་སྙམ་བཞིན་ཡོད།       ད་དུང་སྐྱེས་མ་མོ་ཚོས་ཀྱང་འདི་ ལྟར་བསམ་བཞིན་ཡོད་དེ།    དབྱིན་ཡིག་ལ་སྦྱངས་བརྩོན་བྱེད་པ་ནི་གཉེན་སྒྲིག་གི་ལག་ཁྱེར་ ལྟ་བུ་ཞིག་ལ་སྣང་བཞིན་ཡོད་པ་རེད།      ངས་དཔེ་མཚོན་ཅན་གྱི་བུད་མེད་རེ་ཟུང་ཤེས་ ཀྱིན་ཡོད།   ཁོ་མོ་ཚོས་དབྱིན་ཡིག་ལ་སློབ་གཉེར་གྱི་འདུན་པ་དེའི་ཕུགས་ཀྱི་དམིགས་དོན་ནི། དབྱིན་ཇི་དང་མཉམ་དུ་དབྱིན་ཡིག་ནས་ཁ་བརྡ་བྱེད་པ་དེ་རེད།       ངས་ཁྱོ་ག་ཁ་ཤས་ཀྱང་ ངོ་ཤེས་ཀྱིན་ཡོད།          ཁོ་ཚོ་ལ་འདི་འདྲའི་ནོངས་ཤིག་དང་སྐྱེངས་པ་ཤིག་མཆིས་ཏེ། རང་ཉིད་ཀྱི་བཟའ་ཟླས་རང་ཉིད་ལ་སྨྲ་བ་ཆད་དེ།      དབྱིན་ཇི་དང་འགྲོགས་བཞིན་ཡོད་པ་ དེ་རེད།  ངས་ཁྱིམ་ཚང་ཁ་ཤས་ཀྱང་ཧ་གོ་ཡོད།      ཁོ་ཚོའི་རང་ཁྱིམ་ན་དབྱིན་ཡིག་ནི་ཕ་སྐད་ ལྟ་བུ་ལ་གྱུར་ཡོད་པ་དེ་རེད།     གཞོན་སྐྱེས་མང་པོ་ཞིག་གིས་འདི་ལྟར་ཡིད་ཆེས་བྱེད་ཀྱིན་ གདའ་སྟེ །  དབྱིན་ཡིག་གི་ཤེས་བྱ་ཡོན་ཏན་དང་ཁ་བྲལ་ཚེ། རྒྱ་གར་ལ་རང་བཙན་ཐོབ་རྒྱུ་ནི་ཕ་རིའི་སྤང་རྒྱན་དང་སྨུག་རྒྱུ་གྲོང་ཁྱེར་ལྟ་བུ་ལ་འདོད་བཞིན་ཡོད་པ་དེ་རེད །   ད་དུང་ལས་དོན་ཆེ་མ་ཆུང་གསུམ་ཅི་ཡིན་ཡང་།      ཤེས་ཡིན་དང་སློབ་གསོ་ཟེར་ན། དབྱིན་ཡིག་གི་ཤེས་བྱ་ཡོན་ཏན་ཁོ་ན་ལ་བརྗོད་པ་ཡིན།  སྣང་ཚུལ་འདི་དག་ང་ལ་མཚོན་ན།  ང་ཚོའི་བྲན་གཤིས་ཀྱི་རྟགས་མཚན་ཤིག་དང་བརྩི་མཐོང་བརླག་པའི་ མཚན་མ་རང་རེད། དེ་བས།    ང་རང་གིས་ཆེས་བཟོད་པར་དཀའ་བ་ནི་རང་རེའི་སྐད་དང་ཡི་གེ་ལྟོས་ལྟོས་རིག་རིག་ལ་ཤེལ་གྱི་ཕོར་བ་ལྟར་ཆག་ཀྲུམ་ཐེབས་འགྲོ་བ་དང་། བཀྲེས་སྐོམ་གྱིས་མནར་བའི་སློང་མོ་བ་ལྟར་འཆི་ལ་ཉེ་ཚུལ་དེ་ཡིན་པ་དང་།  བཟོད་བསྲན་ གཏིང་ནས་བྱེད་མི་ཐུབ་པ་དེ་ཡང་ཕ་མས་རང་ཉིད་ཀྱི་བུ་ཕྲུག་དང་ཁྱོ་གས་རང་ཉིད་ཀྱི་བཟའ་ཟླ་ལ་རང་སྐད་ཡིག་གི་ཐོག་ནས་འབྲི་ཀློག་བཤད་གསུམ་མི་བྱེད་པར་དབྱིན་ཡིག་ནས་བྱེད་པ་དེ་རེད་ཨང་།  
 ངས་རང་ཉིད་ཀྱི་ཁང་པ་ཕྱོགས་སུ་གཡོན་ཏེ།  སྒེའུ་ཁུང་ལ་གོད་ཆག་བྱུང་ན་མི་སྙམ།        ངས་རང་ས་རང་ཡུལ་གྱི་ལེགས་བྱང་གི་རླུང་བུ་རང་ཁྱིམ་ནས་རང་དབང་གིས་ ལྡིང་ན་བསམ།  འོན་ཀྱང་སུ་ཞིག་གིས་རང་ཉིད་ཀྱི་རྐང་པ་ཐུར་ཏུ་གཡུགས་པར་བྱེད་པ་ལ་ངས་ཤུགས་ཀྱིས་ རྒྱབ་གཏོད་ཁོ་ཐག་ཡིན།   གཞན་གྱི་ཁང་པ་ནས་བྲན་ཁོལ་དང་སྤྲང་བོ་ལྟར་འཚོ་བ་ལ་ཡང་ངས་ཤུགས་ཀྱིས་རྒྱབ་གཏོད་ཁོ་ཐག་ཡིན།  ད་དུང་འཕྲེལ་དང་སྐབས་ ཀྱི་ཁེ་ཕོག་ཁོ་ནའི་ཆེད་དུ་མི་འདོད་བཞིན་དུ་ངའི་མིང་སྲིང་ཚོར་བཙན་གྱིས་དབྱིན་ཡིག་སྦྱང་དུ་སྐུལ་བ་ དེར་ངས་ཤུགས་ཀྱི་རྒྱབ་གཏོད་ཁོ་ཐག་ཡིན།  ང་ལ་གཞོན་སྐྱེས་ཀྱི་བུ་དང་བུ་མོ། ཁོ་རང་ཚོས་ཡིག་ཚོགས་ཀྱི་རོ་བྲོ་ཚོར་བ་དང་བསྡོངས།  རང་ཉིད་ཀྱི་ཁམས་དང་མོས་བ་ལྟར། དབྱིན་ཡིག་སྦྱངས་བ་དང་སྐད་རིགས་གཞན་ལ་སྦྱངས་བ།    ད་དུང་པོ་སེ་<Bose>དང་    རོ་ཡ་<Roy>ཐེ་གོར<togore>ལྟར་མེས་རྒྱལ་དང་འཛམ་གླིང་ལ་རྔོ་ཐོགས་དང་སྲི་ཞུ་སྒྲུབ་མཁན་ཡོད་ན་ཤིན་ཏུ་བསམ།འོན་ཀྱང་། ང་ལ་ཕ་སྐད་སེམས་ནས་བརྗེད་སོང་བ་དང་ཡིད་ནས་སྣང་མེད་དུ་བཏང་བ།  ཕ་སྐད་ལབ་ན་ངོ་གནོང་མཁན་དག་ནི་གཅིག་ཀྱང་མེད་ན་སྙམ། ད་དུང་བུ་དང་བུ་མོ་སུ་ཡིན་ཡང་རང་ཉིད་ཀྱི་གསེར་ལྟ་བུའི་བསམ་བློ་དེ། རང་སྐད་ཡིག་གི་ སྣོད་ལ་བརྟེན་ནས་བཏོན་མི་ཐུབ་མཁན་ཡང་གཅིག་ཀྱང་མེད་ན་བསམ།   ང་ནི་ཆོས་དུག་གི་ཁང་པ་ཞིག་ལ་སྨྲ་མཁན་ཞིག་མིན།      ཁང་བ་ཞིག་ཡོད་པ་དེ་ནི་དཀོན་ཆོག་གི་མཛད་པ་ཆུང་ངུ་ཙམ་དེ་ཡིན      །དེ་ཡིས་རིགས་རུས་ཀྱི་མཐོ་དམན་དང་ཆོས་ལུགས་ཀྱི་ཕྱོགས་ཞན། ཤ་མདོག་གི་དཀར་ནག་གི་དབྱེ་འབྱེད་ལ་ཤུགས་ཀྱིས་རྒོལ་བ་དེའོ།
                                                                                  (གྷནརྡི་ཡིས་ཆེད་དུ་སློབ་མའི་ཚོགས་ལ་གཏད་པའི་ལྗགས་རྩོམ་ལས་དེ་ཉིད་ཀྱིས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།