ཆོད་སེམས།

   ཆུ་ཐིགས་ལྟར་གཙང་བའི་ལང་ཚོའི་བདག་ཉིད་ཅན་དེ་ཁོ་མོའི་མིང་ལ་ཞོའུ་ཞོའུ་ཟེར་ཞིང་ཕ་ཡུལ་ཁྲི་འདུ་གྲོང་ཁྱེར་ནས་ཡིན།  ཁོ་མོ་རང་ལོ་བཅུ་བདུན་ལ་བུད་པའི་ལོ་དེར་རིག་གསར་ལས་འགུལ་གྱི་མགོ་ཚུགས་པས་ཁོ་མོ་བོད་ཁུལ་དུ་སོང་ནས་བློ་སྦྱིན་དང་མཉམ་དུ་རྟ་ར་ནས་རྟ་འཚོ་བར་སློབ་སྦྱོང་བྱས་པ་ཡིན། བློ་སྦྱིན་ནི་མི་བཟང་ཞིག་ཡིན་མོད་ལོ་དེར་མི་གཞན་པར་འཛིང་རེས་ཅིག་གི་ཁྲོད་ཁོ་རང་གི་ཕོ་མཚན་ནི་བརླག་སོང་། འོན་ཀྱང་ཁོ་ཞོའུ་ཞོའུ་ལ་ཤ་ཚ་ཞིང་སྙིང་ཉེ་བས་མ་ཟད་ད་དུང་ཁོས་དྭངས་གཙང་གི་སྙིང་སྟོབས་ཀྱི་བརྩེ་བ་ཞིག་ཀྱང་ཞོའུ་ཞོའུ་ལ་བཅངས་འདུག
   དང་ཐོག་ཞོའུ་ཞོའུ་ཀྱིས་རྟ་ར་ནས་བློ་སྦྱིན་དང་མཉམ་དུ་ནན་ཏན་སྒོས་རྟ་འཚོ་བར་སློབ་སྦྱོང་བྱས་མོད། རྗེས་ནས་ཁོ་མོར་སུན་སྣང་སྐྱེས་བྱུང་ལ། རྒྱུ་མཚན་ནི་སྡེ་ཁག་དེའི་དུས་ཆད་ལྟར་ཁོ་མོ་ལོ་ཕྱེད་རིང་ནས་ཕྱིར་ཕ་ཡུལ་དུ་འགྲོ་རུ་མ་བཅུག་པས་མོ་རྒྱུན་དུ་སྤང་ཐང་ནས་བསྡད་དེ་ཕ་ཡུལ་ལ་འགྲོ་བར་རྟོགས་བཟོ་བྱས་པ་ཡིན། ཉིན་ཞིག་སྐྱེས་པ་ཞིག་ཡོང་ནས་ཁོ་མོ་ཕྱིར་ཕ་ཡུལ་ལ་ལོག་པའི་ཕུགས་བསམ་དེ་མངོན་འགྱུར་བྱེད་ཐུབ་པར་ལབ་ཞོར་སིལ་ཏོག་ཀུ་ཤུ་གཅིག་གི་བསླུ་བྲིད་ལ་བརྟེན་ནས་ཁོ་མོའི་ལང་ཚོའི་མེ་ཏོག་ལ་རོལ་སོང་། བློ་རྒྱུན་གྱི་སེམས་ཧ་ཅང་གི་སྡུག་ཡུས་ཀྱིས་མནར་ནཡང་ལག་པས་རང་གི་མེ་མདའ་དེར་བྱིལ་བྱིལ་འགའ་བྱེད་པ་ལས་ཐབས་ཅི་ཡང་མེད་སོང་། ཞོའུ་ཞོའུ་རྒྱུན་དུ་སྡེ་ཁག་དེར་སོང་ནས་ཁོ་མོ་ཕྱིར་ཕ་ཡུལ་དུ་ལོག་པར་རེ་བ་ཞུས་མོད། དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ལ་སྡེ་ཁག་དེའི་ངོ་སོ་ཡོད་པའི་བློ་མཐུན་ཚང་མ་རེ་རེ་བཞིན་ཞོའུ་ཞོའུ་ཡི་ལང་ཚོ་ལ་རོལ་སོང་། སྐབས་རེ་ད་དུང་ཞོའུ་ཞོའུ་འདུག་སའི་རྟ་རར་ཡོང་ནས་ཁོ་མོ་ལོངས་སྤྱོད་བྱས། ཞོའུ་ཞོའུ་ཀྱིས་རང་ཉིད་ཀྱི་ཡོད་ཚད་ཁོ་ཚོར་བློས་བཏང་ནའང་ད་དུང་ཕྱིར་ཕ་ཡུལ་ལོག་ཏུ་མ་བཅུག་པས།  བློ་སྦྱིན་གྱིས་དོན་དག་དེ་སེམས་ནས་མ་བཟོད་པར་ཞོའུ་ཞོའུ་ལ་ཁྱོད་ཀྱིས་རང་གི་དྭངས་གཙང་གི་ལུས་པོ་བརླག་པ་རེད་ཅེས་བཤད་ནའང་། ཞོའུ་ཞོའུ་ཀྱིས་ད་དུང་སྐད་ཆེན་པོས་ངས་ལང་ཚོ་བརླག་རུང་ཁྱོད་ལ་བསྐལ་མེད་ཅེས་བཤད་སོང་།
   ཞོའུ་ཞོའུ་ཀྱི་ཕོ་བ་རིམ་བཞིན་ཇེ་ཆེ་ནས་ཇེ་ཆེར་སོང་རུང་། བྱིས་པའི་ཨ་ཕ་་ད་དུང་སུ་ཡིན་པ་མི་ཤེས། བློ་སྦྱིན་གྱིས་ཁོ་མོ་ཁྲིད་ནས་སྡེ་ཁག་དེར་སོང་ནས་ཞུ་གཏུགས་བྱས་རུང་འབྲས་མེད་ཡིན་སོང་།  མཇུག་མཐར་བློ་སྦྱིན་འུ་ཐུག་ཐབས་ཟད་སྒོས་རང་ལག་གི་མེ་མདའ་དེས་ཞོའུ་ཞོའུ་བསད་པ་དང་དེ་ནས་རང་ཉིད་ཀྱང་ཁོ་མོ་དང་མཉམ་དུ་འཇིག་རྟེན་འདིར་གཏན་དུ་གྱེས།
   བལྟས་ཟིན་པའི་མི་ཚང་མས་ཤེས་ངེས་རེད།  འདི་ནི་གློག་བརྙན་༼གནམ་འཁྲུས༽ཞེས་པ་དེའི་བརྗོད་དོན་རེད།ཞོའུ་ཞོའུ་ཀྱིས་མོ་རང་གི་ལང་ཚོ་གཡོ་འཚོང་བྱས་པ་མིན་ཏེ། ཁོ་མོར་བཙན་གཡེམ་བྱས་པ་རེད།  དུས་རབས་དེའི་དྲགས་དབང་གིས་ཁོ་མོར་བཙན་གཡེམ་བྱས་པ་རེད།  དུས་སྐབས་དེར་དེ་ལས་ཀྱང་གཞོན་ནུ་མ་ཤེས་ཡོན་ཅན་གང་མང་ཞིག་ལ་བཙན་གཡེམ་བྱས་པ་ནི་བགྲང་གིས་ག་ལ་ལོངས་སྟེ་བུད་མེད་དེ་ཚོ་རང་ངོས་ནས་ངོ་རྒོལ་མ་བྱས་ལ་ཁོ་མོ་ཚོར་དགའ་བའི་སྐྱེས་པ་ཚོས་ཀྱང་ངོ་རྒོལ་མ་བྱས་པ་གཅིག་པུ་ལས་ཀྱང་བདེན་སྤྲོད་བྱེད་ཐུབ་པའོ།  ལོ་ངོ་མང་པོ་ཞིག་འགོར་རུང་བྱ་བ་རེ་འགའ་ཞིག་སྔར་བཞིན་འགྱུར་བ་འགྱུར་ལྡོག་ཅི་ཡང་བྱུང་མེད་དེ། རིག་གསར་དུས་སྐབས་ཀྱི་ཞིང་རའི་ལས་བྱེད་པ་ཆུང་ཆུང་དག་ཡིན་ཀྱང་ཆོག་ལ་དེང་སྐབས་ཀྱི་མཉམ་འབྲེལ་འགོག་སྲུང་ཚོགས་མི་ཡིན་ཀྱང་ཆོག  ཁོ་ཚོའི་གོ་གནས་དམའ་བ་དང་བབ་ཐོབ་ཞན་རུང་དབང་ཆ་ཆེན་པོ་ཞིག་གི་འཐུས་འཚབ་བྱས་འདུག སྐབས་འདིར། ཚང་མས་ཉེ་སྔོན་ཧྲིན་ཀྲིན་ནས་བྱུང་བའི་ཡིད་སྐྱོ་བའི་དོན་དག་དེ་དྲན་ཡོང་ལ། བུད་མེད་ཅིག་ལ་མཉམ་འབྲེལ་འགོག་སྲུང་ཚོགས་མི་ཞིག་གིས་དུས་ཚོད་གཅིག་རིང་གི་བཙན་སྦྱོར་སྤེལ་རུང་བུད་མེད་དེའི་སྐྱེས་པའི་ཉེན་བརྡ་ཙམ་ཡང་གཏོང་མ་ཐུབ་པར་དེའི་འགྲམ་ནས་བསྡད་དེ་དུས་ཚོད་གཅིག་ལྷག་འགོར།   དོན་དག་འདི་གཉིས་ལ་མི་འདྲ་ས་ཡོད་རུང་། ཆེས་འདྲ་བ་ནི་ཉམས་ཐག་པ་དེ་ཚོ་དབང་ཤུགས་ཆེན་པོ་དེ་དག་ལ་གཞོལ་ཆེད་གང་སར་འགྲོ་བ་དེའོ།
   སྤྱིར་ངའི་ཡ་ང་བའི་དོན་རྐྱེན་དེ་དག་གླེང་འདོད་མེད་དེ་གློག་བརྙན་དཔྱད་བརྗོད་ཅིག་སྤེལ་བསམ་པ་ཁོ་ན་ཡིན།  ངའི་མཉམ་འཇོག་བྱས་པར་དབུས་བརྙན་འཕྲིན་ཁངcctv་གི་བློ་མཐུན་ལ་ལས་གསར་འགོད་པར་སྐྱོན་བརྗོད་བྱས་དེ་ཁོ་ཚོས་གནོད་ཐེབས་མང་ཚོགས་ལ་བཅར་འདྲི་བྱེད་པའི་གོ་རིམ་དེའི་ཁྲོད་གནོད་ཐེབས་མང་ཚོགས་ལ་ཐེངས་གཉིས་པའི་གནོད་པ་བསྐྱལ་བ་རེད་ཅེས་པ་དེ་ཡིན་ལ།  བསྐྱོན་བརྗོད་དེ་ནི་ཧ་ཅང་གི་གནད་ལ་འཁེལ་ཡོད་འདུག གསར་འགོད་པ་ལ་ལ་ནི་རྣམ་པ་གཞན་ཅན་གྱི་མཉམ་འབྲེལ་འགོག་སྲུང་གི་ཚོགས་མི་ཞིག་ཡིན་ཏེ།  ངས་མི་བསམ་རང་དབང་མེད་པ་ཞིག་ནི་ཐེངས་གཉིས་པའི་གནོད་པ་བསྐྱལ་བ་དེ་ནི་ད་ལོའི་བིན་ཁྲོན་ས་འགུལ་ཁྲོད་ནས་ཐེབས་སོང་། དབུས་བརྙན་འཕྲིན་ཁང་གི་མགོ་འཛིན་པ་དང་གསར་འགོད་པ་ཚོའི་སྐད་ཆ་ལ་ལ་ཞིག་གིས་གནོད་ཐེབས་མང་ཚོགས་ཀྱི་སེམས་ལ་སྡུག་བསྔལ་བཟོད་ལྷག་མེད་པ་རེ་བསྐྱེལ་བ་སྟེ། ༼ཨ་མ་ཤི་སོང་། ཁྱོད་ཀྱི་སེམས་སྡུག་གམ། སེམས་ཇི་འདྲ་སྡུག། ༽ ༼གནོད་ཐེབས་སྐབས་ཀྱི་གོ་རིམ་གསལ་བོ་ཞིག་ཞིབ་བརྗོད་བྱོས་དང་། གདུང་མ་འདིའི་ཁྱེད་ཀྱི་བྱིས་པ་གཅུར་ནས་བསད་པ་ཨེ་རེད།༽  དེ་མ་ཟད་ངོ་གདོང་ལ་ཕྱི་ཚོས་བྱུགས་པའི་བུད་མེད་མདོ་འཛིན་པ་དེའི་༼བརྩེ་བ་ལ་མཐའ་བྲལ། གནོད་ཐེབས་ཀྱིས་ང་ཚོ་གོང་བུ་གཅིག་ཏུ་སྒྲིལ༽ཞེས་བཤད་པ་དང་དེའི་ཕྱིར་ཐེངས་གཉིས་པའི་གནོད་པ་བསྐྱེལ་བ་རེད། རྒྱ་ཆེ་བའི་གར་སྟེགས་དེ་དག་གིས་ཐེངས་གཉིས་པའི་གནོད་བསྐྱལ་བ་རེད།  གསར་འགྱུར་གྱི་འབྱུང་ཁུངས་དབང་ཆ་ནས་ཆོག་མཆན་ཐེབས་པ་ནི་གསར་འགོད་པའི་ཁ་བདེ་ལྕེ་ཙམ་ལ་འབད་པ་ལས་མི་གཞི་དོར་བ་ནི་ཁོ་ཚོའི་རྒྱུན་ལྡན་གྱི་སྣང་ཚུལ་ཡིན། ཡིན་ཡང་རེ་འགའ་ཞིག་གིས་འཁྲབ་པ་ཅུང་བཟང་རུང་ལ་ལ་ཞིག་གིས་འཁྲབ་ཚར་དུ་བཅུག་འགྲོ  ཐེངས་གཉིས་པར་གནོད་པ་བསྐྱལ་རྗེས་གསར་འགོད་ཁག་གཞན་ཞིག་འབྱོར་བ་ན་སླར་ཡང་གནོད་ཐེབས་མང་ཚོགས་ལ་གནོད་པ་ཐེངས་གསུམ་པར་བསྐྱལ་ཡོང་བ་རེད། གསར་འགོད་པའི་དུས་ཆེན་ཉིན་གྱི་དགོང་མོར། འབྲེལ་ཡོད་སྡེ་ཁག་གིས་ཡྰང་བུའུ་ཡི་གྱོད་དོན་གསལ་བསྒྲགས་བྱེད་མཚམས་འཇོག་པའི་བཀའ་རྒྱ་བཏང་བཏང་འདུག  གསར་འགོད་པའི་དུས་ཆེན་ཉིན་གསར་འགོད་པར་བཀག་རྒྱ་གཏོང་བ་ནི་བུད་མེ་ད་དུས་ཆེན་ལ་བུད་མེད་ཚོར་བཙན་གཡེམ་བྱས་པ་དང་ཤིན་ཏུ་མཚུངས་ངོ་། དེ་བས་གནོད་པ་ཐེངས་བཞི་བར་བསྐྱལ་བ་ཁོ་ནའོ།  གསར་འགོད་པའི་དྲ་གྲོགས་ཚོས་ཡྰང་བུའུ་ཉམས་ཐག་པ་ཡིན་ནམ་ཡང་ན་ངོ་འབག་མཐུག་དྲགས་པ་ཡིན་སོང་། དྲ་རྒྱའི་སྟེང་དུ་ཡར་མར་གང་མང་ཞིག་གླེང་སོང་། གང་ལྟར་མཇུག་ཏུ་ད་དུང་མཉམ་འབྲེལ་འགོག་སྲུང་མི་སྣའི་བུད་མེད་དེར་བཙན་གཡེམ་བྱས་པ་དོན་མཐུན་རེད་ཅེས་བཤད་པའི་དབང་དུ་སོང་ན་གནོད་པ་ཐེངས་ལྔ་བའང་མི་ཡོང་བའི་ངེས་པ་མེད་དོ། དེའི་ཕྱིར་སྤྱི་ཚོགས་གསར་འགྱུར་ནི་ནག་ཚོགས་གསར་འགྱུར་དུ་འགྱུར་ཡོད་ལ་དམངས་འཚོ་གནད་དོན་ནི་དམངས་ཁྲོད་ངག་རྒྱུན་ཙམ་དུ་གྱུར་བའོ། སླ་མོའི་སྒོས་མི་གཞིའི་བརྡར་གཅོད་རེ་བྱས་ན་དབྱེ་མེད་རྙོག་འཛིང་གི་ཀུན་སྤྱོད་བཙན་ཁྲིད་དང་གཏན་ཚིགས་མཐའ་མེད་ཅིག་ཡིན་འདུག་ལ། སྐབས་དེར་མང་ཚོགས་ཚང་མ་སེམས་སྡུག་གིས་ངུས་སོང་ལ་སྲིད་གཞུང་ནི་དེ་ལས་ཀྱང་ལྡོག་སྟེ་སེམས་གཏིང་ནས་དགའ་སོང་།
      རྒྱལ་ཁབ་འདིས་ཁྱད་དབང་ལས་ཕུད་མི་ཚང་མར་བཙན་གཡེམ་ཐེབས་བཞིན་ཡོད་དེ་གལ་ཏེ་ཁྱོད་ཀྱིས་གཞུང་ལ་ཁྲལ་འཇལ་རུང་ཁྱོད་སྒྲུབ་འོས་ཀྱི་ཞབས་འདེགས་བྱེད་གི་མེད་པ་མ་ཟད་ཁྲལ་འགན་ཙམ་གྱི་ཁྲོད་ནས་ཉི་མ་འགྲོ་ཐབས་བྱས་ནས་སྡུག་སྣང་གང་ཡང་ཡོད་གི་མ་རེད། འདི་ནས་མི་སྣ་སྐྱེད་སྲིང་བྱེད་ཚུལ་ལ་ངོ་རྒོལ་བྱས་ན་ཡྰང་ཅ་རུ་འགྱུར་བ་དང་ངོ་རྒོལ་མ་བྱས་ན་ཡྰང་བུའུ་རུ་འགྱུར་སྲིད། རྩོད་གླེང་བྱས་ན་ཡྰང་ནེ་བེ་དང་རྩོད་པ་དང་ངོ་རྒོལ་གང་ཡང་མ་བྱས་ན་ཡྰང་བེ་ལྟ་བུ་ཡིན།  དེའི་ཕྱིར་ཁྱོད་ཀྱིས་རང་ཉིད་བཙན་གཡེམ་ལ་ངོ་རྒོལ་བྱེད་པའི་སྙིང་སྟོབས་མེད་ན་བཅོས་མའི་སྤྲོ་བ་ཙམ་ལ་བསྙད་པ་ལས་ཐབས་གཞན་མེད་དོ།
    ངས་འདི་ནས་ངེད་ཅག་ནི་ནུས་མེད་ཉམས་ཆུང་ཞིག་ཡིན་པ་ཁས་ལེན་ཐུབ་མོད། འོན་ཀྱང་ང་ཚོ་ལྷན་སྐྱེས་ཀྱིས་ནུས་མེད་ཅིག་གང་ནས་ཡིན་དེ། ང་ཚོར་ཉིན་རྒྱུན་དུ་བཙན་གཡེམ་བྱས་པས་ལན་པ་རེད།  སྤྱིར་ཤུབས་གྱོན་པ་བཙན་གཡེམ་ལ་མི་བརྩི་རུང་། ང་ཚོར་དེ་ལས་ཀྱང་ནུས་མེད་ཉམས་ཆུང་དུ་གཏོང་སྲིད།  མི་ཚང་མར་དང་མ་ངོ་རྒོལ་གྱི་སྙིང་སྟོབས་ཞིག་ཡོད།ངོ་རྒོལ་བྱས་མཐར་མ་ཕན་ན་རིམ་གྱིས་ཆོད་སེམས་དེ་ཟད་ནས་རང་ཉིད་ནོར་སོང་བའི་སེམས་ཁམས་ཞིག་ཀྱང་ཐོན་ཡོང་།དེ་བས་ཚང་མ་གོམས་ལོབ་ཏུ་སོང་ན་འོས་ཤིང་མདོར་ན་དེ་ནི་གཡར་མིང་ཙམ་ཡིན་ཏེ། དོན་དུ་དེ་ལ་ཆོད་སེམས་ཞེས་འབོད་དོ།
   འདི་དག་ནི་ཇི་འདྲའི་ཆོད་སེམས་བརྟན་པའི་སྣང་ཚུལ་ཞིག  རྩོམ་པ་པོས་རང་ཉིད་བརྩམས་ཆོས་ཀྱི་ཚད་ཐིག་ལྟར་ནར་སོན་དུ་འཇུག་པ་དང་སློབ་མས་སླ་མོ་དཀའ་མོར་གཏོང་བ་ནི་ཤེས་རིག་གི་ཟབ་སར་ཉུལ་བར་རློམ་པ། དགེ་རྒན་གྱིས་བྱས་བྱས་ཐམས་ཅད་ཡང་དག་དུ་འདོད་པ།   ཆོས་ལུགས་དབུ་སྐྱོང་ཚོས་མགོ་ཁྲིད་དང་མཉམ་པར་རེ་བཏང་ནས་དགེ་སྦྱོར་ལ་འབད་པར་ སྒོམ་པ།   འཕྲིན་ཕྲན་ནས་དཔའ་མཁས་ལེན་དང་མདུང་ངས་གཡུག་གི་དམ་ཚིག་སྒྲོག་པ། སྤྱི་སྤྱོད་རླངས་འཁོར་དུ་རྐུན་མའི་ཁ་ལོ་བར་རྐུས་བྱས་རུང་དབུགས་འཆོར་མི་ཐུབ་པས་ང་ཚོ་ནི་རུལ་སུངས་སེམས་ཟད་ཀྱི་མགོ་བར་བགྲངས་ཆོག་ཆོག་ལགས།  ས་འདི་ནས་གང་བྱས་མཐའ་དག་ཡིན་ཁུལ་དང་བདེན་ཁུལ་བྱ་རྒྱུ་ནི་ཆེས་མཐོ་རིམ་གྱི་ཆོད་སེམས་ཏུ་བགྲང་གི་ཡིན།   
འདི་ལྟར་བཤད་ཚེ་གྲོགས་པོ་ལ་ལ་ཞིག་དེ་འདྲའི་སྐྱིད་པོ་བྱུང་གི་མེད་སྲིད་མོད། ཡིད་སྐྱོ་བ་ཞིག་ལ་གནས་ལུགས་མཐའ་དག་ཁྱོད་དགའ་སྤྱད་དུ་བཤད་པ་མིན་ནོ། ཁྱོད་ཀྱི་ཆེས་སྤྲོ་སྣང་ལྡན་པའི་དུས་ཚོད་ནི་ཉིན་རེའི་དུས་ཚོད་༧ནས་དུས་ཚོད་༧དང་ཕྱེད་ཀའི་བར་ཡིན་སྲིད་ལ། ང་ཚོར་ཡང་ནམ་རྒྱུན་བཙན་གཡེམ་ཐེབས་དུ་བཅུག་ན་སྐྱིད་པོ་མི་ཡོང་ན། རིག་གནས་གསར་བརྗེ་སྐབས་ན་གཞོན་ཤེས་ཡོན་མ་ཅི་ཙམ་ལ་བཙན་གཡེམ་ཐེབས་པ་དང་མཆོངས་བསྐྱོད་ཆེན་མོའི་སྐབས་མི་གྲངས་ཁྲི་སྟོང་ཚོ་འགའ་ལྟོགས་སྐོམ་གྱིས་ཤི་བ་རུང་།  ཁྲིད་དེབ་དུ་གཅིག་ཀྱང་མེད་པར་མ་ཟད་ང་ཚོས་ཀྱང་ཕྱིར་རྟོག་མ་བྱས་ལ་ཁྱོད་ཀྱིས་ཀྱང་ཕྱིར་རྟོག་མ་ཕོད་པས་མ་ཟད། ངོ་རྒོལ་བྱེད་ཕོད་དམ།
   སྤྱིར་བཏང་འདི་ནི་གློག་བརྙན་ཞིག་ལ་དཔྱད་པ་ཡིན་ལ། ཕྱིར་༼གནམ་ཁྲུས་༽ཞེས་པའི་གློག་བརྙན་དེའི་མཇུག་ཏུ་སོང་ན་བུ་མོ་ཞོའུ་ཞོའུ་ཡིས་ཁོ་མོ་རང་ཡུལ་ལ་ལོག་རྒྱུ་ཞེས་བཤད་པ་ཡིན། དང་མ་བློ་སྦྱིན་གྱིས་ས་དོང་བརྐོས་ཤིང་རྡོ་ར་བརྩིགས་ནས་ ཁོ་མོར་འཁྲུས་རྫིང་ལས་ཞིང་མོས་ཀྱང་ལུས་པོ་འཁྲུལ་ཞོར་དུ་བློ་སྦྱིན་ལ་བལྟས་ཞིང་བློ་སྦྱིན་གྱིས་ཀྱང་ཁོ་མོར་བལྟས་ཤིང་། མོས་བསམ་པར་རང་གི་རྐང་བར་རྨས་སྐྱོན་རེ་བྱུང་ན་ཡུལ་ལ་འགྲོ་ཐུབ་སྙམ་ནས་བློ་སྦྱིན་ལ་ལག་འགུལ་དུ་བཅུག་རུང་། ཁོང་གཉིས་ཀྱི་མིག་སྣང་ལ་འགྱུར་བ་ཡོད་བཞིན་བློ་སྦྱིན་གྱིས་ཁོ་མོ་མི་བསོད་ཐབས་མེད་དུ་གྱུར་སོང་།   སྐབས་འདིར་སླེབས་དུས། བློ་སྦྱིན་ནི་ཆེས་ཉམས་ཐག་ཞིག་དང་སྡིག་རྩུབ་ཅན་ཞིག་ཏུ་བསམ་རུང། གཞུག་ནས་ཞོའུ་ཞོའུ་ཀྱིས་ལྐོག་ནས་རང་ཤི་རྒྱག་འདོད་ཡོད་པས་བློ་སྦྱིན་གྱིས་རྒྱལ་ཁ་ཡང་བླངས་འདུག  དོན་དག་འདིའི་ཉེ་ལམ་ཧྲིན་ཀྲིན་ནས་བྱུང་བའི་དོན་དག་དེ་མི་དྲན་རང་དྲན་དུ་བཏང་ཡོང་བའི་རིག་གསར་ནས་བཅོས་བསྒྱུར་སྒོ་འབྱེད་བར་གྱི་ཧྲིན་ཀྲིན་ལ་མཚོན་ན་དོན་དག་ལ་ལ་ཞིག་ནི་འགྱུར་ལྡོག་ཆེན་པོ་ཞིག་ཡོད་ཚོད་མི་འདུག 
    དྲང་བདེན་དང་གནས་ལུགས་རྒྱུས་བའི་དོན་དག་མང་པོ་ཞིག་ང་ཚོས་གསལ་བོ་ཤེས་ཡོད་པ་མ་ཟད་དེའི་གནོད་པ་ཡང་གང་ནས་བྱུང་བ་ཤེས་ཡང་། སླར་ཡང་མ་གོ་མ་རིག་གི་གནས་ནས་འཁུམས་དགོས།  སྐབས་འདིར་ངས་གློག་བརྙན་༼གནམ་ཁྲུས་༽ཞེས་པའི་བརྗོད་དོན་གླུ་དབྱངས་༼ཆུ་ལ་རེ་བ༽ཞེས་པ་དེ་མཚམས་སྦྱོར་ཞིག་བྱེད་འདོད་དེ།  སྒྲ་དབྱངས་རམ་དཀྲོལ་དང་མཉམ་དུ་ཆི་ཡུའུ་ལགས་ཀྱི་གླུ་སྐད་དེ་སྟོང་དབྱིངས་ལ་རྟག་བརྟན་སྡུག་ཡུས་གྱིས་གྲགས་འོང་ནི་འདི་ལྟར་་་་་་་་་་རླུང་བུ་ལྡང་བྱུང་།   ཆར་བ་བབས་སོང་།  ཁོ་ཚོས་ཅི་ཡང་ཤེས་ཡོད། ངས་ཅི་ཡང་མི་གོ་་་་་་ངས་ཅི་ཡང་མི་གོ་་་་་་ཁྱོད་ཀྱི་ཁ་བརྡའི་སྒྲ་གདངས་ཉམས་ཆུང་སོང་་་་་་་་་་་་་་་་་་་།  
                                                                ༼གངས་ཐིག་གིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆོད་སེམས།

2013-10-28 ལིས་ཁྲིན་ཕིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།