དཔལ་ཡོན་མེད་ན་རིག་གནས་གང་དུ་མཆིས།

   དཔལ་ཡོན་དང་རིག་གནས་ནི་ཕན་ཚུན་ལ་བསྲེས་བསྣོར་རུ་གྱུར་པའི་མིང་བརྡ་གཉིས་ཡིན།དོན་དངོས་སུ་གང་ལ་དཔལ་ཡོན་དང་གང་ལ་རིག་གནས་ཟེར་ཞེས་ན།དེ་གཉིས་ཀྱི་མཚན་ཉིད་གང་འདྲ་ཡིན་པ།རྟག་ཏུ་མི་རེ་རེའི་བཞེད་ཚུལ་མི་འདྲ།  རང་རློམ་གྱི་ནད་གཤིས་འགོས་པའི་ཀྲུང་གོའི་རིག་གནས་ཞུགས་པའི་ཤེས་ཡོན་པ་དག་ལ་ད་རུང་ཡ་མཚར་པའི་བཤད་ཚུལ་ཞིག་སྟེ།ནུབ་ཕྱོགས་པར་དཔལ་ཡོན་ཙམ་ལས་གང་ན་རིག་གནས་ཡོད།  ཡང་ན།སྣང་ཆུང་གིས་ལག་བརྡ་གཏོང་བཞིན་ཨ་རི་ལ་རིག་གནས་མེད་ཟེར་བ་ལས་ཨ་རི་ལ་དཔལ་ཡོན་མེད་ཞེས་གཞི་ནས་བཤད་མ་སོང་།
    གལ་ཏེ།ང་ཚོས་ཀྲུང་གོ་ལ་གཟི་དཔལ་ལྡན་པའི་རིག་གནས་ཡོད་མོད་དཔལ་ཡོན་དེ་ཡོད་སྲིད་དམ་ཞེས་དང་དཔལ་ཡོན་གཙོ་འམ་རིག་གནས་གཙོ།དཔལ་ཡོན་མེད་ན་རིག་གནས་གང་ན་ཡོད་ཞེས་ཁ་ཕྱིར་བསྐོར་ནས་དྲི་བ་བཏོན་ཚེ།དོན་དངོས་སུ་རིག་གནས་དང་དཔལ་ཡོན་ནི་ཐ་དད་ཡིན་ལ་གཅིག་གྱུར་ཀྱང་ཡིན་པའི་སྤྱི་དང་བྱེ་བྲག་གི་གནད་དོན་རེད།ཕན་ཚུན་གཅིག་ལ་གཅིག་བརྟེན་བཞིན་བྲལ་ཐབས་མེད་པ་ཞིག་ཏུ་ཆགས་ཡོད།ངས་བསམ་ན།མིང་བརྡ་འདི་གཉིས་ལ་སྐད་ཆ་གཅིག་གིས་འགྲེལ་ཆགས་པར་བསྙད་ན།དཔལ་ཡོན་ནི་རིག་གནས་ཀྱི་རྣམ་པ་དང་རིག་གནས་ནི་དཔལ་ཡོན་གྱི་མ་མ་རེད།
    རིག་གནས་ཀྱི་ལྟ་བ་དེ་འཚོ་བ་དང་སྤྱི་ཚོགས་སྟེང་ནས་མངོན་འགྱུར་བྱུང་བ་ན་དཔལ་ཡོན་རེད།ཆེས་སྤྱིར་བཏང་གི་དཔེ་འཇོག་ཞིག་བྱེད་ན།གུས་ལུགས་ནི་དཔལ་ཡོན་གྱི་མངོན་རྟགས་ཡིན།གོང་ཙེའི་གུས་ལུགས་ཀྱི་གསུང་འགྲེལ་དུ༼གུས་ལུགས་ཞེས་པ་དེ་ནི་རིག་གནས་ཡིན་ཏེ་ཁོང་གུས་ལུགས་དེ་ཀྲུང་གོའི་ལོ་ཉིས་སྟོང་ལྷག་གི་ཚུད་དུ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་།བཅའ་ཁྲིམས་ཁྲོད་དང་མི་དམངས་ཀྱི་རྒྱུན་པའི་འཚོ་བ་དང་ཀུན་སྤྱོད་ཁྲོད་དང་ལོ་གཅིག་དུས་བཞིའི་དུས་ཆེན་ཁྲོད་ནས་མངོན་ཡོད།དེས་རྐྱེན།འདི་ནི་ཀྲུང་གོའི་དཔལ་ཡོན་ཡིན་ཅིང་དཔལ་ཡོན་དེ་ནི་འཚོ་བའང་ཡིན་ནོ།།༽ བཅས་ལས་ཤེས་ཐུབ།
    གལ་ཏེ་ང་ཚོས་འདོད་ཚུལ་འདི་ཁས་ལེན་པའི་དབང་དུ་བཏང་ན་ཀྲུང་གོའི་མི་ནི་ངོ་མ་དགོད་སྤྲོ་བ་ཞིག་ཏུ་མངོན།རྒྱུ་མཚན་ནི་ང་ཚོ་ལ་ཀྲུང་གོའི་དཔལ་ཡོན་ཞེས་པ་མེད་དེ།ཀྲུང་གོའི་རིག་གནས་ཟེར་བ་ཟེར་སྤྲོས་ཙམ་མ་ཡིན་ནམ།རྒྱུ་མཚན་ནི་ང་ཚོའི་དཔལ་ཡོན་( ཡོད་སྲིད་པའི་དབང་དུ་བཏང་ན )དེ་ནི་ང་ཚོའི་རིག་གནས་དང་འབྲེལ་ཆད་སོང་བ་དེ་ངེད་རང་ཚོའི་རིག་གནས་ཀྱི་མངོན་རྟོགས་ལ་རྩི་ཆོག་གམ།
     དེ་བཞིན་ང་ཚོའི་འཚོ་བའི་ཁྲོད་དུ་མངོན་བཞིན་པ་ནི་ཀྲུང་གོའི་རིག་གནས་ཀྱི་རིན་ཐང་གི་ལྟ་བ་མིན་ཏེ།རིག་གནས་གཞན་ཞིག་ནས་འཕྲོས་པ་ཤ་སྟག་ཡིན།རྐྱེན་དེ་ལས་ཀྲུང་གོ་མིའི་དོན་དངོས་ཀྱི་དཔལ་ཡོན(ཡོད་སྲིད་པའི་དབང་དུ་བཏང་ན  )དེ་ནི་ཐང་བུ་ཙམ་ལས་མི་གདའ་སྟེ།དེའི་ཨ་མ་དེ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་ཤ་ཁྲག་གི་འབྲེལ་བ་ཟད་དོ།།
      ཉེ་ལམ་སྐུ་ཞབས་པེ་དབྱང་གི་(ཁོའི་རྔ་མ་ལ་རྡོག་པས་སྤོས་སོང་།)ཞེས་པའི་དེབ་གསར་ལ་བལྟས་ནས་དེའི་ནང་ཚན་དུ་ཁོང་ཨ་རི་ལ་ལྗོངས་རྒྱུ་བྱེད་པའི་མཐོང་སྣང་བྲིས་ཡོད་པའི་ནང་དུ་ཨ་རིའི་མི་དང་ཀྲུང་གོའི་མི་སྡུར་ན།ཨ་རིའི་མི་ལ་བརྩི་བཀུར་ཧ་ཅང་ཆེ་ཞེས་གསུངས་ཡོད་འདུག   ངས་ཀྱང་དེ་ལྟར་འདོད།ཀྲུང་གོའི་མི་དང་ཨ་རིའི་མི་སྡུར་ན།སྤྱིར་བཏང་གི་མིའི་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་གཅིག་ནི་གདོད་མའི་མི་དང་གཅིག་ནི་ཀླ་ཀློའི་མིར་གྱུར་འདུག    རྒྱུ་མཚན་ག་རེ་ཡིན་ཞེ་ན།ང་ཚོས་བཀའ་དྲིན་ཆེ་ཞེས་དང་དགོངས་པ་མ་ཚོམ་ཞེས་སོགས་ཀྱང་བརྗོད་མི་ཤེས་པར་འདུག   འདི་ལ་སྒྲོ་འདོགས་སྤུ་ཙམ་ཡང་བྱས་མེད།ཀྲུང་གོའི་མིའི་གུས་ལུགས་ཏེ་དཔལ་ཡོན་གྱི་མངོན་རྟོགས་དེ་ནི་ཨ་རིའི་མི་དམངས་དང་སྡུར་ན་སྡུར་ཐབས་བྲལ་བ་མ་ཟད།ཉི་ཧོང་དང་ལྷོ་ཁོ་རེ་ཡ་དང་སྡུར་ཐབས་ཡང་བྲལ་ཏོ།།
    ཆེས་སྤྱིར་བཏང་གི་འཚོ་བའི་དཔལ་ཡོན་ཙམ་ཡང་མ་མཆིས་ན།མེས་པོའི་འདས་གྲོངས་སུ་སོང་བའི་རིག་གནས་ལ་འུར་བསྟོད་བྱེད་ན་ཆོག་གམ།དཔལ་ཡོན་མེད་ན་རིག་གནས་ལ་བྱང་ཚད་ལྡན་པ་གང་ན་ཤེས།དཔལ་ཡོན་ཡོད་སྲིད་ནའང་ཐང་བུ་ཟེར་བ་ལས་ཀྲུང་གོའི་རིག་གནས་ཞེས་བརྗོད་མི་རིགས་སོ།།

གསལ་བཤད།  
     གོང་གི་བརྩམས་ཆོས་དེ་ལས་མངོན་ཐུབ་པ་ནི་དེང་དུས་རྒྱའི་རིག་གནས་དེ་ནི་ལོ་ངོ་ཉིས་སྟོང་ལྷག་ལས་བརྒྱུད་པའི་སྲོལ་རྒྱུན་རིག་གནས་དེ་མིན་པར་ནུབ་གླིང་དང་གླིང་ཕྲན་འདྲ་མིན་ནས་སླད་འདྲེས་པའི་ཐང་བུ་ལྟ་བུའི་རིག་གནས་ཤིག་ཡིན་པས་ཉེ་བའི་མི་མང་གི་བསམ་བློ་དང་གཤིས་སྤྱོད་ཐད་ལ་ཡིད་མུག་པའི་སྣང་ཚུལ་འབྱུང་བཞིན་དངོས་ཡོད་སྣང་ཚུལ་ཡིན་མཐར་མི་རིགས་ཀྱི་གྱོད་གུད་དུ་མི་འགྱུར་བའི་ངེས་པ་མེད་པའི་ར་སྤྲོད་བྱེད་འདུག      དེ་བས་བོད་པ་རང་ལ་མཚོན་ནའང་གསར་སྐྱེས་ཀྱི་གཞོན་རབས་པ་མང་དག་གིས་ཕྱི་རོལ་བའི་ལྟ་བ་དང་རྒྱ་ནག་གི་ལྟ་བ།དེ་མིན་པའི་གཡམ་རྒྱུགས་ལ་དགའ་བའི་ཆུང་རབས་པ་དག་གིས་བོད་པའི་ཡར་ཐོན་ནི་རང་གི་སྲོལ་རྒྱུན་རིག་གནས་ཀྱི་དགག་ཡིན་པ་མང་ཙམ་གླེང་བཞིན་བྲག་རོང་ཁར་འཕྱང་བའང་མི་ཤེས་པའི་ཚུལ་དུ་གནས་པ་དག་ལ་བརྩམས་ཆོས་དེ་རོལ་མྱོང་དང་བསམ་གཞིག་བྱེད་རིན་འདུག་པར་སྙམ་ནས་རྒྱའི་རྩོམ་པ་པོ་སྐུ་ཞབས་པེ་དབྱང་གིས་བརྩམས་ཤིང་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་༼རྩིང་སྤྱོད་ཅན་གྱི་ཀྲུང་གོའི་མི། ༽ཞེས་པའི་དཔེ་ཆའི་སྟེང་བཀོད་པའི་རྒྱའི་རྩོམ་པ་པོ(胡菊人)ཧྭོའུ་ཅུ་རིན་གྱིས་བརྩམས་གནང་མཛད་པའི་(དཔལ་ཡོན་མེད་ན་རིག་གནས་གང་ན་མཆིས། ) ཞེས་པ་བདམས་ཏེ་2013ལོའི་ཟླ6པའི་ཚེས་26ཉིན་རང་རིགས་ཀྱི་བློ་གསལ་རྣམས་ལ་མཁོ་བར་འདོད་དེ་རྒྱ་ཡིག་ནས་བོད་ཡིག་ལ་བསྒྱུར་བ་དགེའོ།།
  
       ༼འབོ་རའི་ཀླུ་འབུམ་བཀྲ་ཤིས་ཀྱིས་བསྒྱུར༽
   
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔལ་ཡོན་མེད་ན་རིག་གནས་གང་དུ་མཆིས།

2013-09-13 ཧྭོའུ་ཅུ་རིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།