ངའི་དྲིན་ཆེན་ཕ་ལོ་སྟེ། ཞའེ་དགེ་རྒན།

  ཞའེ་རོང་ཧྥུའུ་ནི་ངའི་ཨ་ཕ་ཡིན་ལ་སྐད་ཡིག་དགེ་རྒན་ཡང་ཡིན།      ཕྲན་ཆུང་གིས་ཁོ་བོ་རྒྱུས་ལོན་བྱས་པ་སློབ་གྲོགས་གཞན་ལས་གཏིང་ཟབ་པ་མ་ཟད།     ཁོའི་གཏམ་རྒྱུད་མང་པོ་ཞིག་ཀྱང་ཤེས་ཚོད་ཡིན།    
          ཨ་ཕ་ངུས་སོང་།
      སློབས་སྐབས་སྔོན་མའི་མཚན་ལྗོངས་ཤིག་ལ་ཨ་ཕས་ཅིང་ཞི་ནས་བཏང་ཡོང་བའི་སྤོ་བོ་ལགས་ཀྱི་ཁ་པར་སྣེ་ལེན་བྱས་ཏེ་ཉན་གྱིན་ཉན་གྱིན་མིག་ཆུའི་མུ་ཏིག་གི་ཕྲེང་བ་ཞལ་ངོ་ནས་ཆད་དེ་ཐིགས་པ་རེ་རེ་བཞིན་ལྷུང་།    ཨ་མས་མཐོང་རྗེས་ཅུང་བྲེལ་འཚུབ་སྐྱེས་པའི་ཉམས་དང་བཅས་ལག་ནས་ཁ་པར་བླངས།   ཁ་པར་ལ་ཉན་རྗེས་ཨ་མས་ང་ལ་བཤད་རྒྱུར་ཟླ་གཅིག་གི་ཡར་སྔོན་དུ་ཨ་ཕྱི་ལ་ནད་ལྕི་མོ་ཞིག་ཕོག་སྟེ་མལ་སར་ལྷུང་།    སྤོ་བོས་གནས་ཚུལ་འདི་སྔ་མོ་ནས་ང་ཚོར་བཤད་འདོད་ཡོད་མོད།    འོན་ཀྱང་ཨ་ཕྱིས་ཨ་ཕའི་བྱ་བར་དལ་འགོར་བྱེད་ངེས་སྙམ་ནས་ བཤད་དུ་མ་བཅུག་པ་རེད་ཟེར།          ཨ་ཕར་མིག་ཆུ་བཞུར་ཞོར་ཨ་མས་ངའི་ཆེད་དུ་དཀའ་ཚེགས་གང་མང་མྱངས་སོང་།   ད་ལྟ་ནད་འདི་འདྲ་ལྕི་མོ་ཞིག་ཕོག་ཀྱང་ང་ལ་ཤེས་སུ་མི་འཇུག་ཞེས་དབུགས་རིང་ཞིག་འཐེན་ནས་བློ་ཐག་རྦད་ཆོད་ཀྱིས་ཁང་བ་བཙོངས་ཏེ་སྤོ་བོ་དང་ཨ་ཕྱི་གཉིས་ཁྱིམ་ལ་བསུ་རྒྱུའི་དམ་བཅས།  
         ཨ་ཕས་དགོངས་དག་ཞུས་སོང་།
       སློབ་སྐབས་སྔོན་མའི་མཇུག་ཏུའང་ང་ཚོའི་འཛིན་གྲྭའི་པྲ་ཆལ་པོ་ལིས་ཅན་ཀོང་གིས་མུ་མཐུད་དུ་སློབ་སྦྱོང་ལ་བརྩོན་པ་མི་བསྐྱེད་ཅིང་།       ཁོས་ད་དུང་སློབ་ཁྲིད་ཀྱི་སྐབས་ཤིག་ལ་བརྩེ་འཁོར་བསྐོར་ནས་བསྡད་ཡོད་པས་ཨ་ཕས་ཁོའི་བརྩེ་འཁོར་གཞུང་བཞེས་བྱས་ཏེ་ངས་ཁྱོད་ཀྱི་ཚབ་བྱས་ནས་བདག་བྱེད།    སློབ་སྐབས་མཇུག་རྫོགས་རྗེས་ད་གཟོད་ཁྱོད་ལ་སྟེར་ཟེར།     
      ཨ་ཕས་བརྩེ་འཁོར་དེ་གཞུང་ལས་ཁང་གི་ཅོག་ཙེའི་འཐེན་སྒམ་དུ་བཞག        ཉིན་ཞིག་ངས་དེ་མཐོང་བས་སློབ་ཁང་ལ་ཁྱེར་སོང་སྟེ་བརྩེ་བ་ཡིན།     སློབ་གྲོགས་ཤིག་གིས་ མཐོང་བ་ལ་མྱུར་མོར་ཡར་ཞུ་བྱས།     ཨ་ཕའི་ངོ་མདངས་ཅུང་ཙམ་འགྱུར་ཏེ་རྟབ་རྟབ་པོར་རྒྱུག་ཡོང་ནས་ཚིག་གཅིག་ཀྱང་མི་བཤད་པར་བརྩེ་འཁོར་ཕྱིར་ཁྱེར་སོང་།     སློབ་ཐུན་ཚོགས་སྐབས་ཨ་ཕས་སློབ་གྲོགས་ཚོ།    ངས་ཚང་མར་དགོངས་དག་ཞུ།     རང་གི་བྱིས་པར་སློབ་གསོ་བཏང་བ་མ་འདང་བའི་རྐྱེན་དང་སློབ་མའི་དངོས་པོར་བདག་བྱས་པ་མ་ལེགས་པའི་རྐྱེན་གྱིས་ཁོས་ཁྱེར་སོང་བ་རེད།     ངས་སློབ་གྲོགས་ལིས་ཅན་ཀོང་ལ་འོས་མེད་བྱས་སོང་ཞེས་བཤད་ཞོར་ཞི་འཇམ་གྱི་ངང་ནས་མགོ་བོ་དལ་བུས་ཐེངས་གཅིག་དུད་དེ་བསྡད།
ང་རང་གི་སྡོད་གནས་སུ་ཙོག་པོར་བསྡད་ཅིང་ངོ་གདོང་ཚ་ལམ་མེ་བ་ཞིག་བྱུང་སྟེ་ས་ལས་བུ་ག་ཞིག་ཕུགས་ནས་མར་འཛུལ་སོང་ན་སྙམ།   
         ཨ་ཕར་དགོད་ཁ་འཆོར་སོང་།
  ཉིན་ཞིག་ཨ་ཕས་ང་ཚོར་ང་རང་ངའི་རང་ཁྱིམ་ལ་དུངས་ཞེས་པའི་རྩོམ་ཡིག་གི་ལས་བྱ་ཞིག་བཀོད་སྒྲིག་བྱས།     ཉིན་གཉིས་པར་རྩོམ་ཡིག་དག་བཅོས་བྱེད་སྐབས་སློབ་གྲོགས་ཝུའུ་ཚུང་ཧྲན་གྱིས་ལས་བྱ་བྲིས་མེད་པ་ཤེས།    འོན་ཀྱང་རྩོམ་ཡིག་འབྲི་དེབ་བར་ལ་ཤོག་བྱང་ཞིག་བཞག་འདུག    
  དགེ་རྒན་ལགས།   བཀའ་དྲིན་ཆེ།     
  དེ་རིང་སློབ་བུས་དགེ་རྒན་ལགས་ཀྱི་ལས་བྱ་ཡོངས་སྒྲུབ་བྱེད་མ་ཐུབ།     དེའི་རྒྱུ་མཚན་ནི་ང་ལ་ཡུལ་མེད་པས་ཡིན་པ་མ་ཟད།   ངའི་ཚོར་བ་ཞིག་ལ་གནམ་རྒན་མར་ཇི་འདྲའི་ཕྱོགས་ཞེན་ཆེའང་།    ཅིའི་ཕྱིར་ཚང་མར་ཡུལ་ཡོད་ཀྱང་ང་གཅིག་པུར་ཡུལ་མེད་དགོས་པ་རེད་འདོད།      
           སློབ་བུ་ཝུའུ་ཚུང་ཧྲན་ནས།

  ཨ་ཕས་ཤོག་བྱང་ལ་བལྟས་རྗེས་འདང་རྒྱག་གི་མཚོ་ཆེན་བརྒལ་ཅིང་སེམས་ཁུར་ཞིག་ཀྱང་སྐྱེས།     སློབ་གྲོགས་ཝུའུ་ཚུང་ཧྲན་གྱི་ཨ་མ་ཕྱི་རྒྱལ་ལ་བུད་སོང་ཞིང་ཨ་ཕར་ཁྱིམ་གསར་ཞིག་ཡོད་པས།   ཁོ་སྲུ་མོ་ཚང་ན་བསྡད་ཡོད་ལ།    ཁོ་རང་ཕ་མ་ཉིས་འབྲལ་ཡིན་པའང་ཤེས།    
  ཨ་ཕས་སློབ་གྲོགས་ཧུའུ་ཚུང་ཧྲན་ལ་སྐྱོན་བརྗོད་བྱེད་རྒྱུ་ཕར་ཞོགས།   ཐ་ན་ཁོའི་སློབ་སྦྱོང་གི་ཕྱོགས་དང་འཚོ་བའི་ཐད།    གང་ཅིའི་ཆ་ནས་ཀྱང་སེམས་ཁུར་གྱི་བག་བསམ་དོར་མ་མྱོང་ལ།      ཨ་ཕས་ད་དུང་སློབ་གྲོགས་ཚོས་ཁོའི་སྐྱེས་སྐར་གྱི་ཉིན་མོར་རྟེན་འབྲེལ་ཞུ་རྒྱུ་དང་ལེགས་སྐྱེས་འབུལ་རྒྱུའི་སྐུལ་སློང་ཡང་བྱས།
  མ་འགྱངས་བར།    ཝུའུ་ཚུང་ཧྲན་གྱིས་ང་ནི་ངའི་རང་ཁྱིམ་ལ་དུངས་ཞེས་པའི་རྩོམ་ཡིག་ཅིག་བྲིས་ཏེ་སྤྲད།   ཁོའི་རྩོམ་ཡིག་ལས་འཛིན་གྲྭ་འདི་སྤྲོ་སྐྱིད་ཀྱིས་ལྟོས་པའི་འདང་དུ་བཟུང་སྟེ།     ཁོའི་བསམ་བློར་རང་ཉིད་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་ཡིན་ཚུལ་བྲིས་འདུག
    ཨ་ཕས་སློབ་གྲོགས་ཝུའུ་ཚུང་ཧྲན་གྱི་རྩོམ་ཡིག་བཀླགས་རྗེས་རང་དབང་མེད་པར་དགོད་ཁ་འཆོར།
ངའི་དྲིན་ཆེན་ཕ་ལོ།       ཞའེ་དགེ་རྒན་ལ་ད་དུང་གཏམ་རྒྱུད་མང་པོ་མང་པོ་ཞིག་ཡོད་པས་རྗེས་ཕྱོགས་གོ་སྐབས་འདྲ་ཡོད་ཚེ་ངས་ད་དུང་བཤད།     
       (གཡང་འབུམ་ཚེ་རིང་གིས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་དྲིན་ཆེན་ཕ་ལོ་སྟེ། ཞའེ་དགེ་རྒན།

2013-06-28 ཞའེ་ཀྲི་མའོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།