གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོ་ད་དུང་རང་ཉིད་ཀྱི་ལག་ཟུང་འདི་ཡོད་ཕྱིར།

2013-08-13 09:24:00 མ་ཧུན་ཏི་ལ༼ནེའུ་བྷོ་འུར༽ ཀློག་གྲངས། མཆན ཡོད།

 

 

ང་ཚོར་རང་ཉིད་ཀྱི་ལག་ཟུང་འདི་ཡོད་ཕྱིར
ད་དུང   གཞན་པའི་རོགས་སྐྱོར་ལ་རེ་དགོས་དོན་ཅི་ཡོད
ང་ཚོས་རང་ཉིད་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ལ་བརྟེན་ཏེ
མེས་རྒྱལ་ལ་ཞབས་འདེགས་ཞུ    མེས་རྒྱལ་འཛུགས་བསྐྲུན་བྱེད

འུ་ཅག་གིས་ཤེས་གསལ་ལྟར
ང་ཚོའི་མེས་རྒྱལ་དང་མི་དམངས་ཀྱི་འཚོ་བ་ནི
ཉམ་ང་ཞིང་འུ་ཐུག་པ་ཞིག་ཡིན་ནའང
ང་ཚོ་ནི་ས་ཆེན་གྱི་གཅེས་ཕྲུག་ཡིན་པས
ངལ་རྩོལ་དང་སྙིང་སྟོབས་ནི་ང་ཚོའི་འབྱོར་ཕྱུག་ཡིན

ཡབ་མེས་ཚོའི་མཛད་པའི་ཞབས་རྗེས་མི་ཆེ་ནའང
དེ་ལ་ཁག་དཀྲི་ས་ཅི་ཡང་མེད
ཉི་ཟླའི་དར་ཆེན་འོག་ཏུ    ང་ཚོར་རང་ཉིད་ཀྱི་ལག་ཟུང་འདི་དབང་ཕྱིར
འདི་ནི་ང་ཚོའི་བླ་མེད་ཀྱི་འབྱོར་ཕྱུག་ཉག་ཅིག་ཡིན

ད་ནས་བཟུང    ང་ཚོས་གཡར་མའི་ཟོལ་དངོས་དག་བཀོལ་སྤྱོད་མི་བྱ
དངོས་པོ་འདི་དག་ང་ཚོ་དང་ཧ་ཅང་ཡ་བྲལ་དུ་སྣང
ཡིན་ནའང    ང་ཚོས་སུ་ལ་ཆད་པའི་དྲིན་གྱི་བུ་ལོན་དག
བསྐལ་བའི་བར་དུ་བརྗེད་མི་རུང

ང་ཚོས་རང་ཉིད་ཀྱིས་ཡུར་བའི་འབྲུ་རིགས་ཟོས་ཏེ
རང་ཉིད་ཀྱི་ལྟོ་བ་འགྲང་ཐབས་བྱེད    རོ་བཅུད་ཅི་འདྲ་ཡིན་ནའང
ང་ཚོས་རང་སའི་སྟེང་ནས་ལས་ལ་བརྩོན་པ་ལས
གཞན་པའི་ལོངས་སྤྱོད་ལ་འདོད་སྲེད་རྦད་དེ་མི་བྱེད་དོ

                                     ༼གཡུ་མིག་གིས་བསྒྱུར༽

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།