གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་ཀྱི་སླད་དུ།

2013-08-07 17:20:00 བུ་མོ་སེ་དྷ། ཀློག་གྲངས། མཆན ཡོད།

 

དོན་ལ ཁྱེད་རང
རྒྱང་བཞུད་ཀྱི་གོམ་འགྲོས་མུན་ཁྲོད་དུ་བསྲིངས་པའི་ས་སྲོས་ཤིག་སྟེ
མཛེས་སྡུག་གི་བར་སྣང་མལ་དུ་བགོས
ཁྱེད་ནི སྦྲང་ལྕག་ཏུ་བསླེས་པའི་སྙེ་མའི་རྣ་གཤོག་དངོས་མ་ཞིག
ལྗང་མདོག་གི་རློམ་སེམས་ཁོ་ནས་བརྟས

ཡར་ཐོན་ཆེར་མེད་པ་ནང་བཞིན
ཁྱེད་ཀྱིས རང་གི་མི་ཚེ་བགྲོད་ལམ་དེ་འཛོལ་མི་གྲང 
ཚེ་ཚེ་རབས་རབས་སུ
ཁྱོད་ཀྱིས་འཛུམ་པའི་འོད་ཞགས་ཁོ་ན་བྲན
 
ཇི་སྲིད་སྐལ་དུ
ཁྱེད་རང  ལང་ཚོའི་མེ་ཏོག་གི་ཚལ་ཏུ་འཚོ་ཞིང་གཞེས
ཁྱེད་ཀྱི་ཟུར་མིག་གི་འོད་མདངས་དེས
མིའི་ཡིད་སེམས་རབ་ཏུ་འཕྲོག་ཅིང
འཁྲེང་ཞེན་གྱི་མིག་ཟུང་ལྡེབ་ཙམ་གྱིས
ཐོ་རེངས་ཁར་བཏབ་པའི་རྟག་བརྟན་གྱི་རྒྱུ་སྐར་ཆ་གཅིག་བསླེས
 
དེ་ལྟར ངས་ཁྱེད་དང་གྱེས་ཁ་མར་ཁེན་ཏེ
གཏིང་སར་འཁུ་བའི་ན་ཟུག་དེར ང་ཧ་ཅང་སྐྲག
དེ་ལྟ་ཡང  རྒྱང་རིང་རྒྱང་རིང་དུ
ང་ཁྱེད་ཕྱོགས་སུ་ལྷེམ་མེར་ཀེར་ཏེ
ཁྱེད་ཀྱི་མིག་ཀོང་འཛུམ་པའི་འོད་དུ་ཅེར།
   གོང་གི་སྙན་ཚིག་འདི་སྤྱི་ལོ 2013 ཟླ 6 པའི་ཚེས 8 ཉིན་རྩོམ་པ་པོའི (ཐཱེ་ཝན་བུ་མོ་ཞིག) རེ་སློང་ལྟར་གྲོགས་གངས་སྒྲ་དང་ལྷན་རང་སྐད་དུ་ཕབ་པའོ།།
         ༼ན་བུན་གྱིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།