རིག་གནས་རང་རྟོགས་གླེང་བ།

    སྐུ་ཞབས་ཏེན་དབྱང་གིས༼རིག་གནས་རང་རྟོགས༽ཞེས་པའི་བསམ་བློའི་ཟུར་ཟའི་རི་མོ་ཞིག་བྲིས།རི་མོ་དེའི་ནང་དུ།ས་ཐོག་ཏུ་བསྣར་བའི་མི་རྣམས་གཉིད་ཀྱིས་ཏབ་ཏོབ་ཏུ་གྱུར་འདུག་སྟེ།དགུང་དུ་ཤེས་རབ་ལྷ་མོའི་མཚོན་བྱེད་དེ།བྱ་གླག་ཅིག་འཕུར་གྱིན་འདུག། ཡིན་ཀྱང་།ཟུར་ཟའི་རི་མོ་དེས་བསྟན་པའི་ཕུད་ཀྱི་ནང་སྙིང་གཞིར་བཟུང་ན།ཁོས་སྟོན་གྱིན་པའི་བརྗོད་གཞི་ངོ་མ་བོ་ནི༼ཡིན་ལོག་ཁང་ཏིག་རིང་ལུགས།ཧེ་གུར་གྱིས་གསུངས་པའི་རྗེས་གཞིག་ཁྱད་ཆོས་ཀྱི༽རིག་གནས་བློ་འབྱེད་ཡིན་པ་ལས་རིག་གནས་རང་རྟོགས་མ་རེད།ཤེས་རབ་ཀྱི་ཡང་སྤྲུལ་དུ་འཁེལ་བའི་བྱ་གླག་དེ་ཉིད་མི་རྣམས་ཀྱི་འདུ་ཤེས་སུ་ཞུགས་ཚར་ཚེ་ད་གཟོད་རིག་གནས་རང་རྟོགས་ཞེས་བཤད་ཆོག་པ་ཡིན།    
  རིག་གནས་བློ་འབྱེད་དང་རིག་གནས་རང་རྟོགས་གཉིས་ལ་ཁྱད་པར་ཡོད་དེ།རིག་གནས་བློ་འབྱེད་ནི་རིག་གནས་ཀྱི་དྭངས་རྩེ་བ་ཉུང་ཤས་ཀྱིས་ཤེས་རྨོངས་ཀྱི་མི་མང་ལ་ཨུ་ཚུགས་རང་བཞིན་གྱིས་དང་ལེན་བྱེད་དུ་བཅུག་པའི་བསམ་བློའི་འགྲུལ་བཞུད་ཅིག་རེད།རིག་གནས་དྭངས་རྩེ་བ་རྣམས་ལ་ལྟོས་ཏེ་བཤད་ན།དེ་ནི་གོང་ནས་འོག་ལ་བཏོན་འདྲའི་མཛུབ་ཁྲིད་ཅིག་རེད་དེ།མི་མང་ལ་ལྟོས་ཏེ་བཤད་ན།དེ་ནི་གཞན་དབང་དུ་གྱུར་བའི་བཅིང་བགྲོལ་ཐེངས་ཤིག་རེད།དེ་བཞིན།བློ་འབྱེད་ཀྱི་གོ་རིམ་ཁྲོད་དུ་ངེས་པར་རྔམ་ཟིལ་གྱི་ལས་འགུལ་སློངས་དགོས་པ་ཡིན།ལས་འགུལ་དེ་ཐོན་ཚད་ནས་འདུ་ཤེས་འཛིན་སྟངས་རྣམས་ལ་ས་འགུལ་དྲག?ཏུ་ཐེབས་པ་ཡིན་ཏེ།སྐབས་འདིར་རིག་གནས་ཕྱིར་རྟོག་ཉིད་ཐུན་མོང་ལ་འདུ་ཤེས་མེད་པའི་རིགས་ཤིག་ཏུ་གྱུར་ཡོད་པའི་ཕྱིར།
  རིག་གནས་རང་རྟོགས་ནི་སྤྱི་ཚོགས་ཀྱི་མི་མང་ཤས་ཀྱིས་རང་འགུལ་རང་རྟོགས་དང་།ཡང་ན་འདྲ་མཉམ་མཐུན་འགྲིག་གི་སྤྱོད་པ་དང་གོ་རིམ་ཞིག་ལ་ངོས་འཛིན་དགོས་པ་རེད་དེ།དེ་ནི་མི་ཉུང་ཤས་ཀྱིས་མི་མང་ཤས་ལ་བསྟར་བའི་ལས་བྱ་ཞིག་མིན་ལ།རིག་གནས་དྭངས་རྩེ་བས་ཕལ་བའི་མི་ལ་བསྟར་བའི་ལས་བྱ་ཞིག་ཀྱང་མིན།དེ་དང་མཉམ་དུ།དེ་ལ་བསམ་གཟས་ནས་ངར་འདོན་བྱེད་ཀྱི་བྱ་སྤྱོད་དག་ཀྱང་ལག་ཏུ་བསྟར་དགོས་མི་འདུག་མོད།རིག་གནས་གྲུབ་འབྲས་ཀྱི་ཤུགས་ཚད་དང་ཕྱོགས་ཚད་གཉིས་སྐད་ཅིག་དེ་ཉིད་དུ་ཕུགས་བསམ་གྱི་ཚད་ཐིག་ཏུ་འཕགས་ཐུབ་པ་ཞིག་ཡིན།དེའི་སྟབས་ཀྱིས།བདེ་མོ་ཡང་མོའི་སྒོ་ནས།རིག་གནས་བློ་འབྱེད་?ང་རིག་གནས་རང་རྟོགས་གཉིས་ནི་དོན་གཅིག་མིང་གི་རྣམས་གྲངས་སུ་གོ་བ་བླངས་ཚེ་ཅུང་མི་འཚམས་པར་འདུག   
   ཡིན་ན་འང་།གོ་དོན་འདི་གཉིས་ལ་ཕན་ཚུན་རྟེན་ཅིང་འབྲེལ་བའི་སྐབས་ཤིག་ཀྱང་ཡོད་འདུག་སྟེ།བསམ་བློའི་བཅིངས་བགྲོལ་གྱི་སྤྱི་བམ་ནས་བལྟས་ན།རིག་གནས་བློ་འབྱེད་ཀྱང་རིག་གནས་རང་རྟོགས་ཤིག་ཡིན།འགྲུབ་པའི་གོ་རིམ་གྱི་ཐད་ནས་བལྟས་ན༼ཁང་ཏིག་གི་ལྟར་དུ༽།རིག་གནས་བློ་འབྱེད་མེད་ཚེ།རིག་གནས་རང་རྟོགས་ཀྱི་གོམ་སྟབས་ཧ་ཅང་དལ།འགྲུབ་པའི་རྐྱེན་གྱི་ཐད་ནས་བལྟས་ན།རིག་གནས་བློ་འབྱེད་ནི་རིག་གནས་རང་རྟོགས་ལ་མེད་དུ་མི་རུང་བའི་སྔོན་འགྲོའི་ཆ་རྐྱེན་ནམ་ཉེར་ལེན་གྱི་རྒྱུ་དེ་རེད།གནས་སྐབས་ཀྱི་རིམ་པའི་ཐད་ནས་བལྟས་ན།རིག་གནས་རང་རྟོགས་ནི་རིག་གནས་བློ་འབྱེད་ཀྱི་ཆེས་མཐོ་བའི?རིམ་པའམ།མ་མཐའ་ཡང་ཅུང་སྨིན་ཐག་ཆོད་ཡོད་པའི་རིམ་པ་དེ་ཡིན་ནོ།།

མཆན།

རིག་གནས་རང་རྟོགས།=(文化自觉)
རིག་གནས་བློ་འབྱེད།=(文化启蒙)
རིག་གནས་ཕྱིར་རྟོག=(文化反思)
ཡིན་ལོག་ཁང་ཏིག་རང་ལུགས།=(非康德主义)
ཐུན་མོང་ལ་འདུ་ཤེས་མེད་པ།=(集体无意识)
ཤེས་རབ་ལྷ་མོ།ཁོང་གི་རྩོམ་ཡིག་ཏུ(密涅瓦)མྰི་ཉེ་ཝའི་བྱ་གླག་ཅེས་བྲིས་འདུག་མོད།མྰི་ཉེ་ཝ་ནི་ཤེས་རབ་ལྷ་མོའི་དོན་ཡིན་པས་ཀློག་པོ་དག་གིས་གོ་བདེ་ཆེད་མྰི་ཉེ་ཝ་བསྐྱུར་ནས་ཤེས་རབ་ལྷ་མོ་ཞེས་བསྒྱུར་བ་ཡིན།
                                                                                                     (གླག་གིས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རིག་གནས་རང་རྟོགས་གླེང་བ།

2011-07-07 ཏུང་ཡོང་ཧྥང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།